Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཝ་ཎར་ཉམས་ཞིབ་པ་རྣམས་ཀྱིས་མཆོད་འབུལ།

Posted on 2012-11-042012-11-04 By ཁ་བརྡ་ 7 Comments on ཝ་ཎར་ཉམས་ཞིབ་པ་རྣམས་ཀྱིས་མཆོད་འབུལ།

མཁོ་སྤྲོད་པ། ཨ་རིག་འགྱུར་མེད།

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ནས་ཟླ་འདིའི་ཚེས་ ༤ ཉིན་བར་ཏེ་ཉིན་བརྒྱད་རིང་ཝ་ཎ་མཐོ་སློབ་ཏུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག སྒྲིག་ཞུགས་མིན་པའི་ཉམས་ཞིབ་སློབ་མ་རྣམས་ལ་ “ཉམས་ཞིབ་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་” སྤྲད་ཡོད་ལ། དེ་རིང་ཉིན་མཐའ་མའི་ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༠ དང་སྐར་མ་ ༢༠ སྟེང་མདོ་སྨད་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་ཀླུ་གཤོང་སྡེ་བའི་རྒྱལ་གཅེས་དཔའ་བོ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་པ་ཐོས་འཕྲལ། ཟབ་སྦྱོང་གི་ཚོགས་ཐུན་གཉིས་པ་མགོ་འཛུགས་སྐབས་ཐོག་མར་རྒྱལ་གཅེས་དཔའ་བོ་ཁོང་ལ་དུས་ཡུན་སྐར་མ་གཅིག་རིང་མྱ་ངན་ངག་བཅད་ཞུས། དེ་རྗེས་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་ཐེངས་འདིའི་ཉིན་བརྒྱད་རིང་གི་ཟབ་སྦྱོང་མཇུག་གྲུབ་རྗེས། ཉམས་ཞིབ་པ་རྣམས་ཝ་ཎ་མཆོད་རྟེན་འགྲམ་དུ་ཕྱིན་ཏེ་མཆོད་མེ་བརྒྱ་མཆོད་གཉིས་ཕུལ་ཏེ་བསྔོ་སྨོན་སྐྱབས་འཇུག་དང་མ་ཎི་གསོག་འདོན་བྱས་པ་མ་ཟད། འཁོར་ལྔ་སྡེའི་མདུན་དུ་བརྒྱ་མཆོད་གཉིས། བོད་དགོན་པར་བརྒྱ་མཆོད་གཅིག་དང་མཆོད་འབུལ་སྨོན་ལམ་ཆེད་ཧིན་སྒོར་ ༡༠༠༠ ཕུལ་བ་བཅས། རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་དང་པོ་བསྐོར་བའི་གནས་ཁྱད་པར་ཅན་འདིར་བསྔོ་སྨོན་གནང་ཡོད་འདུག

གསར་འགྱུར།

Post navigation

Previous Post: དེ་རིང་རེབ་གོང་ནས་རང་ལུས་མེར་སྲེག་བཏང་སྐོར་གྱི་གནས་ཚུལ།
Next Post: འདི་ལྟར་་་་་བསམ་གྱི་འདུག

Comments (7) on “ཝ་ཎར་ཉམས་ཞིབ་པ་རྣམས་ཀྱིས་མཆོད་འབུལ།”

  1. very good says:
    2012-11-04 at 11:36 am

    ཧ་ཅང་གི་ཡག་པོ་འདུག མུ་མཐུད་དེ་ཤུགས་རྒྱོབས། ཁྲལ་མངོན་སླ་བཅོས་མ་བྱེད། ཁྱེད་རྣམས་ཀྱི་ཉམས་ཞིབ་
    འགྲོ་སོང་ཚང་མ་སྐུ་སྒེར་ཡིག་ཚང་ནས་བཏང་བ་ཞིག་རེད། དེར་བརྟེན་ངེས་པར་དུ་གཟབ་གཟབ་གནང་དགིས།

  2. རྒྱ་གར་རྨ་བྱ། says:
    2012-11-04 at 12:53 pm

    ང་ཚོའི་འབུམ་རམས་པའང་དེར་ཕེབས་ནས་ལམ་སྟོན་རྒྱུས་སྟོན་གནང་ཡོད་འདུག་པས་དབྱིན་ཇིའི་ཉམས་ཞིབ་གནང་སྟངས་དེ་ཚོར་ལྟོས་དང་ལེགས་ཆ་མང་པོ་རེད།

    བཀྲིས་བདེ་ལེགས་སོ།།

  3. བརྩོན་རྒྱམ། says:
    2012-11-04 at 8:34 pm

    ཧ་ཅང་གི་ཡག་པོ་འདུག  བཀྲིན་ཆེ།

  4. བདེན་པའི་རྒྱྱབ་ལང་། says:
    2012-11-05 at 12:01 am

    རྣམ་པ་ཚོར་ལེགས་སོ་ཞུ་རྒྱུ་རང་ཡིན། འོན་ཀྱང་ཁྱེད་རྣམ་པ་ཚོའི་ལས་འགུལ་དེ་ལས་གལ་ཆེ་བ་ནི་ཞིབ་འཇུག་གི་སྙན་ཐོ་དེ་འདྲ་འདོན་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཏུ་སེམས་སོ།

  5. བདེན་པའི་རྒྱབ་ལངས། says:
    2012-11-05 at 12:22 am

    གང་ལྟར་བྱེས་འཁོད་བོད་མི་ཡོངས་ཀྱིས་གཟབ་གཟབ་གནང་དགོས་ཀྱི་འདུག་མ་གཏོགས་ད་ལྟའི་བོད་ནང་གི་གནས་སྟངས་ལ་གཟིགས་ཞིབ་མཐིལ་ཕྱིན་པ་ཞིག་མ་གནང་བ་ཡིན་ན་འགྲིག་ཐབས་གཏན་ནས་མི་འདུག གང་ཡིན་ཟེར་ན་ཕར་ཕྱོགས་ནས་རང་སྲོག་འབེན་ལ་བཙུགས་ཏེ་ང་ཚོའི་བསམ་ཡུལ་ལས་འདས་པའི་ལས་འགུལ་སྤེལ་བ་དང་། འདི་ཕྱོགས་ནས་ལམ་སེང་མར་མེ་ཁྲོམ་སྐོར་ཞིག་དང་གཏམ་བཤད་ངར་མ་ཞིག་སྤེལ་ནས་མཇུག་རྫོགས་པ་འདྲ་པོ་མཐོང་གི་མི་འདུག་གམ། ངོས་ཀྱི་བསམ་ཚུལ་བྱས་ན་ལས་འགུལ་དེ་ཚོའི་ཐད་དངོས་ཡོད་གནས་ཚུལ་རྣམས་ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱས་པ་བརྒྱུད་རྒྱལ་སྤྱི་ཙམ་མིན་པར་རྒྱ་དམར་སྲིད་གཞུང་རང་ལ་སྐད་ཆ་ཤོད་རྒྱུའི་ལས་གཞི་དེ་སྤྱི་སྒེར་ཚང་མས་གྲ་སྒྲིག་ཨང་གསར་བྱེད་དགོས་ཀྱི་འདུག་གོ།

  6. འབུམ་ཤུལ། says:
    2012-11-05 at 8:15 am

    ཞབས་འདྲེན་ཟེར་བ་དེ་རེད། བོད་ཀྱི་ཛ་དྲག་གི་གནས་སྟངས་ལ་ཞིབ་འཇུག་དང་། དེ་འབྲེལ་ཞིབ་འཇུག་རང་བཞིན་ལྡན་པའི་རྩོམ་ཡིག་སྤེལ་དགོས་ཤིང་། དེ་དང་ལྷན་དུ་ཧ་གོ་དགོས་ཡག་ཅིག་ཡོད་པ་ནི། བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་སུ་གང་གིས་ཁོང་རྣམས་གྲོངས་རྗེས་མཆོད་འབུལ་ལ་རེ་བ་བྱས་མེད་པ་ཤེས་དགོས།

  7. ལར་རྒྱའི་བདག་པོ། says:
    2012-11-06 at 7:04 am

    བོད་ནང་གི་རྒྱལ་དཔའ་བོ་ཚོས་རང་མེར་སྲེག་བཏང་བའི་གནས་ཚུལ་ཚབས་ཆེན་དེ་འདྲ་ཐོན་ཡང་རྒྱལ་སྤྱིའི་ནང་དགོས་ངེས་ཀྱི་དྲིལ་བསྒྲགས་དང་ནུས་པ་མ་ཐོན་པའི་རྐྱེན་རྩ་གང་ལ་ཐུག་མིན་ཞིབ་འཇུག་གནང་ནས་དེའི་གྲུབ་དོན་སྙན་ཐོ་འདོན་རྒྱུ་ཁ་ཚ་དགོས་གཏུགས་ཡིན་པས།ཁྱེད་ཚོ་ཞིབ་འཇུག་པ་ཡིན་པའི་ཆ་ནས་སྨོན་ལམ་འདོན་པ་ལས་སྐབས་བབ་གནད་དོན་འདི་དྲིལ་བྱེད་ཕྱོགས་ཀྱི་རྩོམ་ཡིག་རེ་བྲིས་ན་དེ་དགེ་ཆེ་བ་མཐོང་སོང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme