Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ།

Posted on 2012-10-142012-10-14 By ཁ་བརྡ་ 2 Comments on རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ།

གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

ཁ་སང་ཕྱི་ཟླ་༡༠ པའི་ཚེས་༡༣ ཉིན་སྤྱི་ཚོགས་རང་དབང་SOCIETÀ LIBERA་ཞེས་བའི་ཚོགས་སྡེ་ཡིས་བཀོད་སྒྲིག་འོག་འཛམ་གླིང་སྟེང་གཉའ་གནོན་དང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱོང་བཞིན་པའི་གྲངས་ཉུང་མི་རིགས་དང་ཉམ་ཐག་མི་མང་ཚོའི་ཆེད་དུ་༼རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ་༽ཞེས་བའི་ལས་འགུལ་ཐེངས་ལྔ་བ་དེ་ཡོ་རོབ་རྒྱལ་ཁབ་སི་པན་གྱི་གྲོང་ཁྱེར་སྦར་ཟིལ་ལོ་ན
་BARCELONAདང་། འཇར་མན་རྒྱལ་ས་སྦར་ལིནBERLIN། སྤེལ་ལྗམ་རྒྱལ་ས་སྦར་སིལBRUSSEL། ཧྥ་རན་སིའི་རྒྱལ་ས་ཕེ་རེ་སིPARIS། ཨི་ཊ་ལིས་རྒྱལ་ས་རོམ་ROMEབཅས་སུ་ཉིན་བརྒྱ་དུས་གཅིག་ལ་སྤེལ་ཡོད་པ་དང་། ལས་འགུལ་འདི་བརྒྱུད་ཡོ་རོབ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འཛམ་གླིང་སྟེང་གཉའ་གནོན་དང་མནར་གཅོད་མྱོང་བཞིན་པའི་གྲངས་ཉུང་མི་རིགས་དང་ཉམ་ཐག་མི་མང་ཚོར་རྒྱལ་སྐྱོར་བྱེད་དགོས་བ་དང་། ལྷག་པར་ཏུ་ཡོ་རོབ་ཀྱིས་འཛམ་གླིང་སྟེང་གཉའ་གནོན་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ཚོའི་ཆེད་དུ་དུས་དྲན་སྲུང་བརྩི་ཉིན་མོ་ཞིག་གཏན་འཁེལ་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད་འདུག སྤེལ་ལྗམ་རྒྱལ་ས་སྦར་སིལ་གྱི་རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོའི་ལས་འགུལ་དེ་ས་གནས་ཝེ་ཐི་ནམ་ཚོགས་པ་དང་། ཡུ་གུར་མི་རིགས་ཚོགས་པ། སྤེལ་ལྗམ་བོད་རིགས་ཚོགས་པ་བཅས་མཉམ་འབྲེལ་གྱིས་སྤེལ་ཡོད་པ་དང་། ཉིན་དེའི་ཞོགས་པ་ཆུ་ཚོད་༡༠ སྟེང་ཆར་བ་ཤུགས་ཆེ་བབས་བཞིན་པའི་ཁྲོད་ཝེ་ཐི་ནམ་དང་ཡུ་གུར། བོད་རིགས་བཅས་མི་གྲངས་བརྒྱ་ལྷག་སྤར་སིལ་ས་གནས་
de l’Albertine, Brusselsམདུན་ཐང་དུ་འཛོམས་རྗེས། ལས་འགུལ་མཛད་རིམ་ལྟར་ཐོག་མར་སྤེལ་ལྗམ་དང་། ཨི་ཊ་ལི། བོད། ཡུ་གུར། ཝེ་ཐི་ནམ་བཅས་ཀྱི་རྒྱལ་གླུ་བཏང་བ་དང་། དེའི་རྗེས་འཛམ་གླིང་སྟེང་མནར་གཅོད་མྱངས་དང་མྱོང་བཞིན་པའི་གྲངས་ཉུང་མི་རིགས་དང་ཉམ་ཐག་མི་མང་ཚོིའི་ཆེད་དུ་སྐར་གཅིག་རིང་ངག་བཅད་གནང་། སྤྱི་ཚོགས་རང་དབང་ཚོགས་པའི་སྐུ་ཚབ་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་བ་དང་། ཝེ་ཐི་ནམ་ཚོགས་པའི་སྐུ་ཚབ་ཀྱིས་ཝེ་ཐི་ནམ་རྒྱལ་ཁབ་ནང་གི་གྲངས་ཉུང་མི་རིགསཀྱི་དཀའ་ངལ་སྐོར་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་གནང་། སྤེལ་ལྗམ་བོད་རིགས་ཚོགས་པ་དང་ཡུ་གུར་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ཀྱིས་རྒྱ་ནག་གི་དབང་སྒྱུར་འོག་བོད་དང་ཡུ་གུར། སོག་པོ་སོགས་གྲངས་ཉུང་མི་རིགས་ཁག་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་ཧྥ་རན་སིའི་སྐད་དང་ནེ་རྡར་ལན་ཊིའི་སྐད་ཐོག་མི་མང་ལ་ངོ་སྤྲོད་གཏམ་བཤད་གནང་བ་དང་། མཐར་དམངས་གཙོ་དང་རང་དབང་དགོས་བའི་སྐད་འབོད་གནང་སྟེ་ལས་འགུལ་མཇུག་སྒྲིལ་ཡོད་པ་རེད།
རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོའི་ལས་འགུལ་དང་འབྲེལ་བའི་དྲ་ཐག་གཤམ་གསལ།
http://www.societalibera.org/it/

Home

གསར་འགྱུར།

Post navigation

Previous Post: གཏན་སློབ་ཁག་བཞིའི་བར་བོད་ཡིག་གི་དག་ཆ་འགྲན་སྡུར།
Next Post: སེམས་པ་སྐྱོ་དུས་ཚངས་རྒྱམ་ལ་བཏབ་པའི་སྙན་ངག

Comments (2) on “རྒྱལ་སྤྱིའི་རང་དབང་གོམ་བགྲོད་ཆེན་མོ།”

  1. དགེ་བསམ says:
    2012-10-14 at 11:37 am

    ལོངས་ཤོག ལོངས་ཤོག
    བོད་མི་ཚང་མ་ལོངས་ཤོག
    ས་གནས་གང་སར་ལོངས་ཤོག
    བོད་མི་ཡོད་ཚད་ལོངས་ཤོག
    མཉམ་དུ་ལོངས་ཤོག
    རང་བཙན་པ་ལོངས་ཤོག
    དབུ་མ་པ་ལོངས་ཤོག
    མཐུན་སྒྲིལ་བྱས་ནས་ལངས་ཤོག

  2. ཞོགས་སྤྲིན། says:
    2012-10-18 at 11:06 am

    ས་ཡ་དྲུག
    འགྲོ་བ་མིའི་ཐོབ་ཐང་ཕྱིར་དུ་ལོངས་ཤོག
    བཙན་བྱོལ་བོད་མི
    རང་དབང་རྩོད་ལེན་གྱི་ཆེད་དུ་ལོངས་ཤོག
    ང་ཚོ་ཚང་མ་སྐྱིད་སྡུག་མམཉམ་མྱོང་གི་ཆེད་དུ་ལོངས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme