Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པེ་ཅིང་རྩེད་མོར་ཕེབས་མཁན་གྱི་སྐུ་མགྲོན་ཚོར་ཞུ་བ།

Posted on 2008-08-01 By དགེ་རབ་ 1 Comment on པེ་ཅིང་རྩེད་མོར་ཕེབས་མཁན་གྱི་སྐུ་མགྲོན་ཚོར་ཞུ་བ།

སྤོབས་པ་མཐའ་ཡས།
པེ་ཅིང་ཨོ་ལེམ་པིག་གི་རྩེད་འགྲན་གྲ་སྒྲིག་ནི་རྩེད་འགྲན་ཆེན་པོ་ཞིག་གྲ་སྒྲིག་བྱེད་བཞིན་པ་མི་འདྲ་བར་དམག་འཁྲུག་ཆེན་པོ་ཞིག་གྲ་སྒྲིག་བྱེད་བཞིན་པ་དང་མཚུངས། དེ་ལོས་ཡིན། པེ་ཅིང་ཨོ་ལེམ་པིག་ནི་དམག་འཁྲུགས་ལྟ་བུའི་རྙོགས་ཟིང་ཤ་སྟག་བརྒྱུད་ནས་འོངས་པ་ཞིག་ཡིན། པེ་ཅིང་གི་དམག་འཁྲུགས་གྲ་སྒྲིག་བྱེད་བཞིན་པ་དེ་ཡང་ཨོ་ལེམ་པིག་གི་རྩེད་འགྲན་གྱི་ཆ་ཤས་ཤིག་ཡིན་གྱི་རེད། ཁོང་ཚོའི་དྲག་ཤུགས་དེ་ལི་ཡུལ་ལམ་ཤར་ཏི་ཀི་སི་ཐན་པ་ལ་ངོམ་དགོས་ལ། ཨ་རིར་གནས་དབྱུངས་བཏང་ཟིན་པའི་ལི་ཡུལ་གྱི་ཨ་མ་རྒན་མོ་ལྕམ་ར་བྷི་ཡ་ཁ་རྡེར་ལ་ངོམ་དགོས། བོད་པ་ལ་ངོམ་དགོས། རྡ་རམ་ས་ལའི་ནགས་ཁྲོད་ན་བཞུགས་པའི་དགེ་སློང་བསྟན་འཛིན་རྒྱ་མཚོ་ལ་ངོམ་དགོས། ནང་སོག་པ་ལ་ངོམ་དགོས། ད་དུང་གནམ་བདེ་སྒོ་མོའི་ཐང་གི་མཐོ་སློབ་པའི་རྣམ་ཤེས་གཅེར་བུ་ཚོར་ངོམ་དགོས། མིའི་རིགས་ཀྱི་རང་དབང་དོན་གཉེར་མཁན་གྱི་ཚོགས་སྡེ་ཚོར་ངོམ་དགོས། ལྷག་པར་ཡང་པེ་ཅིང་ཨོ་ལེམ་པིག་ལ་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་མཁན་ཚང་མ་ལ་ངོམ་པ་རེད།

སྔོན་མ་བོད་རེ་བས་ཕུང་ཟེར་སྲོལ་ཡོད་པ་བཞིན་ད་ནི་འཛམ་གླིང་གི་ང་ཡིན་ཟེར་མཁན་མང་པོ་ཡང་རེ་བས་ཕུང་སོང༌། མདངས་དགོང་བརྙན་འཕྲིན་ལས་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོར་པེ་ཅིང་གིས་ཆུ་ཚོད་ཉེར་བཞིའི་རིང་ལྐོག་ལྟ་བརྙན་ལེན་འཕྲུལ་ཆས་བཙུགས་འདུག་པས་དོག་མི་བདེ་བ་འདུག་ཟེར་ནས་སྡུག་སྨྲེ་འདོན་གྱིན་འདུག རྒྱ་ནག་དམར་གཞུང་གིས་ང་ཚོར་ལོ་དང་ལོ་བསྟུད་ནས་ལྐོག་ལྟ་ཙམ་མ་ཟད་མགོ་ཐོག་ན་དབྱུག་པ་ཞིག་ཀྱང་འཕྱར་འཕྱར་ནས་བསྡད་ཡོད་རེད། དེ་དང་བསྡུར་ན་ཁྱོད་ཚོའི་དཀའ་ངལ་དེ་བདུན་ཕྲག་ཁ་ཤས་རིང་གི་ལྐོག་ལྟ་ཙམ་ཡིན་པས་བཟོད་དགོས་ངེས་རེད། དེ་ཁྱོད་ཚོའི་མི་ཚེའི་ནང་གི་ཉམས་མྱོང་རྩ་བ་ཆེན་པོ་ཞིག་ཀྱང་རེད། ཁྱེད་ཚོས་པེ་ཅིང་རྩེད་མོར་རྒྱབ་སྐྱོར་ཤུགས་ཆེར་བྱེད་སྟངས་ལ་བལྟས་ན་ཁྱེད་ཚོར་ཉམས་མྱོང་དེ་དགོས་ཀྱི་ཡོད་པ་འདྲ། གལ་སྲིད་དོག་མི་བདེ་བ་ཡོད་ན་ད་ལྟ་རང་ཚུར་ལོག་ཤོག་དང་ཁྱོད་ཚོ་རང་བཙན་ལུང་པའི་མི་ཤ་སྟག་རེད། ངས་དེ་ཁོ་རང་ཚོའི་སྡུག་གྱོང་རེད་སྙམ། ནུབ་ཕྱོགས་པ་ཚོས་རྒྱ་ནག་ལ་དམངས་གཙོའི་སྦྱོང་བརྡར་སྤྲོད་དགོས་ཟེར་ནས་ཧོང་ཁོང་རྒྱ་ནག་ལ་བཙོངས་སོང༌། བཟོ་ཚོང་གི་ཁེ་ཕན་ཡོད་ཚད་རྒྱ་ནག་ལ་སྦྱིན་སོང༌། རྒྱ་ནག་གི་གཞིས་སྤོར་བ་ས་ཁར་མི་ཤོང་བ་ནང་འདྲེན་བྱས་སོང༌། ད་ནུབ་ཕྱོགས་པ་ཚོསརྒྱ་ནག་ལ་ཨོ་ལེམ་པིག་མགྲོན་བདག་གི་གོ་སྐབས་སྤྲད་པ་དེ་སྤྲད་པ་ཐམས་ཅད་ཀྱི་ཐ་མ་ཡིན་ནམ། ད་རྗེས་སུ་གང་ཞིག་སྤྲད་རྒྱུ་ཡིན།
ཨ་མེ་རི་མངའ་སྡེ་གཅིག་སྒྲིལ་གྱི་གསང་ལས་ཁང་གིས་གྲང་དམག་སྐབས་ཨོ་རུ་སུའི་རྒྱ་སྐྱེད་འགོག་པར་རློམ་ནས་དབུས་ཤར་ཨེ་ཤ་ཡ་དང་ཨབ་གྷནགྱི་ཁ་ཆེའི་ཆོས་ལུགས་ཐལ་སྤྱོད་རིང་ལུགས་པ་ལ་རོགས་དངུལ་གྱི་ཆར་ཕབ་ཕབ་པའི་ཐ་མ་དེ་རིང་ཨ་རི་བས་དཀའ་སྡུག་གིས་བསག་བསག་པའི་དངུལ་ཡོད་ཚད་དམག་འཁྲུགས་ཀྱི་འགྲོ་སོང་ལ་བསྐྱལ་དགོས་པ་བྱུང་སོང་ནས་སྐྱོན་བརྗོད་བྱེད་མཁན་འདུག དེ་བཞིན་དམངས་གཙོ་བའི་གཞུང་སྒེར་ཚོས་རྒྱ་ནག་ལ་དམངས་གཙོའི་སྦྱོང་བརྡར་སྤྲོད་ཆེད་དུ་བཏང་བའི་འགྲོ་སོང་བཏང་བཏང་བ་དེ་དག་རྒྱ་ནག་དམར་པོའི་གཞུང་གི་དྲག་ཤུགས་དང་གདུག་རྩུབ་ལ་རྒྱབ་སྐྱོར་དང༌། གཡོ་རྒྱུ་རྫུན་སྒྲིག་གི་གོ་སྐབས་སྤྲད་པ་ཁོ་ན་ལས་མེད་སྟབས་ལྡོག་ཕྱོགས་གྲུབ་འབྲས་ཤིག་སྨིན་རྒྱུ་རེད། དེ་ལ་ཁ་གཏད་གཅོག་པའི་འགྲོ་སོང་དེ་སུས་གཏོང་རྒྱུ་ཡིན་ནམ། ཨོ་ལེམ་པིག་འཛིན་སྐྱོང་ཚོགས་པས་འགན་ཆེ་ཤོས་ཤིག་འཁུར་དགོས་ངེས་རེད།
ཨོ་ལེམ་པིག་གི་རྗེས་སུ་བོད་མི་གཙོས་པའི་རང་དབང་དོན་གཉེར་གྱི་ལས་འགུལ་སྤེལ་མཁན་ཚོར་བཟོ་ལྟ་སྤྲོད་པའི་ཨོ་ལེམ་པིག་གཉིས་པ་ཞིག་ཚུགས་རྒྱུ་རེད། དེ་དུས་ཁྱོད་ཚོ་སྔོན་ཐོན་པ་ཚོ་རྒྱ་ནག་ནང་དུ་སྐུ་མགྲོན་དུ་ཕེབས་རྒྱུ་ཡིན་ནམ་རྩེད་མོ་རྒྱང་ནསལྟ་རྒྱུ་ཡིན། ངས་བསམ་ན་ཁྱེད་ཚོས་རྒྱང་ནས་རྩེད་མོ་ལྟ་རྒྱུ་རེད་སྙམ། ཁ་སང་པེ་ཅིང་གི་ཟ་ཁང་ཞབས་ཞུ་བ་ཞིག་གིས་ངའི་ཟས་སྣ་ཐོ་དེབ་ནི་སྤྱན་གཟིགས་སེམས་ཅན་གླིང་ཁ་ཞིག་ཡིན་ཞེས་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོར་ངོམ་ངོམ་བྱེད་ཀྱིན་འདུག་ཟེར། དེ་བཞིན་ད་ལྟའི་ཨོ་ལེམ་པིག་གི་རྗེས་སུ་འབྱུང་རྒྱུའི་ཨོ་ལེམ་པིག་གཉིས་པ་དེའི་སྐབས་ཀྱི་ཟས་སྣ་ཐོ་དེབ་དེ་ཤར་ཏིར་ཀི་སིཐན་པ་དང་བོད་པ་གཉིས་གཙོས་པའི་རང་དབང་དོན་གཉེར་མཁན་གྱི་མིའི་གླིང་ཁ་ཞིག་ཡིན་ངེས་རེད། དེའི་སྐུ་མགྲོན་ལ་རྒྱ་དམར་དྲག་དཔུང་མ་གཏོགས་ཁྱོད་ཚོ་ཕེབས་འདོད་ཀྱང་ཕེབས་ག་ལ་ཐུབ།

རྩོམ་རིག

Post navigation

Previous Post: མུན་ནག་དང་འཆི་ལམ།
Next Post: ཆོས་ཉིད་ཀྱི་སྙན་ངག

Comment (1) on “པེ་ཅིང་རྩེད་མོར་ཕེབས་མཁན་གྱི་སྐུ་མགྲོན་ཚོར་ཞུ་བ།”

  1. tenzin says:
    2008-08-01 at 7:25 pm

    hey guys!!!!
    i am really happy to see and read this site. never give up!!!!

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme