Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་ནི་བློ་སྟོབས་དང་སྙིང་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་པ་ཧ་གོ་དགོས།

Posted on 2012-11-012012-11-01 By ཁ་བརྡ་ 5 Comments on བོད་པ་ནི་བློ་སྟོབས་དང་སྙིང་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་པ་ཧ་གོ་དགོས།

དགའ་ལྷོ་གངས་སྣོན་པ།

མེས་པོའི་བཀའ་དྲིན་རྟག་ཏུ་སྙིང་ནས་དྲན།།
ཡབ་མེས་རྣམས་ལ་གུས་ཤིང་ཕྱག་འཚལ་ལོ།།
ཁྱེད་ཅག་རྣམ་ཤེས་གང་དུ་ཡོད་གྱུར་ཡང་།།
གུས་འབངས་རྣམས་ལ་ལན་གཅིག་གཟིགས་པར་འཚལ།།
འཛམ་གླིང་འདི་ན་མི་རིགས་སྣ་ཚོགས་འདུག །
རང་དབང་བདེ་སྐྱིད་དགོས་མཁན་གཅིག་མཚུངས་ཡིན།།
སྙིང་སྟོབས་ཅན་གྱི་གདོང་དམར་གངས་ཅན་པ།།
ཆིག་སྒྲིལ་ལམ་དུ་བསྐྱོད་ཅིག་རྒྱལ་ཁ་ལེན།།
ཆོལ་གསུམ་སྤུན་ཟླ་ལོངས་ཤོག་གར་སྟེགས་སྟེང་།།
གདོང་དམར་བོད་པ་ཡིན་ན་སྐད་སྒྲོག་ཅིག །
རང་དབང་བདེ་སྐྱིད་ཆེད་དུ་བསྐྱོད་པ་ནི།།
ཐ་ཤལ་གངས་སྣོན་ང་ཡི་ཕུགས་བསམ་ཡིན།།

རང་དབང་དང་བདེ་སྐྱིད་ཀྱི་ཕྱོགས་སུ་གོམ་པ་སྤོ་དགོས་ན་སྔོན་བྱོན་མེས་པོ་རྣམས་ལ་ཁ་ཕྱོགས་ནས་རྒྱང་བལྟ་ངེས་པར་དུ་བྱེད་དགོས། ཚན་རིག་དང་འཕྲུལ་ཆས་དར་བའི་དུས་རབས་དང་མ་དར་བའི་དུས་ཚོད་གཉིས་ལ་ཁྱད་པར་ཡོད་པའི་རྒྱུ་མཚན་དུ་བྱས་ཏེ་མེས་པོ་རྣམས་ལ་སྡིགས་མོ་བྱེད་པ་ནི་ཆེས་ཐ་ཤལ་དང་སོ་སོའི་མིག་ལ་ཐལ་བ་བཤོས་པ་དང་མཚུངས། ང་ཚོའི་མེས་པོ་རྣམས་ནས་དཀའ་བ་བརྒྱ་ཕྲག་དུ་མ་སྤྱད་པའི་འབྲས་བུར་༼ བོད་ ༽ཟེར་བ་འདི་ད་དུང་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གྲས་སུ་སླེབས་བཞིན་ཡོད། ང་ཚོར་ས་ཆའི་བདག་དབང་མེད་ན་ཡང་བོད་མི་རིགས་ཟེར་དུས་རྒྱ་གུང་བྲན་ཡང་ཉིན་མཚན་དུས་དྲུག་ཏུ་སྐྲགས་ནས་སྡོད་དགོས་པ་ལས་བག་ཕེབས་ལྷིང་འཇགས་ངང་ནམ་ཡང་བསྡད་མྱོང་མེད། ཕྱི་ཚུལ་ལ་རྒྱ་མིས་མེ་མདའ་བོད་པའི་སྙིང་གར་སྟོན་ཁུལ་བྱེད་ཀྱང་བོད་པས་མེ་མདའི་ལྡེའུ་ཡོངས་རྫོགས་བྲང་ཁོག་ཏུ་གཟེད་ཐུབ་པའི་སྙིང་སྟོབས་ཡོད། ཨི་ཛི་རལ་ལྟ་བུའི་རྒྱལ་ཁབ་ལ་ཆ་བཞག་ན་མི་འབོར་གྱི་ཆ་ནས་བོད་པ་དང་འདྲ་པོ་རེད། ཁོང་ཚོས་དྲག་ཤུགས་ལ་བརྟེན་ནས་འཐབ་རྩོད་བྱེད་ཡོང་དུས་འཛམ་གླིང་ཡོངས་ལ་གཡོ་འགུལ་ཐེབས་ཐུབ་ཀྱི་ཡོད། ཚགས་ཤོག་སྟེང་ཉིན་ལྟར་ཨི་ཛི་རལ་གྱི་གནས་ཚུལ་གོ་རྒྱུ་མེད་པ་ཧ་ཅང་མེད། བོད་པ་ལྟ་བུར་ཆ་བཞག་ན་ད་གཟོད་དྲག་ཤུགས་ལ་བརྟེན་ནས་འཐབ་རྩོད་བྱེད་ཀྱི་ཡོད་ན་ཨི་ཛི་རལ་ལས་ཀྱང་ལྡབ་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱལ་ཁ་མང་བ་ཐོབ་ངེས་ཡིན། བཙན་པོའི་དུས་རབས་སྐབས་དྲག་ཤུགས་ལ་བརྟེན་ནས་དམག་རྒྱབ་ཡོང་དུས་འཛམ་བུ་གླིང་གི་མི་རྣམས་བླ་རྩ་འདར་དགོས་པ་ཆགས་ཡོད། ང་ཚོ་བོད་པ་ད་ལྟ་དུས་རབས་ཉེར་གཅིག་ནང་འཚོ་བསྡད་མཁན་རྣམས་ནི་བཙན་པོའི་དུས་རབས་སྐབས་ཀྱི་ཁྲག་རྒྱུན་ལས་ཞུར་བ་ལས་གཞན་ཁྲག་རྒྱུན་གཞན་ཞིག་མེད། ང་ཚོར་བཙན་པོའི་དུས་རབས་སྐབས་དང་འདྲ་བར་དམག་ཤུགས་མེད་ནའང་ཁོང་ཚོའི་ཁྲག་རྒྱུན་ལས་ཡོང་བའི་བློ་སྟོབས་དང་སྙིང་སྟོབས། དཔའ་སྟོབས་སོགས་ནི་དུས་ད་ལྟའང་གནས་ཡོད་ལ་ཇི་སྲིད་ནམ་གནས་བར་དུ་གནས་རྒྱུ་ལས་དེ་ལ་སུས་ཀྱང་འགྱུར་བ་བཏང་ཐུབ་ཐབས་མེད། ད་ཆ་འཛམ་གླིང་གི་མི་རྣམས་ཞི་འགྲིག་གི་སྤྱི་ཚོགས་དང་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུར་འབད་བརྩོན་བྱེད་ཡོང་དུས་བོད་པ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ལས་སྙིང་རྗེར་དགའ་མཁན་ཡིན་དུས་ཞི་བདེའི་ལམ་ནས་བོད་ཀྱི་གནས་དོན་ཐག་གཅོད་བྱེད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། སྤྱིར་ནས་ང་ཚོར་རླབས་ཆེན་གྱི་དབུ་འཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་འདྲ་བའི་མི་སྣ་ཡོད་དུས་འཛམ་གླིང་གི་སྡིངས་ཆའི་སྟེང་སྤོབས་པ་གཟེངས་སུ་བཏོད་ནས་བསྡད་ཡོད། གལ་ཏེ་རྒྱ་ནག་གཞུང་ནས་༸གོང་ས་མཆོག་འཚོ་ཞིང་བཞེས་པའི་སྐབས་ཡ་ལན་གསལ་པོ་ཞིག་མ་སྤྲད་ཚེ་བོད་པས་ལང་ཕྱོགས་གསར་པ་ག་རེའི་སྒང་ལའང་འཐབ་རྩོད་བྱེད་ངེས་རེད། བོད་ཀྱི་གཏམ་དཔེར། ཉི་མ་རིང་དུ་རིང་དུ། །རྩམ་པ་ཞིབ་ཏུ་ཞིབ་ཏུ། ཟེར་བའི་དཔེ་ལྟར་སྐབས་དེ་དུས་ནང་མོལ་བྱེད་ཀྱི་ཡིན་ཞེས་ཚུར་ལ་བརྡ་བཏང་བའི་གནས་སྟངས་ཆགས་ན་ཕྱིས་དྲགས་ཚར་བ་རེད། དུས་ཚོད་དང་ཆུ་ཚོད་ཀྱི་ང་ཚོར་མི་སྒུག་པ་ནང་བཞིན་ང་ཚོས་ཀྱང་དུས་ཡུན་རིང་པོར་སྒུག་མི་ཐུབ་པ་ཡིན། རྒྱ་ནག་གཞུང་ལྐུགས་པ་དུད་འགྲོ་བསམ་མེད་ཡིན་ན་མ་གཏོགས་དུས་ལ་བབས་པ་ཧ་གོ་དགོས་པ་ཡིན། བོད་པས་འཚེ་མེད་ཞི་བའི་ལས་འགུལ་ཐོག་ད་ལྟ་རང་ལུས་མེར་སྲེག་བཏང་པ་འདིས་ག་རེ་མཚོན་ཐུབ་ཀྱི་ཡོད་རེད་ཅེས་ན། བོད་པར་བློ་སྟོབས་དང་སྙིང་སྟོབས། དཔའ་སྟོབས་ཡོད་པའི་མཚོན་རྟགས་ལྟ་བུ་རེད། འཚེ་མེད་ཞི་བའི་ལམ་ནས་སོ་སོའི་རྩ་ཆེའི་ལུས་པོ་ཡང་མེ་ལ་སྲེག་ནུས་དུས་འཚེ་བའི་ལས་ལ་འཇུག་ཡོང་དུས་བོད་པས་ག་རེ་བྱེད་གྲབས་ཡོད་མེད་རྒྱ་ནག་གཞུང་ནས་ཚོད་དཔག་ཐུབ་པ་དགོས། བོད་མི་རིགས་དང་རྒྱ་མི་རིགས་གཉིས་དབར་ཧེ་བག་ཆེན་པོ་ཡོད་པ་ནི། གཅིག་སྒྲིལ་དེ་རེད། ཉི་ཧོང་རྒྱལ་ཁབ་ཀྱི་མི་འབོར་ནི་རྒྱ་ནག་ལས་ཀྱང་ཉུང་བ་ཡིན། སྔར་ཉི་ཧོང་རྒྱ་ནག་ནང་བཙན་འཛུལ་སླེབས་ནས་རྒྱ་ནག་ནང་ལོགས་སུ་ཉི་ཧོང་གྱི་དམག་སྒར་བཙུགས་ཡོད། དམག་སྒར་བཙུགས་པ་ནང་བཞིན་རྒྱ་མིའི་མི་རིགས་རྣམས་ཉི་ཧོང་མིས་བེད་སྤྱོད་ཀྱང་ཚད་ལས་འདས་པ་བཏང་ཐུབ་ཡོད། རྒྱ་མིའི་མིས་ཉི་ཧོང་གི་བཀོད་བྱུས་འོག་སོ་སོའི་མི་རིགས་གཅིག་པ་རྩ་མེད་བཏང་བཅུག་ཡོད། གནས་ཚུལ་དེ་ལ་བརྟེན་རྒྱ་མི་རིགས་འདི་ལ་གཅིག་སྒྲིལ་གྱི་ནུས་པ་མེད་པ་མངོན་ཐུབ། ད་ལྟ་བོད་ནང་རྒྱ་མིའི་དམག་སྒར་བཙུག་ཡོད་ན་ཡང་དེ་སྔ་ཉི་ཧོང་གི་བྱེད་པ་ནང་བཞིན་ད་ལྟ་བར་རྩ་བ་ནས་བྱེད་ཐུབ་མེད། མཐའ་ན་བོད་མི་གཅིག་ལ་ཡང་བློས་འགེལ་ཐུབ་ཀྱི་མེད་པ་ནི་བོད་པར་གཅིག་སྒྲིལ་གྱི་ནུས་པ་ཡོད་པ་གསལ་པོ་སྟོན་ཐུབ་ཀྱི་ཡོད། རྒྱ་ནག་ནང་དུས་ད་ལྟའང་གཅིག་གིས་གཅིག་བརྟུལ་མ་ཚར་བར་བསྡད་ཡོད། བོད་པ་ཚོར་གོམས་སྟབས་རྗེས་མའི་འཆར་གཞི་ཟེར་བ་གང་ཡང་མེད། མི་རིང་བར་དུས་ཚོད་ངེས་ཅན་ཞིག་ལ་སླེབས་སོང་ན་རྒྱ་ནག་གཞུང་སྐྱག་པ་ཤོར་ཤོར་ཆགས་རྒྱུ་ལས་འོས་མེད། རྒྱལ་སྤྱིའི་གྲགས་ཅན་མི་སྣ་འགས་འདི་ལྟར་གསུངས་ཡོད། བོད་པའི་མི་རྣམས་ལ་འཇོན་ཐང་མེད་པ་རེད་མིན་འདུག བློ་སྟོབས་དང་སྙིང་སྟོབས་དཔེ་མི་སྲིད་པ་རེད། ག་རེ་བྱེད་ནའང་འཇོན་མཁན་དང་བྱེད་མི་ཐུབ་པ་སྣ་མིན་འདུག མི་འབོར་གྱི་ཕོངས་འདུག་ཅེས་བརྗོད་ཀྱི་ཡོད། ཡིན་ཡང་ང་ཚོར་མི་འབོར་གྱི་ཆ་ནས་ཉུང་ཉུང་ཡིན་ནའང་གཅིག་སྒྲིལ་གྱི་ནུས་པ་ལྡན་ཡོད། ཉི་ཧོང་མི་རིགས་ལས་གོང་དུ་བསྐྱོད་མི་ཐུབ་ནའང་ཉི་ཧོང་ནང་བཞིན་གྱི་རྡོག་རྩ་ཆིག་སྒྲིལ་ཡོད་པ་བཞིན་སྔར་ལས་ཀྱང་ཆིག་སྒྲིལ་གྱི་ནུས་པ་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་དང་ཆིག་སྒྲིལ་གྱི་ནུས་པ་ལྡན་ན་སུས་ཀྱང་གཉའ་ནས་མནན་མི་ཐུབ་པ་ཡིན། ཉི་ཧོང་མི་རིགས་རྣམས་ནས་རྒྱ་ནག་ནང་བཙན་འཛུལ་ཐུབ་པ་ནི་ཁོང་ཚོར་ཆིག་སྒྲིལ་གྱི་ནུས་པ་ལྡན་པས་ཡིན། སྐབས་དེ་དུས་རྒྱ་ནག་ཡོངས་རྫོགས་ཉི་ཧོང་མི་རིགས་ཀྱི་བྲན་གཡོག་ཆགས་ཡོད་པ་དང་དཀའ་སྡུག་ཀྱང་ཚད་ལས་འདས་པ་མྱངས་ཡོད། ཁོང་ཚོས་མནར་གཅོད་ཚད་མེད་མྱངས་པ་དེའི་ཡ་ལན་སྤྲོད་ས་དོན་དངོས་ཐོག་ཉི་ཧོང་ཡིན་ཡང་དེ་ལས་ལྡོག་སྟེ་བོད་པའི་མགོ་བོར་བཞོན་ནས་ད་ལྟ་ཚད་ལས་འདས་པའི་མནར་གཅོད་གཏོང་བཞིན་ཡོད་པ་ནི་ཆེས་མ་རབས་དང་ཐ་ཤལ་གྱི་བྱེད་སྟངས་ལས་དཔའ་ངར་ལྡན་པའི་མི་རིགས་ཤིག་དེ་བས་མ་ཡིན། སྐྱེ་བོ་ཕལ་པ་ཞིག་ལ་ཆ་བཞག་ན་སོ་སོར་གནོད་སྐྱེལ་མཁན་དེར་ཤ་ལན་ལེན་པ་མ་གཏོགས་ཁ་ཁར་སྡོད་མཁན་ཞིག་ལ་དོན་མེད་བརྙས་བཅོས་བཏང་ན་དེ་ལ་མི་ཚོས་དཔའ་བོ་མ་ཡིན་པར་ཐ་ཤལ་དུ་བརྩི་བ་ཡིན། བོད་ཀྱི་ཁ་དཔེར། དགྲ་ཤར་ལ་བཞག །གླུད་ནུབ་ལ་བརྫངས། ལྟ་བུ་དང་། ཁོང་ཁྲོ་གཡག་ལ་ཟ། །རྡོག་ཐོ་རྩིག་པར་ཞུས་ཟེར་བ་ལྟར་རྒྱ་ནག་གི་ཁོང་ཁྲོ་ཉི་ཧོང་ལ་ཟ། དགྲ་ཤ་བོད་པར་ལེན་པ་ནི་ང་ཚོས་ནམ་ཡང་ཕྲག་པར་འཁུར་མི་ཐུབ་པ་དང་བརྙས་བཅོས་དེ་འདྲ་ནམ་ཡང་འཁུར་ཐུབ་ཐབས་མེད། རྒྱ་ནག་ལ་གལ་སྲིད་བོད་ཀྱི་གཏེར་ཁ་གཅིག་པུར་དམིགས་ཡོད་ན་གཏེར་ཁ་སྔོག་ནས་སྡོད་པ་ལས་བོད་མི་རྣམས་ལ་ཚད་ལས་འགལ་བའི་གདུག་རྩུབ་དང་བོད་པའི་སྲོལ་རྒྱུན་རིག་གཞུང་གོམས་སྲོལ་ཡོངས་རྫོགས་གཏོར་བཤིགས་བཏང་དགོས་དོན་དེ་བས་མེད།

སྨྲས་པ།
བཙན་པོའི་དུས་རབས་འཇའ་བཞིན་ཡལ་ནའང་།།
བཙན་པོའི་ལག་རྗེས་ད་བར་མི་ནུབ་པར།།
བཙན་པོའི་ཁ་ཆེམས་རླུང་ལ་བཀུར་ནས་འདུག །
བཙན་པོ་མེད་ནའང་བརྡ་འཕྲིན་ལག་ཏུ་ཡོད།།
བོད་འདི་སྐྱོབས་པར་བཙན་པོ་མེད་ནའང་།།
བོད་འདི་སྐྱོབས་མཁན་བོད་པ་ད་བར་འདུག །
བོད་ཀྱི་ཁྲག་ཐིག་གཅིག་ལས་མ་ལྷག་ཀྱང་།།
བོད་འདི་སྐྱོབས་པར་ང་ཚོའི་དམ་བཅའ་ཡིན།།
ཆོལ་གསུམ་སྤུན་ཟླའི་སེམས་ཤུགས་མ་ཉམས་པར།།
ཆོལ་གསུམ་ཆིག་སྒྲིལ་སྔར་ལས་ཆེ་ཆེར་འཕེལ།།
ཆོལ་གསུམ་སྙིང་རྩ་ལྕགས་ལས་མཁྲེགས་པ་འདི།།
ཆོལ་གསུམ་འཐོར་བརླག་མེད་པའི་བདེན་རྟགས་ཡིན།།
སྙིང་སྟོབས་ཅན་གྱི་གདོང་དམར་བོད་པ་འདུག །
སྙིང་སྟོབས་སྐྱེས་ནས་དགྲ་བོར་འཐབ་རྩོད་བྱས།།
སྙིང་སྟོབས་དེ་འདྲ་འཛམ་གླིང་འདི་ན་དཀོན།།
སྙིང་སྟོབས་དེ་རྣམས་མེས་པོའི་ཤུལ་བཞག་ཡིན།།
བློ་སྟོབས་འཕེལ་བར་སྐུལ་མ་གཏོང་མཁན་དགོས།།
བློ་སྟོབས་འབྱུང་སའི་གཞི་རྩ་དགོས་པ་ཡིན།།
བློ་སྟོབས་འཕེལ་སའི་ཞིང་ཁམས་གཅིག་པུ་འདི།།
བློ་སྟོབས་བཙན་བྱོལ་སྒྲིག་འཛུགས་ཁོ་ན་ཡིན།།

སྣ་ཚོགས།

Post navigation

Previous Post: མེ་རྒོལ།
Next Post: དམངས་གཙོ་ནི་ཅི་ཞིག་ཡིན།

Comments (5) on “བོད་པ་ནི་བློ་སྟོབས་དང་སྙིང་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་པ་ཧ་གོ་དགོས།”

  1. རེབ་སྐྱིད་མཚོ says:
    2012-11-02 at 1:57 am

    ཡག་པོ་བྲིས་འདུག་ཡིད་རངས་ཡོད།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-11-02 at 4:59 am

    ཡབ་ཆེན་མེས་པོས་བཀའ་དྲིན་སོམས། །
    ཆོས་གསུམ་དམ་གཙང་གཅིག་སྒྲིལ་མཛོད། །
    དེང་དུས་རྒྱལ་རབས་ཚན་རིག་སྦྱོངས། །
    ཆོས་རིག་ཡ་རབས་སྤྱོད་བཟང་སློབས། །

  3. རྡོ༔ ཕུན་ཚོགས། says:
    2012-11-02 at 9:32 pm

    རྩོམ་ཡིག་འདིའི་མགོའི་ཚིག་བཅད་རྣམས་དང་ཚིག་ལྷུག་ཐིག་ཕྲེང་ཁ་ཤས་ཤིག་བཀླགས་ཡིན། ཡག་སྣང་འདྲ་ཞིག་ཤར་སོང་ཡང་ད་ལྟ་ཁོམ་མ་སོང་། རྗེས་སུ་ངེས་པར་དུ་ཐེངས་གཅིག་ཀློག་རྒྱུ་ཡིན། བསམ་ཚུལ་བྱུང་ན་དེ་དུས་འབུལ་ཆོག

  4. དགའ་ལྷོ་དཔའ་ཤོད་པ་གངས་སྣོན་ཡ་གྲོང་ཚང་། says:
    2012-11-05 at 7:11 am

    རང་ལུས་མེར་སྒྲོན་དཔའ་བོ་དཔའ་མོ་རྣམས། །ཁྲག་ཁྲོན་དྲོན་མོ་མེས་པོའི་ཤུལ་དུ་བཞག །བོད་རིགས་སྤུན་ཟླའི་བློ་སྟོབས་ཆེ་ཆེར་འཕེལ། །གོམ་ཁ རྒྱལ་ཁའི་ཕྱོགས་སུ་མྱུར་ནས་བསྐྱོད། །ཤུལ་ལུས་སྤུན་ཟླ་ང་ཚོ་ཡིད་རེ་སྐྱོ། །ཁྱེད་ཅག་ལུས་པོ་མེ་རུ་བསྲེག་པའི་ཚེ། །སྤུན་ཟླ་ང་ཚོའི་སེམས་ཁམས་དེ་བས་ཚིག །ཨེ་མ་མི་ཡུལ་འགྲིམ་པ་སྐྱོ་བ་ལ། །ཚིག་གི་མདའ་མོ་བོད་རིགས་སེམས་ཀྱི་དབུས། །འཕེན་ནས་བློ་སྟོབས་ཇེ་ཆེར་འཕེལ་ན་བསམ། །མེས་པོའི་ལྟེ་ཁྲག་འབྲེལ་བའི་སྤུན་ཟླ་ངས། །སྙིང་སྟོབས་ཆེ་ཆེར་སྐྱེས་ན་བསམ་པ་ཡིན། །གོང་གི་དཔྱད་རྩོམ་འདི་ནི་རང་ལུས་མེར་སྲེག་སྒྲོན་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་ཡིད་རངས་དང་འབྲེལ་གུས་པའི་སེམས་པ་ཡོངས་སུ་རྫོགས་པ་ལང་ལོང་དུ་འགྱུར་ཏེ་ཐེ་ཚོམ་མེད་པར་འདི་འདྲ་བ་ཞིག་བྲིས་པར་ཐལ་སོང་། སྤྱིར་ན་བོད་རིགས་སུ་འདྲ་ཞིག་ཡིན་རུང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམས་ནས་རང་ལུས་མེར་སྲེག་གནང་བ་གོ་བ་དང་འདྲ་དཔར་རེ་མཐོང་དུས་སྙིང་ལ་ན་ཟུག་ཚད་མེད་བཏང་བ་དང་ག་རེ་བྱེད་དགོས་མིན་འགྲོ་བསམ་པའི་ཚོར་སྣང་རྐྱེན་པོ་ཡོང་བསྡད་པ་གཅིག་མཚུངས་ཡིན་ལ་གུས་པ་ཡང་དེ་དང་མཚུངས། གུས་པས་རང་ལུས་མེར་སྲེག་སྒྲོན་མཁན་རྣམས་ཀྱི་སྐུ་དཔར་མཐོང་མ་ཐག་སྙིང་ལ་ཚ་ཤར་རྒྱབ་པ་དང་མཐའ་ན་གཟུགས་པོ་ཡང་བརྡར་སིག་རྒྱབ་ཡོང་གི་འདུག རྣོ་བསམ་ག་ཚོད་གཅིག་བཏང་ཡང་ཅི་བྱ་རྟོལ་མེད་དུ་འགྱུར་པ་ལས་བྱ་ཐབས་གང་ཡང་མ་བརྙེས། དེ་འདྲ་ཡིན་དུས་ཚིག་རྐང་འགའ་ཞིག་ལས་བོད་རིགས་སྤུན་ཟླའི་སེམས་དབུས་སུ་བཞག་རྒྱུ་ལས་མ་བྱུང་སྟབས་ཡིད་རྨུགས་ནས་སྡོད་རྒྱུ་ལས་ཐབས་གཞན་མིན་འདུག འབྱུང་འགྱུར་བོད་པ་རྣམ་པར་རྒྱལ་བ་ལས་ནམ་ཡང་གཉའ་གནོན་འོག་མགོ་སྒུར་མི་ཐུབ་པ་སེམས་ནང་བཞག་རོགས་ཞེས་འབོད་སྐུལ་ཙམ་ཡིན།

  5. ལྷོ་པ་བློ་བཟང་། says:
    2012-11-05 at 12:07 pm

    རླབས་ཆེན་གྱི་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་གཏོང་མཁན་གྱི་དཔའ་བོ་དཔའ་མོ་ཁོང་རྣམས་སྐྱེ་བ་ཕྱི་མར་ང་ཚོ་ཚང་མ་མཉམ་འཛོམ་ཡོང་བའི་སྨོན་འདོན་དང་། ཁོང་རྣམས་ལ་བསྔགས་བརྗོད་བྱེད་མཁན་རྣམས་ལ་
    ངོས་ཀྱི་དཔའ་བོར་ངོས་འཛིན་བྱེད་ཀྱི་ཡོད་དཔེར་ན། དགའ་ལྷོ་དཔའ་ཤོད་པ་གངས་སྣོན་ལྟ་བུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme