Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་དུས་ནི།

Posted on 2012-11-032012-11-03 By ཁ་བརྡ་ 1 Comment on དེ་དུས་ནི།

མྱི་ལྟིག

དེ་དུས་ནི་གདོད་མ་ཞིག་གཏན་ནས་མིན་ཏེ་ང་བྱིས་དུས་རེད། དེ་དུས་ནི་དབྱར་ས་དགུན་ས་ཟེར་བའི་ས་རྟགས་ཤིག་ཡོད་རབས་མི་འདུག་ལ། ཁྱོད་ས་ངའི་ས་ཟེར་བའི་ལྕགས་ར་ཞིག་ཀྱང་ཡེ་ནས་ཡོད་རབས་མེད། དེ་དུས་ནི་རྫི་བོ་ཚོ་ལྷན་དུ་འཛོམས་ཏེ་དམངས་གླུ་ཡིས་རྟ་ནོར་ལུག་གསུམ་གྱི་ཁ་ཕྱོགས་བསྒྱུར་ཞིང་། ལ་གཞས་ཀྱིས་མི་ཚེའི་གཏན་འདུན་གྱི་ཁ་ཕྱོགས་རྙེད་རབས་ཡོད། དེ་དུས་ནི་དེ་རིང་གི་སྐྱ་ཆད་ལེར་འདི་འདྲ་ཞིག་གཏན་ནས་མིན་ཏེ་རྒྱུ་མཚན་ཡོད་ཚད་ནེམ་འཁྱིལ་ལེར་ཡོད།

དེ་དུས་ནི་ཁ་སང་དེ་རིང་གི་ཕྱི་གླིང་བ་ཚོས་འཚོལ་གྱིན་པའི་མཛེས་སྡུག་དེ་ངའི་ཕ་ཡུལ་དུ་ནེམ་གྱི་ལེར་ཡོད་ལ། དེ་དུས་ནི་ངའི་སྤོ་བོ་དང་རྨོ་མོ་ཚོས་ཚ་བོ་དང་ཚ་མོ་ཚོའི་ལག་ཏུ་ལྟ་ན་སྡུག་པའི་ཡུལ་ལྗོངས་འདི་ལྗང་ལྷེམ་ལྷེམ་བཞག་པའི་ཡིད་ཆེས་ཀྱང་ཡོད་ག་ལ་མ་མྱོང་། དེ་དུས་ནི་སྦྲ་ནག་དང་སྦྲ་གུར་གྱི་མཁའ་དབུགས་ཀྱིས་ངའི་ཕུ་ནུ་ཚོའི་ལུས་སེམས་གཉིས་ལ་ནག་ནོག་གི་དྲི་མ་ཅི་ཡང་བགོས་མ་མྱོང་། དེ་དུས་ནི་ངའི་ཕུ་ནུ་མིང་སྲིོང་ཚོས་རི་ཀླུང་གི་འཚོ་བར་རོལ་ཞོར་རི་ཆུ་ཡི་གཏམ་རྒྱུད་འགོད་ཞོར་དངོས་གནས་ཞོད་འཇགས་ཡིན།

དེ་དུས་ནི་རུ་ཁ་ཁྱིམ་མཚེས་ཚོ་མགྲོན་དུ་སྐྱ་མི་དང་རྐང་ཐང་ཡིན་ཏེ་བདེ་འཇགས་ཀྱིས་བརྡབ་སྐྱོན་ངོ་མི་ཤེས་ཟེར་ཆོག དེ་དུས་ནི་ཁོ་ཚོས་རྩྭ་སའི་བཟང་ངན་དང་ཕྱུགས་ཟོག་གི་ཤ་ཤེད་མ་གཏོགས་མི་གླེང་ལ། ཁོ་ཚོས་ཞི་བདེ་བག་ཕེབས་ཀྱི་འཚོ་བ་ལས་ཅི་ཡང་ཧམ་སེམས་ཀྱིས་སྒོམ་མ་མྱོང་། དེ་དུས་ནི་ངའི་ཕ་ཡུལ་གྱི་ས་བཅུད་ཤོར་མེད་ལ་ཤྭ་འོད་དང་རང་བྱུང་གི་གནོད་འཚེ་ཡང་དེ་རིང་དང་བསྡུར་ཐབས་ག་ལ་ཡོད། དེ་དུས་ནི་ཁ་སང་དེ་རིང་གི་ངེད་ཚང་གི་རྒྱབ་རི་མགོ་རྗེན་དེའང་ནགས་ཚལ་སྟུག་པོ་སྟུག་པོ་ཞིག་ཡིན་པ་ངས་མནའ་བསྐྱལ་ཆོག

སྣ་ཚོགས།

Post navigation

Previous Post: བཙོན་ཁང་ནང་གི་ཡ་ང་བའི་མནར་གཅོད།
Next Post: མ་ཎི་འཁོར་ལོ།

Comment (1) on “དེ་དུས་ནི།”

  1. གངས་དཀར་རྒྱལ་སྲས། says:
    2012-11-04 at 1:26 am

    ཕྱིར་དྲན་གྱི་ཀློང་ནས་རྙེད་པའི་སྐྱོ་སེམས་དང་འཁང་ར། སྔོན་རབས་པ་ཚོའི་སྐབས་ཀྱི་ཞི་བདེ་བག་ཕེབས་ཀྱི་འཚོ་བ་ལ་ཡིད་སྨོན་སྐྱེས་ཤིང་ད་ལྟའི་འཐེན་འཁྱེར་ཕྱོགས་ལྷུང་དང་ཐུབ་ཚོད་ཚད་མེད་སོགས་ཀྱི་གནས་བབ་ལ་ཁོ་ཆད་ཀྱིས་ས་མཐར་ལྷུང་བའི་ཁྱོད་ཀྱི་ཕྱིར་དྲན་དེ་ནམ་ཡང་ཕྱིར་ལྡོག་མེད། འདི་ནི་དུས་ཚོད་ཀྱིས་སྤྲད་པའི་ཕམ་ཁ་མིན་པར་གནས་བབ་ཀྱིས་སྤྲད་པའི་ཕམ་ཁ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme