Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་དཔའ་བོ་རྟ་མགྲིན་རྡོ་རྗེ་ཡི་གནས་ཚུལ་དག་མ།

Posted on 2012-10-192012-10-19 By ཁ་བརྡ་ 5 Comments on དེ་རིང་གི་དཔའ་བོ་རྟ་མགྲིན་རྡོ་རྗེ་ཡི་གནས་ཚུལ་དག་མ།

བསོད་ནམས།

དེ་རིང་སྟེ་སྤྱི་ལོ༢༠༡༢/༡༠/༡༣/ཉིན་གུང་བོད་ནང་ཆུ་ཚོད་དང་བོ་ཡོལ་ཙམ་ལ་གཙོས་དགོན་པའི་གཡས་ངོས་ཀྱི་མཆོད་རྟེན་ཉེ་སར། གཙོས་ཁ་སོག་སྡེ་དྲུག་ནང་ཚན་འབྲོང་ལྕེ་སྡེ་བའི་རྒྱལ་གཅེས་དཔའ་བོ་རྟ་མགྲིན་རྡོ་རྗེ་ཡིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག ད་ལྟ་གྲྭ་མང་གིས་སྨོན་ལམ་གསུངས་ཏེ་མང་ཚོགས་ཀྱིས་འདས་པོའི་སྐུ་ཕུང་ཕ་ཡུལ་དུ་གདན་འདྲེན་བཞིན་པའི་སྒང་རེད། འདས་པོ་ཁོང་ད་ལོ་རང་ལོ་༥༧ དང་། གུང་ཐང་སྐུ་ཕྲེང་བདུན་པའི་ཡུམ་ཆེན་གྱི་ཨ་ཕ་རེད་འདུག ས་གནས་ཡུལ་མིས་བརྗོད་པ་ལྟར་ན། ད་ལྟ་གཙོས་གྲོང་ཁྱེར་དང་གཙོས་དགོན་པ་སོགས་སུ་དམག་མི་དང་ཉེན་རྟོག་པ་ཧ་ཅང་མང་བོ་བཀྲམ་སྟེ་དམ་དྲག་ཤུགས་ཆེན་བྱས་ནས་ནང་ཁུལ་དུ་ཕན་ཚུན་ལ་དྲ་བ་དང་ཁ་པར་སོགས་བརྒྱུད་དེ་འབྲེལ་བ་བྱ་རྒྱུར་ཁག་ཙམ་འདུག་ཟེར་ནས་ལན་དང་གནས་ཚུལ་སོགས་ཅི་ཡང་འབྱོར་མ་སོང་། དེ་བས་འདིའི་གཞུག་གི་གནས་ཚུལ་ཅི་བྱུང་གོ་ཐོས་སུ་མ་གྱུར་པས་ག་ལེར་འབྱོར་ན་དུས་ལྟར་གཏོང་ངེས་ཡིན།

འདི་ལོའི་ཟླ་༨པའི་ཚེས་༧ཉིན་ཡང་གཙོས་ས་གནས་འདིར། བྱིས་པ་ལོ་ཆུང་གཉིས་ཀྱི་ཨ་མ་དཔའ་མོ་སྒྲོལ་དཀར་འཚོས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་དེ་མ་ཐག་སྐུ་གྲོངས་ཡོད་པ་དང་། འདིའི་སྐབས་དགོན་པའི་དགེ་འདུན་པ་ཞིག་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་ཏེ་ད་ལྟ་ཡང་གློད་གྲོལ་བཏང་མེད། སྤྱིར་འདིའི་སྐོར་གྱི་གནས་ཚུལ་དང་འདས་པོ་ཁོང་མེར་སྲེག་མ་བཏང་གོང་གི་གནས་སྟངས་དང་པར་སོགས་ཁ་ཚང་ཞིག་འཚོལ་བཞིན་ཡོད་མོད། བརྒྱུད་ལམ་ཁག་གང་སར་གནས་ཚུལ་ཁ་ཚང་མིན་ལ་མ་ལྟོས་པར་སྔ་གཞུག་བརྩད་དེ་ཐོན་དང་འཐོན་བཞིན་ཡོད་པས་འདིར་བསྡུས་པ་ཞིག་བསྐུར་བ་ཡིན། རིམ་གྱིས་གནས་ཚུལ་གསར་བ་དང་ཁ་གསལ་རེག་ན་དུས་ལྟར་སྤེལ་ངེས་ཡིན།

ད་དུང་དཔའ་བོ་རྟ་མགྲིན་རྡོ་རྗེ་ལགས་ཀྱི་གནས་ཚུལ་ཞིག་འབྲི་རྒྱུ་ལུས་འདུག གཞུག་ནས་ག་ལེར་གནས་ཚུལ་གསལ་བོ་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་མེར་སྲེག་གི་ནངས་མོར་དེར། ཁོང་ཁྱིམ་ནས་ཐོན་ཁར་ལག་ཏུ་འགྱིག་དམ་རྒྱ་མ་ཉི་ཤུ་ཅན་ཞིག་བཟུང་སྟེ་འབྲོང་ལྕེ་སྡེ་བ་ནས་ཐོན་སོང་ཟེར། དེ་ནས་དགོན་པར་འགྲོ་ན་ངེས་པར་དུ་གཙོས་གྲོང་ཁྱེར་བརྒྱུད་དེ་འགྲོ་དགོས་པས་གྲོང་ཁྱེར་ནང་ནས་ས་སྣུམ་ཉོས་ཏེ་གཙོས་དགོན་པའི་ནང་སོང་འདུག དགོན་པའི་ནང་ནས་མཆོད་མཇལ་བྱས་ཏེ་སྨོན་ལམ་དང་སྐྱབས་འཇུག་ཞུས་རྗེས། དགོན་པའི་གཡས་ངོས་ཀྱི་མཆོད་རྟེན་ཉེ་སར་སོང་ནས་རང་གི་གྱོན་གོས་ལེགས་པོར་བལྟབས་ཏེ། རྗེས་སུ་རང་ཉིད་ངོས་འཛིན་ཐུབ་ཆེད་ལུས་སྟེང་དུ་སྲིད་གཞུང་གིས་བཟོས་པའི་ཐོབ་ཐང་ལག་ཁྱེར་བཞག་ནས་འུ་ཚོའི་ཆེད་དམ་རང་རེའི་བོད་རྒྱལ་ཁབ་སླར་གསོའི་ཕྱིར་དུ་གཤེགས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་རྗེས་སུ་གདོས་བཅས་ཕུང་བོ་མེ་ལྷའི་ཞལ་སྒོར་ཕུལ་ཏེ་བདེན་དོན་བསྒྲགས་ནས་སྐུ་གྲོངས་པ་དེ་རེད།

ང་ལ་འབྲེལ་བ་བྱེད་སའི་ཁ་བྱང་། shungpa_sonam@yahoo.co.inའདི་ཡིན།

བསོད་ནམས་ཀྱིས།

གསར་འགྱུར།

Post navigation

Previous Post: བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གཉིས་པ།
Next Post: དཔལ་ས་སྐྱའི་གདུང་སྲས་དང་འབྲེལ་བའི་མགྱོགས་བྲིས་ཤིག

Comments (5) on “དེ་རིང་གི་དཔའ་བོ་རྟ་མགྲིན་རྡོ་རྗེ་ཡི་གནས་ཚུལ་དག་མ།”

  1. སྦྲ་དཔལ་ལྡན། says:
    2012-10-19 at 2:44 am

    ཉེ་ལམ་ལྕགས་མོ་མཚོའི་ངོ་དེབ་ཐོག་ཏུ་གོང་གི་པར་དེ་དཔའ་བོ་རྟ་འགྲིན་རྡོ་རྗེ་ཡིན་མིན་གྱི་དོགས་སློང་ཞིག་འདུག་པས་འདིར་བལྟས་ཡོང་དུས་གོང་གི་སྐུ་པར་དེ་དཔའ་བོ་ཁོང་གི་པར་ཡིན་ཚོད་རེད། དེ་བཞིན་བདག་གིས་ཉེ་ལམ་ལྕགས་མོའིམཚོའི་ངོ་དེབ་ཐོག་ཏུ་སྐད་ཆ་བདེན་པར་མིན་ན་གང་བྱུང་མ་བཀོད་རོགས་ཞེས་རང་ཉིད་ཀྱིས་ཧ་གོ་ལ་མ་གོ་ལ་བྱས་ནས་གཤེ་གཤེ་བཏང་པར་དྲ་གྲོགས་ལྕགས་མོ་མཚོ་གཙོས་ཀློགས་པ་པོ་བྱིངས་ལ་དགོངས་དག་ཞུ།

  2. རིག་པའི་བུ says:
    2012-10-19 at 10:14 am

    དཔའ་རྒོད་ལ་གུས་འདུད་ཞུ།

  3. པདྨ་འཕྲིན་ལས་། says:
    2012-10-19 at 8:01 pm

    རྒྱལ་གཅེས་དཔལ་པོ་རྟ་མགྲིན་རྡོ་རྫེས་མཆོག་ལསྙིང་ནས་གུས་འདུད་ཞུ།

  4. པདྨ་འཕྲིན་ལས་། says:
    2012-10-19 at 8:06 pm

    རྒྱལ་གཅེས་དཔལ་པོ་རྟ་མགྲིན་རྡོ་རྫེས་མཆོག་ལསྙིང་ནས་གུས་འདུད་ཞུ། ད་ཡིན་ན་ང་ཚོ་ཕྱི་ལ་ཡོད་པའི་བོད་པ་ཚོའི་ག་རེ་བྱེད་།སྐད་ཆ་རེ་བཤད་རྒྱུ་མ་གཏོགས་ག་རེ་འཇོན།

  5. མེ་ཏོག་དཀར་པོ། says:
    2012-10-19 at 10:21 pm

    བོད་ཁ་བ་ཅན་པའི་དཔའ་རྒོད་ཡ། དུས་ནམ་ཡང་མི་བརྗེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme