Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ཞིག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ།

Posted on 2012-10-112012-10-11 By ཁ་བརྡ་ 24 Comments on རྒྱ་ཞིག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ།

རྒྱའི་རྩོམ་པ་པོ་ མའོ་ཡན་ ( Mo Yan) ཞེས་པར་ལོ་འདིའི་ནོ་བྷེལ་རྩོམ་རིག་གི་བྱ་དགའ་ཐོབ་འདུག་ཅིང་། དེ་ནི་ཅུང་བསམ་ཡུལ་ལས་འདས་པ་ཞིག་ཡིན་པར་ཆ་འཇོག་བྱེད་ཀྱིན་ཡོད་པ་དེ་ནི་ ཉེ་བའི་ལོ་དུས་རིང་ཡུ་རོབ་ཀྱི་རྩོམ་པ་པོ་རྣམས་ལ་སྤྲོད་པའི་ཁ་ཕྱོགས་ཤིག་ཡོད་པས་ཡིན་རབས་བཤད་འདུག
གཟེངས་རྟགས་འདེམས་སྒྲུག་ཚོགས་ཆུང་གིས་ མའོ་ཡི་རྩོམ་དེ་ཚོ་ནི་ དམངས་སྒྲུང་དང་ལོ་རྒྱུས། དེང་རབས་བཅས་ལྷན་དུ་བསྡུས་པའི་ “དངོས་ཡོད་འཆར་སྣང་ཅན་” ཞིག་ཡིན་པའི་གཟེངས་བསྟོད་བྱས་འདུག
འདི་ནི་རྒྱ་ནག་པ་ཞིག་ལ་ཐོབ་པ་ཐེངས་དང་པོ་དེ་མིན་པ་དང་། ༢༠༠༠ ལོར་ རྒྱའི་རྩོམ་པ་པོ་ གའོ་ཞིན་ཅིན་ལ་ (Gao Xingjian) ཐོབ་པ་དེ་རྒྱ་ནག་གཞུང་གིས་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་ཡོད་འདུག ཡིན་ན་ཡང་ཐེངས་འདིར་མའོ་ལ་ཐོབ་པ་དེར་པེ་ཅིན་གྱིས་དགའ་བསུའི་ཐོག་ངོས་ལེན་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

ནོ་བྷེལ་རྩོམ་རིག་བྱ་དགའ་འདི་ལ་ཨ་སྒོར་ས་ཡ་གཅིག་དང་གྲངས་ཆུང་གཉིས་ཡོད་འདུག

གསར་འགྱུར།

Post navigation

Previous Post: ད་ལྟ། ང་ནི་་་་་་་་་་་་་
Next Post: དེབ་ཀྱི་དབུ་འབྱེད་མ་གནང་གོང་འདོན་ཐེངས་དང་པོ་མངགས་ཉོའི་ལམ་ནས་རྫོགས་ཟིན་པའི་བོད་ཡིག་དེབ་ཅིག་ཐོན་ཡོད།

Comments (24) on “རྒྱ་ཞིག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ།”

  1. གནམ says:
    2012-10-11 at 8:53 am

    རྩོམ་ཆག་རེ་འབྲི་ཤེས་རྒྱུ་ཟིག་ཡིན་རྒྱུ་ན། ཨ་ལ་ལ། སྒོ་མོ་དེ་གོ་ཅིག་མང་གི་ཨ།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-10-11 at 12:45 pm

    དངོས་ཡོད་ཡིན་ན། འཆར་སྣང་ཅན་མ་རེད། འཆར་སྣང་ཅན་ཡིན་ན། དངོས་ཡོད་ག་ལ་འོངས། འོནད་ཀྱང་ཤར་ཕྱོགས་པ་ཅིག་དང་། དེའི་ནང་ནས་རྒྱ་རིགས་ཅིག་ལ་ཐོབ་པ་འདིས་རྒྱབ་ལྗོངས་སུ་རྒྱུ་མཚན་མང་དག་ཅིག་ཡོད་ངེས་སོ། །རྗེས་སུ་ཡི་རང་ཡོད་ལགས། དགེ་བར་འགྱུར་ཅིགུ །

  3. གསང་གྲོལ། says:
    2012-10-11 at 7:29 pm

    ༢༠༡༢ ལོའི་ནོར་སྤེལ་རྩོམ་རིག་བྱ་དགའ་སྟེ་རྒྱ་ནག་གི་རྩོམ་པ་པོ་མོའོ་ཡན་ལ་རག་ཡོད་འདུག་ལ། དེ་ནི་ནོར་སྤེལ་བྱ་དགའ་ཐོབ་པའི་རྒྱ་ནག་གི་མི་སེར་གཉིས་བ་དེ་ཡིན་འདུག མོའོ་ཡན་ལ་ནོར་སྤེལ་རྩོམ་རིག་བྱ་དགའ་རག་པའི་ཐད་ལ་རང་དབང་གི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཡུས་ཅེ་དང་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ། དམངས་གཙོ་དོན་གཉེར་བ་ཝེ་ཅིན་ཧྲིན་སོགས་ཀྱིས་སྐྱོན་བརྗོད་བྱས་ཡོད་འདུག་ལ། མོའོ་ཡན་ནི་རྒྱ་ནག་གཞུང་འབྲེལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་གུང་ཁྲན་ཏང་ཡོན་རྣལ་མ་ཞིག་ཡིན་འདུག་ལ། སྒེར་སྡོམ་སྲིད་གཞུང་ལ་བསྟོད་གླུ་ལེན་པའི་རྩོམ་པ་པོ་ཞིག་ལ་ནོར་སྤེལ་རྩོམ་རིག་བྱ་དགའ་ཐོབ་པ་ནི་ནོར་སྤེལ་གཟེངས་རྟགས་ཀྱི་ལོ་རྒྱུས་སྟེང་ཆེས་སྐྱུགས་བྲོ་བའི་གནས་ཚུལ་ཞིག་ཆགས་ཡོད་ཚུལ་བརྗོད་འདུག ༢༠༡༠ ལོ་ནོར་སྤེལ་ཞི་བདེ་གཟེངས་རྟགས་ལོའུ་ཞོ་པོ་ལ་སྤྲད་པའི་གནས་ཚུལ་དེ་རྒྱ་གཞུང་གིས་བཀག་སྡོམ་ནན་མོ་བྱས་ཡོད་ནའང་ཐེངས་འདིར་དེ་ལས་ལྡོག་སྟེ་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་གནས་ཚུལ་འདི་ཡོངས་ཁྱབ་ཀྱིས་བསྒྲག་བཞིན་ཡོད་འདུག མོའོ་ཡན་ལ་རྩོམ་རིག་བྱ་དགའ་རག་དོན་ནི་ཁོང་གིས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དང་དམངས་ཁྲོད་གཏམ་རྒྱུད། ལོ་རྒྱུས་དང་དེང་རབས་སྤྱི་ཚོགས་བཅས་ལྷན་གཅིག་ཏུ་འདྲེས་བའམ་བཙོ་སྤྱངས་བྱེད་ཡོད་པ་རེད་བཅས་བརྗོད། who with hallucinatory realism merges folk tales, history and the contemporary(将魔幻现实主义与民间故事、历史与当代社会融合在一起)”,

  4. ཅོག་རོང་བསེ་རུ་ཁྱུ་མཆོག says:
    2012-10-11 at 9:23 pm

    མོ་ཡན་ཞེས་བ་ནི་རྩོམ་པ་པོ་ཁོ་རང་གི་པུར་མིང་རེད།་ནང་དོན་ནི་སྐད་ཆ་མ་བཤད་ཅེས་པའི་དོན་ཡིན།སྐད་ཆ་མ་བཤད་ཅེས་དཔོན་སྒྲ་སྒྲོག་པའི་རྩོམ་མཁན་ཞིག་ལ་ནོ་སྦེལ་རྩོམ་གྱི་གཟེངས་རྟགས་ཤིག་རག་པ་ནི་གཟེངས་རྟགས་སྤྲོད་རག་གཉི་གར་ཀུ་རེ་རྩེད་པ་དང་འདྲ།འདི་དག་ལས་ང་ཚོས་ནོར་སྦེལ་གྱི་སྲ་ཞིང་མཁྲེགས་པའི་ཆབ་སྲིད་ཀྱི་རྒྱབ་ལག་དེ་མཐོང་དགོས།དེ་མིན་Goran Malmqvistལ་སོགས་པ་རྩོམ་རིག་ཁ་འཁྱེར་ནས་ཆབ་སྲིད་དང་ཚོང་འབྱོར་གྱི་དོན་ལ་གཞོལ་བའི་དེ་ཉིད་དེ་མཐོང་ཐུབ་དགོས།བཙན་བྱོལ་ནས་ཀྱང་ནོ་སྦེལ་རྩོམ་རིག་བྱ་དགའ་རག་ཐུབ་ལ་འབད་དགོས་མོད་བཙན་བྱོལ་གཞུང་ལ་དེ་ཐད་ཀྱི་ལྷག་བསམ་དང་དོང་ཙེ་ཡོད་མེད་བཤད་དཀའ།

  5. བསྟན་འཛིན་ says:
    2012-10-11 at 9:49 pm

    ཁོ་ལ་བྱ་དགའ་ཐོབ་པ་ནི། རྒྱ་ནག་དང་རུའུ་ཏེན་བར་ལ་ཚོང་གི་ཆིངས་ཡིག་བཞག་པས་རེད། ཧ་ཧ།

  6. ཅོག་རོང་བསེ་རུ་ཁྱུ་མཆོག says:
    2012-10-11 at 10:35 pm

    མཆོད་མེའི་་ཚང་གིས་འདིའི་སྐོར་ལ་བགྲོ་གླེང་ཚ་ཚ་འུར་འུར་བྱེད་ཀྱིན་ཡོད་པས་དེར་སོང་ནས་སྒྱོགས་རྡོ་ཞིག་འཕངས་ནས་བུད་ཡོང་།

  7. ཟུར་གནས། says:
    2012-10-11 at 11:25 pm

    དེང་སང་ཞི་བདེའི་བྱ་དགའི་འོས་འདེམ་པ་རྣམས་རྩ་མི་ཐང་བ་དང་། དབང་པོར་དུག་བཞུགས་ནས། སེམས་པ་ཡང་ཐང་པོ་མེད་སྐད། ཅུང་བདེན་པར་མཐོང་།

    སྔོན་མ་ཨ་རིའི་སྲིད་འཛིན་ཨོ་སྦ་མ་ལ་ཞི་བདེ་ཟེར་བའི་ཚིག་གཅིག་ཀྱང་བེད་སྤྱོད་བྱ་ལོང་མེད་པར་ཞི་བདེའི་བྱ་དགའ་སྤྲད་སོང་། འཛམ་གླིང་གི་མི་ཚང་མས་དེ་ལ་ལྟ་ཚུལ་ཡག་པོ་ཞིག་བྱུང་མ་སོང་། ད་ལོ་རྒྱ་ནག་བཅིངས་དཀྲོལ་དམག་མིའི་བྱས་རྗེས་དམག་ཟུར་ཅན། རྒྱ་དམར་ཚོགས་པའི་ཚོགས་མི། དེ་བཞིན་རང་དབང་ལ་རྡུང་རྡེག་གཏོང་མཁན་གྱི་རྒྱ་ནག་སྲིད་གཞུང་གི་རྒྱུག་ཁྱི་སྟེ། རྒྱ་ནག་རྩོམ་རིག་ཚོགས་པའི་ཚོགས་གཙོ་དེར་ནོ་ཝེལ་གྱི་བྱ་དགའ་སྤྲད་པ་འདིས། བྱ་དགའ་འདི་སྲོལ་གཏོད་མཁན་གྱི་དགོངས་པ་དང་འགལ་སོང་སྙམ།

    ང་ཕྱོགས་ཞེན་གྱི་སྐད་ཆ་ཤོད་ཀྱི་མེད། དྲང་པོ་ཤོད་ཀྱི་ཡོད། ནོ་ཝེལ་རྩོམ་རིག་བྱ་དགའ་འདིའི་དགོས་པ་གཙོ་བོ་དེ་གཏམ་བརྗོད་རང་དབང་ལ་རྩི་བཀུར་དང་། མི་དམངས་ཀྱི་བདེ་རྩར་ཕན་པའི་རིག་རྩལ་གྱི་བྱས་རྗེས་ཅན་དེ་ཚོར་སྤྲོད་པ་དེ་ལོ་རྒྱུས་ནང་ལ་འདུག། ད་ལྟས་ངན་པ་དེང་སང་གི་འདེམས་སྒྲུག་ཚོགས་ཆུང་མི་སྣ་དེ་ཚོས། སྤྲེལ་ལད་ཤ་སྟག་ཤོད་ཀྱི་འདུག

    ང་ཚོགས་པ་འདིའི་འབྲེལ་ཡོད་མི་སྣ་ཡིན་ན། སྔོན་ལ། ཚོགས་ཆུང་དེ་ཚོའི་ལས་མིའི་དངུལ་ཁང་ནང་ལ་རྒྱ་ནག་ནས་སྒོར་མོ་གཏོང་བ་སོགས་བྱས་ཡོད་མིན་གྱི་རྩད་གཅོད་གཏོང་ངེས་ཡིན།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-10-11 at 11:47 pm

    ཁོང་གིས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དང་དམངས་ཁྲོད་གཏམ་རྒྱུད། ལོ་རྒྱུས་དང་དེང་རབས་སྤྱི་ཚོགས་བཅས་ལྷན་གཅིག་ཏུ་འདྲེས་བའམ་བཙོ་སྤྱངས་བྱེད་ཡོད་པ་རེད་བཅས་བརྗོད། who with hallucinatory realism merges folk tales, history and the contemporary(将魔幻现实主义与民间故事、历史与当代社会融合在一起)”,
    འདིའི་གོ་དོན་ཡང་། ད་ལྟ་རྙེད་མ་སོང་ཡང་་་་་་་་ཨ་ར་པ་ཙ་གང་མང་གྲངས་ནས་་་་་ གཅིག་བྱས་ན་་་་་

  9. ལེགས་བཤད། says:
    2012-10-12 at 12:36 am

    ང་ཚོ་བོད་པ་ཚང་ལ་དེ་འདྲའི་ནོ་ཝེལ་གྱི་བྱ་དགའ་འཐོབ་འོས་པ་གང་མང་མང་ལོས་ཡོད། ཡིན་ཡང་ང་ཚོའི་སྤྱི་ཚོགས་ནང་རྩོམ་རིག་གིས་ཤུགས་རྐྱེན་ཐེབས་པ་ཧ་ཅང་ཉུང་ཉུང་རེད། གཙོ་བོར་རྩོམ་ཡིག་གི་རྒྱུ་སྤུས་དང་ཀློག་མཁན་གྱི་ངོས་ནས་བྱ་དགའ་དེ་ཐོབ་པ་རེད།

  10. བོད་ལ་ཞེན། says:
    2012-10-12 at 4:48 am

    ཁོ་ནི་རྒྱ་ནག་དམར་པོའི་གཞུལ་ལ་བསྟོད་གླུ་ལེན་མཁན་ཞིག་ཡིན་པས་མི་དམངས་ཀྱི་ཆེད་དུ་རྩོམ་མཁན་མ་རེད། ད་ནོ་སྦེལ་གྱི་བྱ་དགའ་དེ་ཚོ་ལོ་རེ་ནས་ལོ་རེ་ཆོ་མེད་དུ་འགྱུར་བཞིན་འདུག ན་ནིང་ཨོ་སྦ་མ་ལ་ཞི་བདེའི་རྟགས་མ། ད་ལོ་རྒྱ་ནག་གཞུང་གི་རྩོམ་པ་ཞིག་ལ་རྩོམ་རིགས་བྱ་དགའ། མདོར་ན་སྟོབས་ཆེན་རྒྱལ་ཁབ་ཚོ་ལ་ངོ་དགའ་སྤྲེལ་ལད་རེད།

  11. ལུང་རྟོགས། says:
    2012-10-12 at 7:02 am

    ཨ་ཁ་ཁ་་་ནོ་སྦེལ་ཚོགས་པའི་ལས་བྱེད་ཚོ་ཡང་ད་ཆ་པད་ཤག་གི་དྲན་གཡོག་ཙམ་ལ་འགྱུར་བཞིན་ཡོད་པ་འདྲ། ཇི་འདྲའི་ཐབས་སྡུག་ཞིག

  12. ཇ་མ་ says:
    2012-10-12 at 9:14 am

    ནོར་སྦེལ་ཚོགས་ད་ནི་སྨྱོན་པ་ཆགས་ཡོད་ས་རེད། མོ་ཡན་ལྟ་བུ་ལ་རྩོམ་རིག་གི་བྱ་དགའ་སྤྲོད་སྟེངས་ལ་ལྟས་ན་ཁོ་ཚོའི་ཆབ་སྲིད་ཀྱི་དགོས་དབང་ལ་ལྟས་ནས་སྤྲོད་ཀྱི་ཡོད་སྲིད་པ་ལས་མོ་ཡན་ལྟ་བུའི་རྩོམ་རྩལ་ཅན་དེང་སང་རྒྱ་ནག་ནང་དུ་ཧ་ཅང་མང་པོ་རེད།

  13. རིག་པའི་བུ says:
    2012-10-12 at 2:13 pm

    འཇིག་རྟེན་ནས་སྟོབས་ཤུགས་མ་གཏོགས་སྙིང་རྗེ་སྒོམ་མཁན་མེད་ཡ། བོད་པ་ཚོ་བླ་མ་ཚོ་དང་དེ་ལ་མཐུན་ཕྱོགས་བྱེད་ཚོའི་མགོ་སྐོར་འོག་ཏུ་ཐེབས་པ་རེད།

  14. ལེགས་བཤད། says:
    2012-10-12 at 3:31 pm

    གཤམ་གསལ་དབྱིན་ཚིག་འདི་ལ་བོད་འགྲེལ་གནང་ཐུབ་མཁན་སུ་ཡོད་དམ།
    Einstein stated: “The reactionary politicians have managed to instill suspicion of all intellectual efforts into the public by dangling before their eyes a danger from without. Having succeeded so far they are now proceeding to suppress the freedom of teaching and to deprive of their positions all those who do not prove submissive, i.e. to starve them.” His advice: “Every intellectual who is called before one of the committees ought to refuse to testify, i.e. he must be prepared for jail and economic ruin, in short, for the sacrifice of his personal welfare in the interest of the cultural welfare of his country.” Concluding, Einstein said, “If enough people are ready to take this grave step they will be successful. If not, then the intellectuals of this country deserve nothing better than the slavery which is intended for them.”

  15. རང་དབང་། says:
    2012-10-12 at 8:47 pm

    རྒྱ་རྒན་དེས་ག་རེ་འདྲ་ཞིག་བྲིས་ཡོད་ན། རྩོམ་རིག་བྱ་དགའ་དང་རྒྱ་མི་ལ་ཐོབ་སྲིད། རྩོམ་དགོས་ན་མ་ཡིན་པ་ཡིན་པ་དང་། ཡིན་པ་མིན་པ་རྩོམ་ཐུབ་ཀྱི་རེད། འོན་ཀྱང་ཞི་བདེའི་བྱ་དགའ་རྒྱ་མི་ལ་ཐོབ་པ་སྲིད་ཀྱི་མ་རེད། ལུའུ་ཤོ་སྤོ་ལ་སྤྲད་པ་དེ་ཆབ་སྲིད་རང་རེད། དོན་ངོ་མ་ཁོ་ལ་ཞི་བདེའི་བྱ་དགའ་མི་འོས།

  16. ལོག་སྨྲ་ཚར་གཅོད། says:
    2012-10-13 at 12:22 am

    རྒྱ་རྒན་འདི་སྲིད་དབང་གཅིག་བསྡུད་ཀྱི་ལམ་ལུགས་ལ་མཐའ་གཅིག་ཏུ་དགའ་ཞེན་བྱེད་མཁན་ཞིག་དང་མའོ་རྩེ་ཏུང་དང་ཏང་ཀྲུང་དབྱངས་བསྟོད་རྩོམ་འབྲི་མཁན་ཨང་དང་པོ་དེ་ཡིན་པས་ཁོ་པ་ལ་ནོ་ཝེལ་རྩོམ་རིག་བྱ་དགའ་ཐོབ་པ་དེ་ནི་ནོ་ཝེའི་ཚོགས་པ་དེར་རྒྱ་མིས་དངུལ་ཤུགས་ཀྱི་འདྲེ་ལག་རེག་ཟིན་པ་དང་དཔལ་འབྱོར་བྱུང་ན་དྲང་བདེན་དང་རང་དབང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་མི་བརྩི་མཁན་ཞིག་ཆགས་ཟིན་པའི་རྟགས་མཚན་གསལ་པོ་ཡིན། འདོད་ཡོན་སྨྱོས་ཆུ་བཏུང་ནས་འཐོམ་པར་འགྱུར། ཞེས་པ་ལས་མ་འདས་སོ། གཉིས་ནས་གུང་ཁྲན་དང་ལྟ་བ་མི་མཐུན་མཁན་ཁ་ཤས་ལ་གཟེངས་རྟགས་སྤྲོད་སྐབས་རྒྱ་གཞུང་གིས་ཁོང་ཁྲོ་ཆེན་པོས་གནོན་ཤུགས་སྤྲོད་པ་དེས་ད་རེས་རྒྱ་གཞུང་གི་མཐུན་ཕྱོགས་ཤིག་སྤྲོད་པ་དེས་གུང་ཁྲན་ལ་ངོས་དགའ་བྱས་པ་ཞིག་ཡིན་པའང་མཚོན་ཐུབ།

  17. རྡོ་རྗེ་རྒྱལ་མཚན། says:
    2012-10-13 at 2:12 am

    ཁོང་གིས་ལི་ཞོ་པོ་ཡི་སྐོར་ལ་འགྲེལ་བརྗོད་བྱས་པ་ཅིག་འགྲེལ་ཐག་འདི་ན་འདུགhttp://www.csmonitor.com/World/Latest-News-Wires/2012/1012/Nobel-laureate-for-literature-Mo-Yan-urges-China-dissident-Liu-Xiaobo-s-freedom

  18. ཀརྡོ་གཉེར་ཕྱག་པ་ says:
    2012-10-13 at 3:03 am

    འདི་ལོ་ཨ་རིར་བྲོས་བྱོལ་དུ་བསླེབས་པའི་རྒྱ་རིགས་རྩོམ་པ་པོ་ཡུས་ཅའེ་ཡིས། “ གལ་སྲིད། ནུབ་ཕྱོགས་སྤྱི་ཚོགས་ནང་རྩོམ་པ་པོ་གང་རུང་ཞིག་གིས་ཞི་ཐི་ལི་ལ་བསྟོད་བསྔགས་བྱས་ཚེ། ཁོ་ལ་གཟེངས་རྟགས་དེ་ཐོབ་མི་སྲིད་པ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་གཞི་རྩའི་རྒྱུན་ཤེས་ཤིག་ཆགས་ཡོད་པ་རེད། ཡིན་ནའང་། མའོ་ཙེ་ཏུང་ལ་བསྟོད་བསྔགས་བྱེད་མཁན་རྒྱ་རིགས་རྩོམ་པ་པོ་ཞིག་ལ་གཟེངས་རྟགས་དེ་སྤྲད་ཡོད་པ་རེད། མའོ་ཡིས་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་འཕྲོག་པའི་གྲངས་འབོར་ནི་སི་ཏ་ལེན་དང་ཞི་ཐི་ལི་གཉིས་ལ་ཆེས་ཆེར་བརྒལ་ཡོད་པ་རེད། དེ་གཉིས་ཕན་ཚུན་གཤིབ་བསྡུར་གྱི་ཐོག་ནས་བལྟས་ཚེ་ནུབ་ཕྱོགས་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྣང་མེད་གཏོང་བཞིན་པ་མཐོང་ཐུབ། འདི་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་གཅིག་པུའི་ངོས་ཐད་ཙམ་མ་ཡིན་པར། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དམངས་གཙོ་བཅས་འཛམ་གླིང་གི་ཡོངས་ཁྱབ་རིན་ཐང་གི་ངོས་ནས་ཀྱང་རྒྱབ་འགལ་དུ་གྱུར་ཡོད། ནོ་སྦེལ་རྩོམ་རིག་གཟེངས་རྟགས་མའོ་ཡཱན་ལ་སྤྲད་པ་དེ་ནི་ཧ་ཅང་དགོད་བྲོ་བའི་མཇུག་འབྲས་ཤིག་རེད།” ཅེས་བརྗོད་་་་་་ཟེར།

  19. ཀརྡོ་གཉེར་ཕྱག་པ་ says:
    2012-10-13 at 4:42 am

    ཧིཊ་ལར་དང་སི་ཏྰ་ལིན་གཉིས་བསྡོམས་ནས། དེ་ལས་ལྷག་པའི་མི་གསོད་མཁན་རྒྱ་མི་མའོ་ཡིས་མི་གསོད་ཁྲག་སྦྱོར་བྱེད་མཁན་ཡིན་པ་དེ། རྒྱ་རིགས་རང་གི་རྩོམ་པ་པོས་ཁ་ཐོན་པ་འདིས། ད་ལྟའི་རྒྱ་གཞུང་ལ་ཡང་འགྲམ་ལྕག་ཚ་ཐག་གཅོད་ཅིག་ཞུས་པ་གཅིག་པ་མ་རེད་པེ། ཧ་ཧ་ཧ།

  20. གཉིས་མེད་སེངྒེ says:
    2012-10-13 at 11:02 am

    པེ་ཅིང་ཤར་གྱི་ཕྱོགས་ནས།།གསེར་མདོག་ཉི་འོད་འཕྲོས་བྱུང་།།གསེར་མདོག་ཉི་འོད་མ་རེད།།མའོ་ཙེ་ཏུང་གི་བཞིན་རེད།།ཅེས་པའི་བསྟོད་གླུ་དེས་གུང་ཁྲན་ཏང་ཡོན་མ་ཟད་འཛམ་གླིང་ན་མངོན་པའི་ང་རྒྱལ་འཛིན་མཁན་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཚོགས་པའི་སེམས་བཀུག་པ་འདིར་ཡ་མཚན་པ་ལ་ནི་ཚོད་མ་མཆིས།

  21. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 2:54 am

    པེ་ཅིང་ཤར་གྱི་ཕྱོགས་ནས།།
    གསེར་མདོག་ཉི་འོད་འཕྲོས་བྱུང་།།
    གསེར་མདོག་ཉི་འོད་མ་རེད།།
    མའོ་ཙེ་ཏུང་གི་བཞིན་རེད།།
    ཅེས་པའི་ལན་ནི།
    པེ་ཅིང་ཤར་གྱི་ཕྱོགས་ནས། །
    དམར་མདོག་ཉིད་འོད་ཤར་བྱུང་། །
    དམར་མདོག་ཉི་འོད་མ་རེད། །
    མ་འོས་དམར་གསོད་ཁྲག་རེད། །

  22. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 2:58 am

    མ་འོ་ལག་དམར་དེ་ཡི། །
    ལག་དམར་རོ་གོག་དེ་ཡང་།
    ག་དུས་ཕྱིར་འདོན་བྱེད་ཡོང་། །
    ངས་ནས་བསྒུག་ནས་བསྡད་ཡོད། །

  23. ཀརྡོ་གཉེར་ཕྱག་པ་ says:
    2012-10-14 at 3:00 am

    ངས་ནས། དེ། ང་ནི་ལ་བཅོས།

  24. དྲ་གཉིད་ says:
    2012-10-14 at 3:24 pm

    རྒྱ་དམར་གུང་བྲན་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་བཟོས་པ་རེད།རྒྱུ་མཚན་ནི་རྒྱ་མུ་ཡན་ལ་ནོ་བྷེའི་གཟེངས་རྟགས་ཐོབ་པར་གུང་བྲན་གཞུང་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་རྗེས་རྩོམ་པ་པོ་མོ་ཡན་ནས། ནོ་བྷེའི་ཞི་བདེའི་གཟེངས་རྟགས་ཐོབ་རྗེས་རྒྱ་དམར་གཞུང་ནས་བཙོན་དུ་བཅུགས་པ་ལེའུ་ཞའོ་པོའོ་བཙོན་འོག་ནས་གློད་ཁྲོལ་ཡོངས་བའི་ཡོང་བའི་འབོད་བསྐུལ་བ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme