Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་དཔའ་བོ་སངས་རྒྱས་རྒྱ་མཚོ།

Posted on 2012-10-162012-10-16 By ཁ་བརྡ་ 7 Comments on བོད་ཀྱི་དཔའ་བོ་སངས་རྒྱས་རྒྱ་མཚོ།

རྔ་བ་ཀུན་བཟང་སྒྲོལ་མ།

བོད་ཀྱི་དཔའ་བོ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རང་སྲོག་བཏང་རྗེས་བྲིས།

རེ་བའི་རི་མོ་ཐོད་ལ་བྲིས་ནས་རང་ལུས་དམར་བོ་མེ་ལྕེས་འབར་སོང་།།
ཁ་བའི་ལས་དབང་སེམས་སུ་ཉར་ནས་རང་སྲོག་རིན་ཐང་བོད་ལ་ཕུལ་སོང་།།
བྱམས་བརྩེའི་འོ་མཚོ་རླུང་ལ་བསྐུར་ནས་བྱམས་ལྡན་ཕ་མ་ཡུལ་ལ་བཞག་ནས།།
དཔའ་བོའི་ངར་སྐད་རྒྱང་བསྒྲགས་ཤིག་གིས་འཇིག་རྟེན་མི་རྣམས་གཉིད་ལས་སད།།

མ་འོངས་བདེ་སྐྱིད་སེམས་སུ་ཉར་ནས་གཅེས་པའི་བུ་ཕྲུག་སེམས་ནས་དོར།།།
མགོན་མེད་ས་ཡ་དྲུག་པོ་བསམ་ནས་བརྩེ་བའི་བཟའ་ཟླ་ཁེར་རྐྱང་བཞག།
ཕངས་སེམས་མེད་པའི་གྲུ་ཟུར་ཞིག་ནས་ཁྱོད་ཀྱི་ཡོད་ཚད་བོད་ལ་ཕུལ།།
བདེན་པའི་ངར་སྐད་དབྱིངས་སུ་གྱེར་ནས་ཁ་བའི་ལྗོངས་སུ་མཛད་རྗེས་བཞག།

བརྩེ་དུངས་ཟབ་པའི་བུ་ཕྲུག་དག་གི་མ་འོངས་ཕུགས་བསམ་རྒྱང་དུ་བཞག།
ཞེན་ཆགས་མེད་པའི་སྙིང་གི་དགའ་མའི་འཛུམ་མདངས་མངར་མོ་རིང་དུ་དོར།།
མི་རིགས་ལ་རྒྱ་སྙིང་ལ་གཟན་པའི་ཁྱོད་ཀྱིས་མཛད་རྗེས་དྲན་སྐབས་སུ།།
སྔོན་བྱོན་དཔའ་བོ་སྟོང་གི་དབུས་ན་ཁྱོད་ཀྱི་གཟི་བརྗིད་དྲག་ཏུ་འབར།།

ཨེ་མ་མགོན་མེད་ས་ཡ་དྲུག་གི་ལས་དབང་སྐྱུར་མོའི་བདེན་དབང་སྟེ།།
ཁྱོད་ཀྱིས་བདེན་པའི་མེ་ལྕེ་བར་ནས་སྡུག་གི་ཁུར་པོ་ཕྱིར་རུ་བཏོན།།
ཕྱིར་ལུས་བོད་མི་ས་ཡ་དྲུག་དང་ཁྱོད་ཀྱི་ཕ་གཞི་དྲན་མོ་དང་།།
གཅེས་པའི་བུ་ཕྲུག་མནའ་མ་ལ་སོགས་སེམས་པ་སྟོང་པའི་རྒྱུ་རུ་གྱུར།།

དུངས་སེམས་ཆེ་བའི་ཕ་མའི་མིག་ནས་མིག་ཆུའི་བཞུར་རྒྱུན་ཆད་མ་མྱོང་།།
བརྩེ་མདངས་རི་མོ་སྙིང་ལ་བརྐོས་པའི་ཚེ་གཅིག་སྐྱ་ཡའི་སྡུག་ཡུས་དང་།།
ཕ་མེད་དྭ་ཕྲུག་བྱམས་བརྩེ་དབེན་པའི་ན་ཆུང་སྙིང་གི་གཅེས་ལོ་སོགས།།
མདོར་ན་ཡོད་ཚད་གཅིག་པོ་བསྐྱུར་ནས་ཁྱོད་ཀྱིས་ཁ་བའི་བདེ་སྡུག་འཚོལ།།

དུངས་སེམས་མི་རིགས་ལ་རྒྱ་ཡོད་རུང་ཁྱོད་རང་ལྟ་བུའི་དཔའ་བོ་དཀོན།།
སྙིང་སྟོབས་ལ་རྒྱས་ཕྱུག་པ་མང་ཡང་ཁྱོད་ཀྱི་གཟི་བརྗིད་དེ་འདྲ་ཞེས།།
བདག་སེམས་སྐྱོ་བའི་གླུ་ཚིག་རེ་རེའི་དབྱངས་རྟ་དགོང་དུ་འཐེན་ཞོར་དུ།།
ངེས་དོན་དཔའ་བོ་སངས་རྒྱས་རྒྱ་མཚོའི་སྙིང་སྟོབས་ཤིག་གི་ཕྱེད་ཙམ་བྲིས།།
༢༠༡༢ ༡༠ ༨ དགོང་མོ་རང་སྦྱོང་དུ་བྲིས།

རྩོམ་རིག

Post navigation

Previous Post: སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅུ་དྲུག་པ་དབུ་འཛུགས་གནང་བ།
Next Post: གསལ་བརྡ།

Comments (7) on “བོད་ཀྱི་དཔའ་བོ་སངས་རྒྱས་རྒྱ་མཚོ།”

  1. པདྨ says:
    2012-10-16 at 11:45 am

    ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
    བོད་གངས་ཅན་པའི་དཔའ་བོ་དང་དཔའ་མོ་རྒྱལ་ལོ། ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ

  2. དགེ་བསམ says:
    2012-10-16 at 12:25 pm

    ཡིག་ནོར་ཁ་ཤས་འདུག
    གཞན་ཡག་པོ་འདུག

  3. རྔ་བ་ཀུན་བཟང་སྒྲོལ་མ says:
    2012-10-16 at 1:18 pm

    དྲ་གྲོགས་དགེ་བསམ་གྱིས་བསམ་འཆར་བཤད་པར་དགའ་བསུ་ཞུ།

  4. རྔ་བ་ཀུན་བཟང་སྒྲོལ་མ says:
    2012-10-16 at 1:21 pm

    ཁྱོད་ཀྱིས་དགེ་སྐྱོན་གླེང་པར་ཐུགས་རྗེ་ཆེ་ དྲ་གྲོགས་དགེ་བསམ་ལགས།

  5. ཨ་རིག་དགེ་མཐོང་གིས། says:
    2012-10-16 at 1:36 pm

    རང་སྦྱོང་སྐབས་སུ་འདི་འདྲ་ཞིག་འཁྱོངས་ན་ཁྱེད་ལ་སླ་བོ་མི་འདུག གཞན་བརྗོད་བྱ་དང་རྗོད་བྱེད་ཚིག་གཉི་ག་བསྐྱར་ཟློས་རེ་མཆིས་པ་རྗེས་སུ་གཟབ་གཟབ་བྱས་ན་ཡར་རྒྱས་ཀྱི་ཁ་སྣོན་རེད།

  6. རྔ་བ་ཀུན་བཟང་སྒྲོལ་མ says:
    2012-10-16 at 11:31 pm

    དྲ་གྲོགས་ཨ་རིག་དགེ་མཐོང་གིས་བསྟོད་རྒྱུ་མང་ཐལ། འོན་ཀྱང་། ནོར་འཁྲུལ་བཏོན་པར་ཐུགས་རྗེ་ཆེ། རྗེས་སུ་གཟབ་གཟབ་བྱ་ངེས་ཡིན།

  7. མཁར་རྔ། says:
    2012-10-18 at 7:04 am

    ཐུགས་རྗེ་ཆེ་རྔ་བ་ཀུན་བཟང་སྒྲོལ་མ་མུ་མཐུད་དུ་འབྲི་རོགས་ནམ་ཞིག་ཡང་རྩེ་བསླེབས་ཡོང།
    ལེགས་པོ་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme