Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེ་སྐྱིད་འཚོལ་བ། ༼ཁག་དང་པོ༽

Posted on 2012-11-03 By ཁ་བརྡ་ 9 Comments on བདེ་སྐྱིད་འཚོལ་བ། ༼ཁག་དང་པོ༽

གངས་དཀར་རྒྱལ་སྲས།

མི་སུ་ཞིག་གིས་སྤྱི་ཚོགས་གང་ཞིག་གི་ནང་དུ་བསྟུན་ཐབས་ལ་འབད་ནས་ཉོག་དྲ་ཆེ་མ་ཆུང་གསུམ་སྔོན་འགོག་དང་ཆང་འཐུང་བ་དང་རྐུ་བྱེད་པ་དབྱེན་དཀྲུག་པ་སོགས་མ་རབས་ཐ་ཤལ་གྱི་ཕྱོགས་ཚང་མ་འགོག་ཐུབ་པ་དང་ན་ཚ་དང་སོགས་ཀྱང་འགོག་ཐུབ་ན་མི་དེས་དེ་དག་ཚང་མ་འགོག་མི་སྲིད་པ་མ་རེད། མི་མང་བོ་ཞིག་གིས་ཀྱང་དེ་ལ་རྒྱབ་སྐྱོར་དང་གོང་བཀུར་བྱེད་སྲིད། ཡིན་ནའང་། དེ་ནི་འགོག་རྒྱུ་ཞིག་གཏན་ནས་མིན་པ་འདྲ། དེ་དག་ནི་མིའི་ཚོགས་ཤིག་གི་འཚོ་གནས་ཀྱི་བདེ་སྐྱིད་ངོ་སྤྲོད་བྱེད་ཀྱི་རྨང་ལྟ་བུ་རེད། དཔེར་ན། མི་དེས་ན་ཚ་མེད་པ་བཟོས་པ་ཡིན་ན། ཁྱོད་ཀྱིས་མགོ་ན་ཞེས་པ་དེ་ག་འདྲ་ཞིག་ཡིན་པ་དང་དེའི་ཚོར་བ་ག་འདྲ་ཞིག་ཡིན་པ་ནམ་ཡང་ཤེས་མི་སྲིད་པས་ཁྱོད་ཀྱི་མགོ་ན་གི་མེད་པ་དེ་བདེ་སྐྱིད་ཅིག་ཡིན་པ་གཏན་ནས་མི་ཤེས། དེ་བཞིན་དུ། མི་དེས་རྐུ་འཕྲོག་སོགས་མེད་པ་བཟོས་པ་ཡིན་ན། ཁྱོད་ཀྱིས་རང་ལ་བདོག་པའི་ཅ་ལག་རིགས་ནི་ནམ་ཡང་རང་ལ་དབང་བར་ངོས་འཛིན་པ་ལས་དེ་སུ་ཞིག་གིས་རྐུ་འཕྲོག་བྱེད་པར་འདོད་མི་ཤེས་པས་དེ་སུ་གང་གིས་རྐུ་འཕྲོག་མི་བྱེད་པ་ནི་བདེ་སྐྱིད་ཅིག་ཡིན་པ་ནམ་ཡང་མི་ཤེས། དེའི་རྐྱེན་གྱིས་ཐ་ཤལ་སྤྱོད་པ་དག་དེ་དག་ཀྱང་བདེ་སྐྱིད་ཀྱི་རྨང་ལ་ངོས་འཛིན་འོས་བར་རིགས། བསྟུན་ཐབས་ནི་ཡ་རབས་སྤྱོང་བཟང་དང་ཞི་བདེའི་རྨང་ལྟ་བུ་ཡིན་མོད། དེ་ནི་རང་ཉིད་ལ་གྱོང་རག་བྱེད་དང་ཚོར་བའི་རོ་བྲོ་གཅིག་ལས་མྱང་རྒྱུ་མེད་པ་ཞིག་རེད། གལ་ཏེ་ཁྱོད་ཀྱིས་དོན་དག་གང་ལ་འཕྲད་ཀྱང་བསྟུན་ཐབས་ལ་མ་བསྟེན་ན་དོན་དག་རེ་རེའི་སྒང་ན་ཚོར་བ་མི་འདྲ་བ་རེ་རེ་ཡོད་སྲིད། མི་ཚེ་ནི་ཚོར་བས་སྐྱེལ་དགོས་པ་ཞིག་ཡིན་པས་ཁྱེད་ཀྱིས་ཅིས་ཀྱང་ཚོར་བ་དེ་དག་མྱང་ན་འགྲིག་ལ་མྱང་ཡང་དགོས་པ་འདྲ། དེ་དག་ལས་ཚོར་བ་བདེ་སྡུག་གཉིས་ཀ་མྱང་སྲིད་པས་ཚོར་བ་སྡུག་བསྔལ་དེ་དག་མྱང་རྒྱུ་ཡོད་པ་ལ་བསྟེན་ནས་ཚོར་བ་བདེ་བ་དེ་བདེ་སྐྱིད་ཅིག་ཡིན་པ་ཁྱོད་ཀྱིས་རང་ངོ་འཕྲོད་པ་ལས་ཚོར་བ་སྡུག་བསྔལ་མེད་ན་ཁྱོད་ཀྱིས་ཚོར་བ་བདེ་བ་དེ་བདེ་སྐྱིད་ཅིག་ཡིན་པ་ནམ་ཡང་མི་ཤེས། ང་ཚོ་བདེ་སྐྱིད་ཀྱི་ཆེད་དུ་འཚོ་བ་ཡིན་པས་བདེ་སྐྱིད་ངོས་འཛིན་ཐབས་ཕྱོགས་ཡོངས་ལ་ལྟ་དགོས་པ་འདྲ།བདེ་སྐྱིད་མ་ཤེས་ན་བདེ་སྐྱིད་མེད་པ་དང་གཅིག་མཚུངས་མིན་ནམ།

རྩོམ་རིག

Post navigation

Previous Post: རྒན་ o ལགས་དང་ཡང་བསྐྱར་མཇལ་བ།
Next Post: བཙོན་ཁང་ནང་གི་ཡ་ང་བའི་མནར་གཅོད།

Comments (9) on “བདེ་སྐྱིད་འཚོལ་བ། ༼ཁག་དང་པོ༽”

  1. རེབ་སྐྱིད་མཚོ says:
    2012-11-03 at 3:56 am

    ལོས་བདེན་རྒྱལ་གསས་ལགས་ན་ཚ་དང་རྐུན་འཕྲོག་སོགས་འགོག་ཐབས་ཡོད་ཀྱང་དེ་ལ་ཐབས་
    མེད་པ་ཞིག་ཡོད་དེ་དཔེར་ན་རང་ཉིད་ཀྱི་ཟག་ཕུང་ཤ་གཟུགས་གྲུ་བཞི་དེ་ཕྱི་ཤ་སྐེམ་པོ་དང་རད་
    པོ་ནང་ཕོ་བའི་མེ་དྲོད་ཉམས་པའམ་ཟུངས་ཁྲག་འཁོར་རྒྱུགས་མི་ཐུབ་པའི་ལུས་གོག་ཅིག་ཡིན་
    ན་ཟས་ཞུ་མི་ནུས་པ་དང་ཁྲག་དྭངས་གཙང་མེད་པ་ཞིག་ཡིན་ཙང་མི་དེ་ཉིད་ནད་མི་འབྱུང་བའི་
    སྔོན་འགོག་བྱ་ཐབས་མེད་དེ་ཁ་ལག་ཅིག་ཟོས་པ་ཙམ་གྱིས་ཕོ་ཁར་ན་ཟུག་ལངས་ཏེ་བྲང་ཚ་སྐྱུར་
    སྡུག་ཁིས་ངེས་ལ་ཡང་ཁྲག་མི་གཙང་བ་ནི་སྣུམ་ཟས་ཟ་བ་དང་ཡར་འཕག་མར་སྡད་ཙམ་གྱིས་མགོ་
    འཁོར་ཏེ་རིལ་བ་སོགས་ཡོང་རྒྱུ་ལས་དེ་ཡོང་བའི་འགོག་ཐབས་ཞིག་རྩ་བ་ནས་མེད་ཡང་ནོར་འཁྲུལ་
    འདྲ་འདུག་ན་བཀའ་བཀྱོན་གནང་ཡང་དང་ལེན་ཞུ།།།

  2. ཆབ་བྲག་ཕོ་ཉ says:
    2012-11-03 at 6:25 am

    ལ་ཆེན་ལ་ཆུང་མ་བརྒྱུད་ན་བདེ་མོའི་ཐང་ལ་ཇི་ལྟར་སླེབས།
    སྐྱུར་མོ་ཁ་མོ་མ་ཟོས་ན་ཀ་རའི་བྲོ་བ་ཇི་ལྟར་ཤེས།
    གནས་ལུགས་དེ་ཉིད་སྔར་ནས་ཡོད་དེ་རིང་རྟོགས་པ་མ་སྔ་ཟིག

    ཐ་ཤལ་སྤྱོད་པ་བཀག་ན་ཡང་ད་དུང་ཡ་རབས་ཉུང་ཉུང་རེད།
    མ་བཀག་རང་སོར་ལྷོད་བཏང་ན་ཡ་རབས་གནས་ས་གང་ན་ཡོད།
    མ་རབས་འགོག་ཅིང་ཡ་རབས་སྤེལ་དགོས་པ།
    འགྲོ་བ་མི་ཡི་དམ་བཅའ་དང་པོ་ཡིན།

  3. ཨདམར་པོ says:
    2012-11-03 at 10:12 am

    གངས་སྲས་ལགས། དེ་རིང་སྣང་བ་དང་མུན་པའི་ཆོས་ཉིད་ཀྱི་འབྲེལ་བ་ལ་གོ་རྟོགས་རྙེད་འདུག བསམ་བློའི་རྒྱབ་ལྗོངས་འདི་འདྲ་ཞིག་གིས་ “རླབས་རྒྱུན་དང་བྲག་རྡོ”ཞེས་པའི་སྙན་ངག་དེ་བཀླག་ན་ལ་བྲོ་བ་འབྱིན་ཐུབ། ཡིད་ཆེས་སམ???????

  4. གངས་དཀར་རྒྱལ་སྲས། says:
    2012-11-03 at 10:25 pm

    ཨ་དམར་ལགས། ཉ་ནག་བ་རེས་ཀྱིས། རླབས་རྒྱུན་དང་བྲག་རྡོ་ཞེས་པའི་སྙན་ངག་དེ་འབྲི་སྐབས་དངོས་ཡོད་སྤྱི་་ཚོགས་ཀྱི་སྣང་བརྙན་ཞིག་བཟུང་ནས་བྲིས་པ་སྟེ། སྲ་ཞིང་མཁྲེགས་པའི་བྲག་རྡོ་ཞིག་ལ་འཇམ་ཞིང་གཤེར་བའི་རླབས་ཀྱིས་བྲན་པའི་ངང་ཚུལ་དེ་རང་ལྟ་མཁྲེགས་མཁན་གྱི་གཤིས་གྱོང་ཞིག་དང་ཨུ་ཚུགས་མཐར་སྐྱེལ་བྱེད་མཁན་གྱི་མི་གཉིས་ཐུག་པའི་གྲུབ་དོན་ལ་སྦྱར་ཆོག་པ་ཞིག་ཡིན་ན། རང་གི་ལངས་ཕྱོགས་བསྟན་པོ་དག་ལ་ནམ་ཞིག་རྒྱལ་ཁ་ཐོབ་པའི་ལམ་སྟོན་བྱས་ཡོད་པ་རེད། དེ་དང་ངའི་བསམ་ཚུལ་འདི་གཉིས་ལ་འབྲེལ་བ་ཞིག་ཡོད་པ་ངས་མི་ཤེས་གི དེའི་རྐྱེན་གྱིས་ང་ཡིད་ཆེས་དཀའ་གི

  5. གངས་དཀར་རྒྱལ་སྲས། says:
    2012-11-03 at 10:34 pm

    རེབ་སྐྱིད་མཚོ་ལགས། སྨན་གཞུང་ལྟར་ན། སྔོན་བསགས་ལས་ནད་མ་གཏོགས་པའི། བཅོས་པ་མེད་པ་གཅིག་ཀྱང་མེད། ཅེས་ལས་ནད་མ་གཏོགས་ནད་ཚང་མ་བཅོས་ཐུབ་པ་སྟེ། ས་སྟེང་དངོས་པོ་གང་མཆིས་པ། སྦྱོར་བ་འགྲིག་ན་སྨན་མཆོག་ཉིད། ཅེས་སྦྱོར་བ་ཤེས་མ་ཤེས་ཀྱི་ཁྱད་པར་ལས་སྨན་གྱི་གྲས་ལ་མི་འགྲོ་བ་ཞིག་མེད་པ་བསྟན་འདུག་པས་དེའང་ཅིག་ཡིན་རྒྱུ་རེད་བསམ་གི།

  6. འདྲེ་རྐང་ཐོ། says:
    2012-11-03 at 11:02 pm

    བདེ་སྐྱིད་ཀྱི་གཞི་ངོ་མ་སེམས་པ་ལ་ཐུག་ཡོད་པ་འདྲ།

  7. གངས་དཀར་རྒྱལ་སྲས། says:
    2012-11-04 at 12:41 am

    འདྲེ་རྐང་ཐོས་བཤད་པ་བདེན་གི།། གཙོ་བོ་སེམས་པ། གཉིས་པ་མཐུན་རྐྱེན། གསུམ་པ་ཁོར་ཡུག བཞི་བ། གནས་བབ། དེ་འདྲ་ཞིག་ཡིན་རྒྱུ་རེད།

  8. མེ་ཏོག་ལྷ་མཛེས། says:
    2012-11-04 at 1:38 am

    ཆབ་བྲག་ལྷ་མོ་་དང་གངས་དཀར་རྒྱལ་སྲས་ཡབ་སྲས་གཉིས་ཀྱི་ཞབས་ཀྱི་པད་མོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།

  9. ཨ་དམར་པོ། says:
    2012-11-04 at 12:58 pm

    ཡ། གངས་ཀྱི་སྲས་མཆོག ངེད་གཉིས་ཁ་བརྡ་བྱེད་པ་ལ་བར་ཆད་ཆེ་གི་ཡ། ཤོག་ངོས་ཕྱེད་ཀ་ལས་ལྷག་པའི་བསམ་ཚུལ་བྲིས་ཡོད་ཀྱང་། སྐྱག་མཛུབ་འགྱེལ་ཐེངས་གཅིག་གིས་ཁོང་ཁྲོ་གཏིང་ནས་བསླངས་སོང་། ད་ཅི་བྱ།
    ་་་་་་ ཡང་བསྐྱར་ངའི་མཆན་བུ་དེ་ཞིབ་ཀློག་བྱེད་རོགས། མཆན་བུའི་དེའི་གཙོ་ཚིག་ནི་ ་”གོ་རྟོགས ” དང”རྒྱབ་ལྗོངས”། “བྲོ་བ་འབྱིན་ཐུབ”འདི་དག་ཡིན་པ་འདྲ། སྙན་ངག་དེ་དང་ཁྱོད་ཀྱི་རྩོམ་འདི་གཉིས་ལ་འབྲེལ་བ་ཡོད་མེད་ལ་ཡིད་ཆེས་དང་མི་ཆེས་བཤད་མེད། གོ་རྟོགས་དེ་རྒྱབ་ལྗོངས་བྱས་ནས་སྙན་ངག་དེ་ཀློག་ན་བྲོ་བ་འབྱིན་ཐུབ་པར་ཡིད་ཆེས་སམ་བརྗོད་པ་ཡིན། གཞན་འབྲེལ་བ་ཡོད་མེད་ངའི་སྐད་མ་རེད་།
    མཆན་ལན་དུ་ བདེན་གི་ཟེར་བ་དེ་མི་བདེན་གི སེམས་ཙམ་པའི་ལྟ་བར་ཞེན་ཁོག་བྱས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme