Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧོའུ་ཡིས་ཀན་ལྷོའི་འགོ་གཙོ་ལ་རྒྱ་སྒོར་ཁྲི་༢༠བྱ་དགའ་སྤྲད་འདུག

Posted on 2012-10-252012-10-25 By ཁ་བརྡ་ 3 Comments on ཧོའུ་ཡིས་ཀན་ལྷོའི་འགོ་གཙོ་ལ་རྒྱ་སྒོར་ཁྲི་༢༠བྱ་དགའ་སྤྲད་འདུག

ནམ་མཁའ།

ཧོའུ་ཅིན་ཐའོ་ཡིས་ལག་ཏུ་མེ་མདའ་བཟུང་སྟེ། ལོ་ངོ་བཅུ་ཡི་རིང་མི་རིགས་འཆམ་མཐུན་གྱི་ཁྱབ་བསྒྲགས་བྱས་ཡོད། མི་རིགས་འཆམ་མཐུན་བྱེད་འདོད་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མི་རིགས་ལྔ་བཅུ་ང་གཉིས་ལ་ཡོད། དེའི་རྒྱུ་མཚན་ནི་མི་ཞིག་ཡིན་པའི་ཆ་ནས་འགྲིག་མཐུན་དང་ཞི་བདེ་ལ་མི་དགའ་བ་དཀོན་པོ་ཡིན་པའི་རྟགས་རེད། ཡིན་ཡང་འཆམ་མཐུན་བྱེད་པ་ལ་མི་རིགས་ཕན་ཚུན་དང་འགོ་ཁྲིད་ནང་ཁུལ་ཕན་ཚུན་ལ་ཡིད་ཆེས་ཡོད་དགོས་བ་འདི་རྩ་བ་རེད། འགོ་ཁྲིད་ནང་ཁུལ་ཡང་ཡིད་ཆེས་མེད་ཚེ་མི་དམངས་ཀྱིས་ཡིད་ཆེས་བྱེད་ས་དང་འཆམ་མཐུན་ཡོང་སའི་རྩ་བ་མེད་པར་གྱུར་ཡོད། ཡིན་ཡང་ལག་ཏུ་མེ་མདའ་བཟུང་སྟེ་མི་རིགས་འཆམ་མཐུན་ཞིག་འཛམ་གླིང་སྟེང་ཡོངས་ཐབས་མེད་པ་ཞིག་ཡིན་པ་སྨྱོན་པ་ཞིག་མིན་ཚེ་ཚང་མས་ཤེས་གསལ་རེད།
ངས་ད་ལྟ་རང་བོད་ཀྱི་དུས་བབ་ཐོག་ངྷ་སར་གནས་བཞུགས་བུད་མེད་རྩོམ་པ་པོ་གཟུངས་ཕྱུག་སྐྱིད་ཀྱིས་མཁོ་སྤྲོད་གནང་བའི་ཀན་ལྷོའི་ཉེན་རྟོག་ལས་ཁུང་གི་བརྡ་སྦྱོར་ཞིག་མཐོང་སོང་། བརྡ་སྦྱོར་འདི་ལྟ་བུ་ནི་གུང་ཁྲན་ཏང་གི་མི་དམངས་ལ་མགོ་བོ་སྐོར་བྱེད་དང་། བོད་མི་ནང་ཁུལ་དཀྲུགས་ཤིང་བྱེད་པའི་ཐབས་ཤེས་ཞིག་ཡིན།དེང་སང་བོད་ནང་དུ་ཡང་མི་དམངས་བརྒྱ་ཆ་དགུ་བཅུས་གཡོ་ཐབས་འདི་ཤེས་སྲིད། འདི་འདྲ་བའི་གཡོ་ཐབས་ནི་གསར་བ་ཞིག་མ་ཡིན་པར་མའོ་ཙེ་ཏུང་གི་སྐབས་ནས་དར་བའི་རྒྱ་ནག་གི་འགོ་ཁྲིད་ཚོས་ཆབ་སྲིད་ཀྱི་ལམ་སྲོལ་ལྟ་བུ་ཞིག་ཡིན་པ་ཚང་མས་ཤེས་དགོས་པ་ཞིག་རེད། རྒྱ་ནག་ནང་ཁུལ་ནས་རྙོག་འཛིངས་བྱུང་དུས་དེ་ལ་འགོ་ཁྲིད་ཞིག་ཡོད་པའི་དོག་པ་དང་འབྲེལ། མི་ཞིག་བཙལ་ནས་དེའི་སྟེང་ནག་ཉེས་ཆ་ཚང་འཇོག་གི་ཡོད། ཁོང་ཚོས་བསམ་བློ་ལ་བོད་ཀྱི་རྒྱལ་གཅེས་དཔའ་བོད་དང་དཔའ་མོ་ཚོས་རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདི་བཙན་བྱོལ་གཞུང་གི་ངན་སྐུལ་ཞིག་ཏུ་ངོས་འཛིན་བྱེད་པ་མ་ཟད། འཛམ་གླིང་སྟེང་འདི་ལྟར་བསྒྲགས་བཞིན་ཡོད། འདི་ལྟར་ཁྱབ་བསྒྲགས་དང་བརྡ་སྦྱོར་སོགས་བཀྲམས་པའི་རྒྱུ་མཚན་ནི། གུང་ཁྲན་ཏང་གི་སྲིད་ཇུས་ལ་ནོར་འཁྲུལ་ཡོད་པར་ཁས་མི་ལེན་པ་མ་ཟད། འགོ་ཁྲིད་དབང་ཤེད་ཅན་དེས་ཁོའི་ནོར་འཁྲུལ་དེ་འགེལ་སའི་མི་ཞིག་ཐབས་བརྒྱ་ཇུས་སྟོང་གིས་བཙལ་ནས་དེའི་སྟེང་འཇོག་པ་དང་ནོར་འཁྲུལ་ཆ་ཚང་ཁོས་བཟོས་ཚུལ་མི་དམངས་ཡོངས་ལ་བསྒྲགས་བཞིན་ཡོད། དེ་མིན་ཁོ་རང་ལ་ནག་ཉེས་ཞིག་ཡོད་པར་མི་དམངས་ཀྱིས་ཤེས་ཚེ་གུང་ཁྲན་གི་སྲིད་ཇུས་ལ་ནོར་འཁྲུལ་བྱུང་བར་ངོས་འཛིན་བྱེད་དགོས་པས། གུང་ཁྲན་ཏང་ཐོག་མཐའ་བར་གསུམ་དུ་ཡང་དག་པ་ཡིན་ཚུལ་བཤད་སྲོལ་རྒྱུན་འཇམས་སུ་སོང་ཡོད་སྟབས་ལམ་དེ་ལས་བརྒལ་ཐུབ་མེད། འདིར་ངས་ཀན་ལྷོའི་འགོ་གཙོ་སོགས་ལ་དྲི་བ་ཞིག་ཡོད་པ་ནི།
༢༠༠༡༡ལོའི་དབྱར་ཁ་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་ཡི་མདུན་ཐང་ནས་རྒྱ་རིགས་ཞིག་གིས་རང་ལུས་མེ་བསྲེགས་བཏང་བ་དང་། དེ་མིན་རྒྱ་ནང་གི་གྲོང་ཁྱེར་ཁ་ཤས་ནང་འགད་རྫས་ཀྱིས་འགས་གཏོར་ཁ་ཤས་བྱུང་བ་རྣམས་ཧོའུ་ཅིན་ཐའོ་ཡིས་ངན་སྐུལ་བྱས་པ་ཞིག་ཡིན་ནམ། ཧོའུ་ཅིན་ཐའོ་ཡིས་ཡང་དག་པའི་སྲིད་ཇུས་ཀྱི་འབྲས་བུ་ཞིག་རེད། དེང་ཁྱེད་ཅག་གིས་ལག་པ་འཕྱི་ས་ཞིག་དང་སྐྱོན་ཆ་ཚང་འགེལ་ས་པའོ་ཞི་ལེ་བཙོན་ཁང་དུ་ཡོད་པས་སྐྱོན་ཆ་ཚང་ཁོའི་ཐོག་ཞོག་དང་། ཁྱེད་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་ཚོས་ལུགས་སྲོལ་བཟང་བོ་དེ་རེད། ང་ཚོས་བཙན་བྱོལ་གཞུང་གིས་ནམ་ཡང་རང་ལུས་མེ་བསྲེགས་ཀྱི་ལས་སྤེལ་རོགས་ཅེས་སུ་ཞིག་གིས་ཀྱང་བརྗོད་མི་ཐུབ་ལ་བརྗོད་ཐུབ་པའི་སྤོབས་པ་ཡང་མེད། རང་ལུས་མེ་བསྲེགས་ཀྱི་ལས་འགུལ་འདིའི་འགོ་ཁུངས་ཆ་ཚང་ཧོའུ་ཅིན་ཐའོ་དང་དེའི་རྗེས་འཇུག་པ་ཀན་ལྷོའི་འགོ་གཙོ་ཁྱེད་ལྟ་བུ་དག་ཡིན་ལ། ཁྱེད་ཚོས་སྲིད་ཇུས་ལག་བསྟར་གྱི་འབྲས་བུ་རེད། འདི་ནི་མི་གཞན་སུ་གཅིག་སྟེང་ལ་འཇོག་མི་ཐུབ་ལ་སུས་ཀྱང་ཁས་མི་ལེན། ད་རུང་ཁྱེད་ཅག་གིས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དྲག་དམག་གི་འཇིག་རྟེན་ཞིག་ཏུ་བཟོས་ཏེ། ཧོའུ་ཅིན་ཐའོ་ཡིས་མི་རིགས་འཆམ་མཐུན་གྱི་སྲིད་ཇུས་ཞིག་ཇི་ལྟར་ལག་ལེན་དུ་བསྟར་རྒྱུ་ཡིན་ནམ། དཔེར་ན་མི་བཙན་པོ་ཞིག་གིས་ལག་ཏུ་མེ་མདའ་དང་དབྱུག་པས་གཉོམ་ཆུང་ཞིག་ལ་གཅར་རྡུང་བྱེད་ཞོར་ངེད་གཉིས་གྲོགས་པོ་བཟོ་དགོས་ཟེར་བ་དང་གཅིག་མཚུངས་རེད། འདི་ནི་ཚ་གྲང་ལྟ་བུའི་དངོས་འགལ་གྱི་གཏམ་ཁོ་ནས་ལས་དེ་ལ་གཞན་ཞིག་གིས་བཟང་ཕྱོགས་སུ་ནམ་ཡང་འགྲོ་ཐུབ་མེད་པ་རེད། ༢༤/༡༠/༢༠༡༢ལ་ཡོ་རུབ་ནས་བྲིས།

སྣ་ཚོགས།

Post navigation

Previous Post: ངས་ཁྱེད་ཚོར་མྱ་ངན་བྱེད་ཀྱིན་ཡོད།
Next Post: ལས་ཀྱིས་བསྐོས་པའི་སྐྱ་ཡ།

Comments (3) on “ཧོའུ་ཡིས་ཀན་ལྷོའི་འགོ་གཙོ་ལ་རྒྱ་སྒོར་ཁྲི་༢༠བྱ་དགའ་སྤྲད་འདུག”

  1. lhamotsering says:
    2012-10-25 at 3:15 am

    གང་ཤེས་དེང་བོད་ཕྱི་ནང་གཉིས་ན་དངུལ་ཟེར་ན་སྨྱོ་གི་ཡོད་ནི་ཀླད་མེད་་ཁ་ཤས་ཀྱིས་དཀྲུགས་ཤིང་།དངུལ་བསམ་ནས་མི་དགའ་ས་ཞིག་ཁྲིམས་ལ་མི་སྦྱོར་བའི་ངེས་པ་མེད།

  2. རིན་ཆེན says:
    2012-10-25 at 9:26 am

    སྒོར་མོ་རིག་ན་སྨྱོ་ན་ཐང་གྲོགས་པོ་ཚོ་གང་གཟབ་བྱེད་དགོས།

  3. པདྨ་འཕྲིན་ལས་། says:
    2012-10-25 at 9:31 pm

    དངུལ་ཡོད་ན་གང་ཡང་བྱེད་ཐུབ་ངེས་རེད། གྲོགས་པོ་ཚོ་ད་བསམ་བློ་ཞིག་གཏོང་དང་རྒྱ་གཞུང་ལག་ནས་དངུལ་དེ་དག་ལང་དེ་ནས་རང་ལས་མེ་སྲེག་གི་ཚབ་ལ་རྒྱ་གཞུང་གི་ལག་ནས་ལངས་པའི་དངུལ་དེ་དག་གི་ཕར་རྒྱ་གཞུང་ལ་གཏོར་དགོལ་རེ་བྱེད་ཐུབ་ན་དེ་ནི་ཁྲིམས་འགལ་གང་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme