Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱོད་དང་ང་ལ་སོ་སོའི་རྨི་ལམ་ཞིག་ཡོད་པ་ལྟར། རང་ལུས་གཞོམ་བསྲེགས་བྱས་པའི་ངའི་སྤུན་མཆེད་ལའང་རྨི་ལམ་ཞིག་ཡོད་པ་རེད།

Posted on 2012-10-092012-10-09 By ཁ་བརྡ་ 24 Comments on ཁྱོད་དང་ང་ལ་སོ་སོའི་རྨི་ལམ་ཞིག་ཡོད་པ་ལྟར། རང་ལུས་གཞོམ་བསྲེགས་བྱས་པའི་ངའི་སྤུན་མཆེད་ལའང་རྨི་ལམ་ཞིག་ཡོད་པ་རེད།

རྒྱལ་མཚན། (བསོད་ནམས་རྒྱལ་གྱིས་བསྒྱུར།)
མ་རྩོམ་འདི་ན་ཡོད།http://www.tibettelegraph.com/2012/08/my-cousin-who-set-self-on-fire-too-has.html

ངའི་སྤུན་མཆེད་དེ་བློ་བཟང་འཇམ་དབྱངས་ཀྱིས་རང་ཉིད་ཀྱི་གཅེས་སྲོག་མེ་ལ་མཆོད་པའི་ཟླ་བ་ཁ་ཤས་རྗེས་ཀྱི་ཉིན་ཞིག་ལ། སློབ་གྲོགས་རེ་གཉིས་ཤིག་གིས་འདི་ལྟར་གླེང་མོལ་བྱེད་བཞིན་པ་ང་ཡིས་ཐོས་བྱུང་། “ཁོ་ཚོ་ལོ་གསར་གྱི་རྗེས་ནས་ཅི་ཕྱིར་མེ་ལ་སྒྲོན་གྱིན་མེད་དམ། དེ་ཡིས་ལོ་གསར་གྱི་དགའ་སྟོན་ལ་བར་ཆད་བཟོ་བཞིན་འདུག”ཅེིས་བཤད་བཞིན་མཆིས། ཁོ་ཚོས་སྐད་ཆ་དེ་བསམ་བཞིན་དུ་ང་ལ་བཤད་ཀྱིན་མེད་ན་ཡང་། དེ་ནི་མཚོན་ཆ་ཞིག་དང་འདྲ་བར་ངའི་སེམས་ལ་ཟུག་ནས་སླེབས་སོང་། ངས་ཁོ་ཚོ་ལ་སྦར་འཛིན་ཞིག་བྱེད་དེ་རྡོག་པས་ཁ་ཤས་བརྫིས་ན་བསམ་མོད། འོན་ཀྱང་། ཡིད་ལ་སྐྱོ་སྣང་གིས་ཁེངས་ཞོར་ངས་རང་ཉིད་ཀྱི་ཁོང་ཁྲོ་ཁོག་ལ་མིད་དེ་ཁོ་ཚོ་བསྐྱུར་ནས་བཞག་པ་ཡིན། ང་རང་གི་སྤུན་མཆེད་དང་ཡང་ན་གཞན་སུ་ཞིག་གིས་གཅེས་སྲོག་མེ་ལ་སྒྲོན་ཏེ་འཐབ་རྩོད་བྱེད་པའི་རྣམ་པ་དེ་མཆོག་ཏུ་གྱུར་བའི་ཐབས་ལམ་ཞིག་ཡིན་མིན་ཇི་ལྟར་ཡང་། ཁོ་ཚོས་སེམས་པ་རྣམ་དག་གིས་རང་ཉིད་ཀྱི་གཅེས་སྲོག་མ་འོངས་བོད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་མཇུག་བསྡུས་སོང་། ཁོ་ཚོ་ཚང་མ་ནི་རང་ཉིད་ལས་བོད་རྒྱལ་ཁབ་ལ་སྙིང་ཉེ་ཞིང་ཤ་ཚ་བས། འདི་ནི་གངས་ལྗོངས་འཛུགས་བསྐྲུན་གྱི་ཆེད་དུ་ཁོ་ཚོས་རང་ཉིད་བློས་བཏང་བྱས་བའི་རྒྱུ་མཚན་ཡིན་པ་ལས། རང་ཉིད་ཀྱི་གཅེས་སྲོག་ལ་རིན་ཐང་གི་ཁྲ་ཡིས་མ་རྒྱན་པ་ཞིག་ག་ལ་ཡིན། ང་རང་གི་སྤུན་མཆེད་ལ་ཆ་བཞག་ནས་བཤད་ན། ཁོ་ལ་ཡང་ང་ཚོ་ལ་ཡོད་པ་ལྟར་གྱི་ཕུགས་བསམ་ཡོད་ཅིང་། ཁྱིམ་ཚང་སྐྱོང་བ་དང་བུ་ཕྲུག་གསོ་བ། ཚེ་ཐག་རིང་ནས་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་ན་ལོས་འདོད། ད་དུང་ཁོ་ནི་ཧ་ཅང་གི་ཕོ་ཉམས་དོད་ཅིང་གསོན་ཤུགས་ཀྱི་ཁེངས་བའི་ཕོ་གསར་ཅིག་ཡིན། ཁྱད་པར་ཏུ་ཁོ་ནི་ཁྱིམ་མཚེས་རྣམས་ལ་འབྲེལ་འདྲིས་བཟང་ཞིང་རོགས་རམ་བྱེད་རྒྱུ་ཡང་ཧ་ཅང་དགའ་མཁན་ཞིག་ཡིན། ད་དུང་ཁོས་རང་ཉིད་ཀྱི་མི་ཚེ་གསར་བ་ལ་རྨི་ལམ་གསར་བ་ཞིག་བཟུང་ནས་ཡོད་ལ། སློབ་སྦྱོང་ལ་ཡང་ཧུར་ཐག་འབད་ཐག་བྱས་ཏེ་སྐད་ཡིག་གི་འབྲི་རྩོམ་གྱི་ཕྱོགས་ནས་བྱ་དགའ་ཡང་བླངས་ཡོད། ལྟོས་ས་ལྟོས་འཇོག་གི་ཁོ་རང་ཤེས་ཡོན་པ་ཞིག་ཡིན། གང་ལྟར་ཀྱང་། ཁོ་ནི་རང་ཉིད་ལས་བོད་རྒྱལ་ཁབ་དང་མི་རིགས་ལ་དུངས་བ་ཟབ་ཅིང་སྙིང་ཉེ་མཁན་ཞིག་རེད། དེ་བཞིན་རང་སྲོག་མེ་ལ་མཆོད་མཁན་གཞན་དག་ཚོ་ལ་ཡང་དེ་ལྟ་བུའི་བསམ་བློ་ཡོད་པ་ངས་ཤེས་ཡོད།
འཆི་བ་ནི་ལས་སླ་མོ་ཞིག་མ་རེད། ཁྱད་པར་ཏུ་རང་ལུས་མེ་ལ་སྒྲོན་ཏེ་འཆི་བ་ནི་བློའི་ཡུལ་ལ་དཔོག་དཀའ་བ་ཞིག་རེད། ཁོ་ཚོས་རང་ཉིད་ཀྱི་ཕ་མ་དང་སྤུན་མཆེད་གཉེན་ཉེ་དུ་སོགས་རྒྱབ་ལ་བསྐྱུར་ཏེ་ཕྱི་མར་གཤེགས་པའི་སེམས་ཐག་བཅད། ཁོ་ཚོ་མ་གཤེགས་པའི་སྔ་རོལ་ཏུ་ཐེངས་མ་མང་པོ་ཞིག་ལ་ངུ་བཤུམ་བྱས་ཡོད་པ་ཁོ་ཐག་ཡིན། ཁོ་ཚོ་ནི་བཙན་ཤེད་ཆེ་བའི་སྲིད་ཇུས་ཀྱི་མདུན་ནས་འགྲེང་ཞིང་དེ་ལ་རྒྱབ་གཏོད་བྱེད་མཁན་དང་། རྒྱ་དམར་གྱི་ཚུལ་འཆོས་ཀྱི་ཁས་ལེན་དག་ནི་བརྩི་མེད་དུ་གཏོང་མཁན་རྣམས་ཡིན། ཁོ་ཚོས་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་ཏེ་འཇིགས་པ་ཅི་ཡང་མེད་པར་ཕྱི་མར་གཤེགས་སོང་། ང་ཚོས་ཞི་མོལ་ལ་རེ་བ་དང་བོད་ནང་གི་བོད་མི་ཚོར་ཡ་རབས་ཚུལ་ལྡན་དགོས་བའི་ཞུ་འབོད་བྱེད་བཞིན་ཡོད་ན་ཡང་། རྒྱ་ནག་གིས་གཏན་ནས་ང་ཚོའི་ཁར་ཉན་གྱིན་མེད། ཐ་ན་མེ་ལ་མཆོད་པའི་དཔའ་བོ་དཔའ་མོ་ཚོར་མྱ་ངན་གྱི་ངུ་འབོད་ཀྱང་བྱེད་ཆོག་གི་མེད་ལ། བོད་ལ་རང་དབང་དགོས་བ་དང་གོང་ས་མཆོག་བོད་ལ་ལོག་དགོས་ཞེས་བརྗོད་རྒྱུ་ནི་དེ་བས་ག་ལ་ཆོག ད་དུང་རྒྱ་ནག་གཞུང་གིས་བོད་ཁུལ་ལ་དམག་དཔུང་འགྲེམས་འཇོག་མང་དུ་སྤར་བཞིན་ཡོད་པ་མ་ཟད། ཚད་ལས་བརྒལ་བའི་དྲག་གནོན་བྱས་ཏེ་གཏོར་བཅོམ་དང་གས་ཆག་ཏུ་གཏོང་བཞིན་ཡོད་པ་རེད། ད་དུང་། བོད་ནས་ངོ་རྒོལ་གྱི་ལས་འགུལ་བྱུང་ཚེ།ཁྲི་མུན་བཙོན་ལ་བརྫངས་རྐྱང་དང་སྡིགས་ར་མནར་གཅོད་གཏོང་རྐྱང་བྱེད་ཀྱིན་མཆིས། སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་ཁོ་ཚོས་ཉེན་ཁ་གདོང་གིས་བསུས་ཤིང་སྐད་འབོད་དང་བླ་འབོད་བྱས་ཏེ་རྒྱ་དམར་གྱི་རྣོག་ལས་དང་དྲག་སྤྱོད་ལ་ངོ་རྒོལ་དང་ཁ་གཏད་བྱས། སྙིང་རྗེ་ཁབ་རྩེ་ཙམ་ཡང་མེད་པའི་རྒྱ་དམར་གྱི་གཉེན་རྟོག་པ་དང་དབང་ཡོད་མགོ་འཛིན་པ་ཚོས་ཆོས་ཀྱི་ཉམས་ལེན་བྱེད་སའི་ལྟེ་སྙིང་དུ་གྱུར་ཡོད་པའི་གནས་ཆེན་དགོན་སྡེ་ཁག་དང་ལོ་རྒྱུས་རང་བཞིན་ཅན་གྱི་རྡོ་རིང་དང་གླེགས་བམ་བཅས་ཧ་ལམ་ཡོངས་རྫོགས་གཏོར་བཅོམ་དུ་བཏང་། རྒྱ་དཔུང་གིས་དགོན་སྡེ་ཀུན་གྱི་མཐའ་ནས་བསྐོར་ཞིང་གྲྭ་བ་དང་གཉེར་བ་སྟོང་ཕྲག་མང་པོ་དམར་གསོད་དང་རྨོས་སྐྱོན་བཟོས་བ་མ་ཟད། བོད་མི་ཡོངས་ཕྱི་བཏུམ་ནང་བཏུམ་བྱས་ཏེ་ཁོ་ཚོས་མྱོང་བཞིན་ཡོད་པའི་སྡུག་བསྔལ་དང་ཁོ་ཚོ་ལ་དམའ་འབེབས་དང་ཁྱད་གསོད་བྱེད་བཞིན་པ་སོགས་སུ་ལ་ཡང་ཤེས་རྟོགས་བྱེད་དུ་མ་བཅུག ད་དུང་། དྲང་བདེན་དང་བསྡོངས་ཏེ་ཀེར་རེ་ལངས་མཁན་གྱི་བོད་མི་དག་ནི་སྡང་བའི་དགྲ་བོ་ལྟར་ལྕགས་ཀྱིས་བསྡམས་ཏེ་ལྐོག་ལྐོག་སུབ་སུབ་ཀྱི་སྒོ་ནས་ཁ་ཤས་ཁྲི་མུན་བཙོན་ལ་བརྫངས་བ་དང་ཁ་ཤས་ཐ་ན་དམར་གསོད་ཀྱང་བཏང་ཡོད།
ང་ཚོའི་འཐབ་རྩོད་དང་ཁྱད་པར་དུ་རང་ལུས་མེ་ལ་མཆོད་པའི་ཚ་སོབ་སོབ་ཀྱི་གསར་འགྱུར་དེ་སྒྲ་མི་གོ་བའི་འོན་པ་ཞིག་གི་རྣ་ལ་ལྷུང་བ་དང་འདྲ་ཡང་། བོད་ཀྱི་འཐབ་རྩོད་འདི་རྣ་ཡོད་མཁན་ཚོས་ཉན་གྱིན་མེད་པ་དང་སེམས་མཁན་ཡོད་ཚོས་དོ་སྣང་མེད་པ་ཞིག་ཡིན་པ་དེ་ཡང་བདེན་པ་མ་ཡིན་ནོ།། རྒྱལ་སྤྱི་ཡིས་བྷོ་རྫི་རྫི@་ཟེར་བའི་མི་ཞིག་གིས་གཞུང་དང་ལས་རོགས་ཚོས་རང་ཉིད་ལ་ཁྱད་གསོད་དང་དམའ་འབེབས། སུན་གཙེར་དང་བརྡབ་གསིག་བྱས་པ་མ་ཟད། རང་ཉིད་ཀྱི་ཚོང་རྫས་ཚང་མ་ཡང་གཞུང་བཞེས་བཏང་ཏེ། ཐ་ན་རང་ཉིད་ལ་ཉེས་འགལ་ཡང་ཕོག་སོང་བས། ཡིད་མུག་པའི་བྱ་སྤྱོད་དེ་ལ་ངོ་རྒོལ་བྱེད་ཆེད། སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ལ་ ཐུ་ནི་སཱིན < Tunisia >་ཞེས་བའི་སྲང་ལམ་དེ་ནས་རང་ལུས་མེ་ལ་སྒྲོན་པའི་ལས་འགུལ་དེ་ལ་དོ་སྣང་སྤྲད་པ་ཞིག་བོད་མི་ཚོས་འ་ཆད་འུ་ཐུག་གིས་རང་ལུས་མེ་ལ་མཆོད་པའི་ལས་འགུལ་འདི་ལ་དོ་སྣང་སྤྲད་མེད། གང་ལྟར་ཀྱང་། བོད་ལ་ཐེབས་པའི་དེ་ཡི་ཤུགས་རྐྱེན་ནི་ཚད་ལས་བརྒལ་བ་ཞིག་རེད། ཏག་ཏག་ང་རང་གི་སྤུན་མཆེད་ཀྱིས་རང་ལུས་མེ་ལ་སྒྲོན་པའི་རྗེས་ནས། ས་དེའི་རྒན་དར་གཞོན་གསུམ་ཚང་མ་ང་ཡི་གྲོང་སྡེ་དེར་ཡོང་ནས་ཚང་མ་ཁྱིམ་མི་གཅིག་གི་འདུ་ཤེས་ཀྱི་སྒོ་ནས་ཤི་བོ་ཚང་ལ་རོགས་རམ་འདེགས་བྱས་འདུག ད་དུང་རྩོད་རྙོག་དང་དཀའ་ངལ་སོགས་ཀུན་གྱིས་རྡོག་རྩ་གཅིག་སྒྲིལ་གྱིས་སེལ་ཐབས་བྱས་པ་མ་ཟད། ཐ་ན་སྔོན་ཆད་འཁོན་འཛིན་དང་ཁ་ཁ་ཡིན་པའི་གྲོང་མི་ཚོ་ཡང་ད་ལྟ་ཕན་ཚུན་སྤུན་མཆེད་ནང་བཞིན་སྡུག་མཉམ་ཁུར་དང་ལས་མཉམ་སྒྲུབ་ཀྱི་ངང་འཚོ་བཞིན་མཆིས། ཐ་ན་ང་རང་གི་ཨ་མས་ཀྱང་དགུང་ལོ་ལྔ་བཅུ་ལ་སོན་ཡོད་ཀྱང་རང་རེའི་སྐད་ཡིག་གི་འབྲི་ཀློག་སྦྱང་མགོ་ཚུགས་འདུག་ལ། ཉིན་རྒྱུན་སྐད་ཆ་བཤད་དུས་ཀྱང་རྒྱ་སྐད་བསྲེས་ཏེ་མི་བཤད་པར་རང་སྐད་གཙང་མ་བཤད་པའི་འབད་རྩོལ་བྱེད་ཀྱིན་འདུག ང་ཚོས་བཙན་བྱོལ་ནས་ཁ་བརྡ་བྱེད་སྐབས་རང་སྐད་ལ་དབྱིན་སྐད་བསྲེས་བ་ལྟར། དེ་བཞིན་བོད་ནང་ན་ཡང་ནམ་རྒྱུན་རང་སྐད་ལ་རྒྱ་སྐད་བསྲེས་ནས་ཁ་བརྡ་བྱེད་བཞིན་ཡོད་པ་རེད། ཡིན་ན་ཡང་། འདི་འདྲའི་སྐྱོ་གར་ཅིག་བྱུང་བའི་རྗེས་ནས་བཟུང་། བོད་ནང་གི་བོད་མི་ཚོས་ཁ་བརྡ་བྱེད་དུས་རྒྱ་སྐད་སྤྱོད་ཀྱིན་པ་ཧ་ཅང་ཉུང་ཞིང་། རང་རེའི་སྐད་ཡིག་དང་རིག་གཞུང་དར་སྤེལ་གཏོང་བར་ཐབས་བརྒྱ་ཇུས་སྟོང་གིས་འབད་རྩོལ་བྱེད་ཀྱིན་འདུག གནས་ཚུལ་འདི་ནི་སྟོབས་འབྱོར་མངའ་ཐང་མེད་ཞིང་ཡར་རྒྱས་ཀྱི་རྣམ་པ་བྲལ་བའི་གྲོང་སྡེ་ཆུང་ཆུང་ཞིག་ནས་བྱུང་བ་ཞིག་ཡིན་ན་ཡང་། གནམ་འོག་འདི་ནས་འདི་ལྟ་བུའི་གནས་ཚུལ་མཉམ་འཛོམས་བྱེད་དུས། འཐབ་རྩོད་འདི་དག་དང་ཁྱད་པར་དུ་རང་ལུས་མེ་ལ་སྒྲོན་པ་འདིས་བོད་མིའི་ནང་ཁུལ་ལ་ཆིག་སྒྲིལ་དང་རྒྱལ་ཞན་གྱི་མེ་སྟག་གསར་བ་ཞིག་མཆེད་དེ་བོད་མི་མང་པོ་ཞིག་རྨོངས་གཉིད་ལས་དཀྲོགས་སོང་།
དྲང་བདེན་ནི་རྒྱ་དམར་ལ་འཕྲད་དུས་ཅི་ཡང་མིན་པ་ཞིག་རེད།རྒྱ་དམར་ལ་ཁ་ལེན་ཚིག་བརྩི་བྱེད་མཁན་ཁོ་ན་དགོས་ཤིང་། ཁོ་ཚོས་དེ་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་བོད་ཀྱི་བདེན་པ་དེ་བཀབ་སྦོས་བྱེད་བཞིན་ཡོད། ཡིན་ན་ཡང་། དྲང་བདེན་ནི་ནམ་ཡང་དྲང་བདེན་ཡིན་ལ་བཙན་ཤུགས་དང་དབང་ཐང་གིས་དེ་སྐྱག་རྫུན་ལ་ཁྱོན་ནས་བསྒྱུར་མི་ཐུབ། ཐ་ན་བོད་མི་ཁྲི་སྟོང་མང་པོ་གསད་ཀྱང་ལོ་རྒྱུས་ཀྱི་དེབ་ཐེར་ན་བོད་ནི་རྒྱ་དམར་ལས་ཁ་ཁ་ཡིན་པ་འགྱུར་མེད་སྔར་གནས་ལྟར་ཡིན། ད་དུང་རྒྱ་དམར་གྱིས་གོང་ས་མཆོག་ལ་ཁུངས་མེད་ལུང་མེད་ཀྱིས་ཉེས་འཛུགས་དང་དཀྲོག་གཏམ་སྤེལ་ཏེ་ཁ་གཏད་དང་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། ཡིན་ན་ཡང་བོད་མི་ཚོས་བོད་རྒྱ་གཉིས་ཀྱི་གནད་དོན་འདི་ཞི་བའི་སྒོ་ནས་སེལ་ཐབས་ཤིག་མ་གཏོགས་ཐབས་ལམ་གཞན་ཅི་ཡང་བཏོད་མི་སྲིད། ཁྱད་པར་དུ་རྒྱ་དམར་གྱི་གཞི་རྩ་མེད་པའི་ཉེས་འགེབ་སྐྱོན་འདོགས་བྱེད་པའི་བྱ་སྤྱོད་འདི་ནི་རྒྱལ་སྤྱིའི་་མིག་ནང་གི་ཁོ་རང་ཚོའི་སྣང་བརྙན་དེ་ནག་ནོག་ལ་བཟོ་བཞིན་ཡོད་པ་ཞིག་ཀྱང་རེད། ང་ལ་རང་ལས་གཞན་གཅེས་ཀྱི་གཅེས་སྲོག་མེ་ལ་མཆོད་མཁན་འདིས་རྒྱལ་སྤྱི་ཡོངས་རྫོགས་སེམས་འགུལ་ཐེབས་པ་ཞིག་བྱེད་མི་དགོས་ཤིང་། དེས་བོད་མི་རང་ཉིད་ལ་བློ་སྤོབས་ཤིག་བསྟབས་ཡོད་ན་དེ་ཙམ་གྱིས་ཆོག་གོ།
སྒྱུར་པ་པོའི་ཟུར་མཆན།
@བྷོ་རྫི་རྫི་སྟེ་ཁོང་གི་མིང་ཆ་ཚང་ལ(Tarek al-Tayeb Mohamed Bouazizi)་ཟེར།ཁོང་ནི་ཨ་ཡབརྒྱལ་ཁབ་ཀྱི་མི་སེར་དཀྱིས་མ་ཞིག་ཡིན་ཞིང་།སྲང་ལམ་ནས་ཚོང་ལས་གཉེར་མཁན་ཞིག་ཀྱང་རེད།གཞུང་དང་ཁོང་གི་ལས་རོགས་ཚོས་སུན་གཙེར་དང་གཉའ་གནོན་གྱི་རྐྱེན་པས།སྤྱི་ལོ་༢༠༡༠ལོའི་ཟླ་༡༠ཚེས་༡༧ཉིན་ལ་ཐུ་ནི་སཱིན < Tunisia >་ཞེས་བའི་སྲང་ལམ་དེ་ནས་རང་ལུས་མེ་ལ་སྒྲོན།སྐབས་དེར་ཁོ་རང་དུང་ལོ་ཉེར་བདུན་རེད།དེ་ཡིས་རྐྱེན་བྱས་ཏེ།ཨ་རབ་ཀྱི་མེ་ཏོག་བ་སྤུ་ཡི་གསར་བརྗེ་བསླངས།ད་དུང་དཀྱིལ་ཨེ་ཤའི་གླིང་ལ་དེ་ཡི་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ལི་བྷི་ཡཱའི་སྒེར་གཅོད་སྲིད་དབང་ལམ་ལུགས་རྩ་སློག་བྱས་ཏེ་སྲིད་འཛིན་ངྒ་རྡ་ཧྥི་ ་ཡི་ཚེ་སྲོག་ཀྱང་ཤོར་སོང་བ་རེད།

སྣ་ཚོགས།

Post navigation

Previous Post: ང་ཚོའི་བརྩེ་བ་དེ་འདབ་ཆགས་ཀྱི་བརྩེ་བ་ལ་དོ་གི་ཡོད་དམ།
Next Post: ༧ ཏཱ་ལའི་བླ་མ་དང་ཝ་ཧྲིན་ཐོན།

Comments (24) on “ཁྱོད་དང་ང་ལ་སོ་སོའི་རྨི་ལམ་ཞིག་ཡོད་པ་ལྟར། རང་ལུས་གཞོམ་བསྲེགས་བྱས་པའི་ངའི་སྤུན་མཆེད་ལའང་རྨི་ལམ་ཞིག་ཡོད་པ་རེད།”

  1. ནག་ཐར་སྐྱིད། says:
    2012-10-10 at 4:35 am

    ཤིན་ཏུ་ནས་རིན་ཐང་ཆེ་བའི་བསྒྱུར་རྩོམ་འདི་ཀློག་ཡོད། དྲ་ལམ་འདི་བརྒྱུད་ཉེ་མི་སྤུན་མཆེད་ཀྱི་བློ་རྒྱ་ལ་ཡིད་སྨོན་སྐྱེས་བཞིན་ཡོད། ཐུགས་རྗེ་ཆེ།

  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-10-10 at 6:43 am

    སྙིང་ཁམས་གྲང་ཤུར་ཤུར་བྱེད་པ་ཞིག་བྲིས་འདུག ལོས་ཡིན། ཤ་ཁྲག་གཅིག་པའི་བུ་སྤུན་ངོ་མ་ཞིག་གི་ཚོར་བ་རེད། དགུང་ལོ་ལྔ་བཅུར་སོན་པའི་མ་ཡུམ་མཆོག་གིས་ཀྱང་བུའི་ཁ་ཆེམས་སྙིང་བཅངས་ཀྱིས་བོད་སྐད་ཡིག་སྦྱངས་འདུག་པ་ནི་ང་ཚོའི་དོ་སྣང་བྱེད་དགོས་པའི་སློབ་གསོ་ངོ་མ་ཞིག་རེད།

  3. སྟག་སྨྱོན། says:
    2012-10-10 at 6:46 am

    བཀའ་ཁྲི་བློ་བཟང་སེང་གེ་ཟེར་བ་དེས། མེ་བསྲེགས་མཁན་ཚོས་སེམས་ལ་རྒྱ་མིས་འཇུས་ནས་ཉེས་བརྡུང་བཏང་སྟེ་རྐང་ལག་གཅོག་གི་རེད་བསམ་ནས་སྲོགབློས་བཏང་སྟེ་མེར་བསྲེགས་པ་རེད་ཟེར་གྱི་འདུག་པ་ལས། མེ་བསྲེགས་མཁན་ཚོས་དམིགས་ཡུལ་དང་རེ་བ་ཆེན་པོ་ཞིག་གི་ཡོད་པའི་ཡིད་ཆེས་བྱེད་ཀྱི་མི་འདུག འོན་ཀྱང་བློ་སེང་གིས་དྲན་མེད་པ་ཞིག་ལ། རྒྱ་གར་དུ་བོད་དོན་ཆེད་རང་ལུས་དམར་མཆོད་བྱས་ཏེ་རང་ཉིད་མེ་དམར་པོར་བསྲེགས་མཁན་གཉིས་ཙམ་བྱུང་ཡོད་པ་རེད། ཁོ་གཉིས་རྒྱ་མིས་ཉེན་རྟོག་པས་འཇུས་ནས་རྐང་ལག་གཅོག་གི་རེད་བསམ་པའི་ཞེད་སྣང་སྐྱེས་དོན་ཡོད་པ་མ་རེད། ཡང་སྙིང་རང་ལུས་མེར་བསྲེགས་མཁན་གྱི་རྒྱལ་གཅེས་དཔའ་པོ་ཚོའི་ཆོད་སེམས་དང་དམིགས་ཡུལ་ལ་བློ་བཟང་སེང་གེས་ཆེད་མངསག་དམའ་འབེབས་བྱེད་བཞིན་པ་རྒྱུ་མཚན་གཞན་པ་ཞིག་ཡོད་ངེས། ཡང་མིན་ན་མེ་བསྲེགས་མཁན་གྱི་དཔའ་པོ་དེ་དག་གི་དམིགས་ཡུལ་དང་ཁ་ཆེམས་སོགས་བཀའ་ཁྱི་སེང་གེ་རྒྱུས་མངའ་གཏན་ནས་མེད་བཞིན་དུ། ངོ་ཚ་ཁྲེལ་གྱི་བཀའ་ཁྱིས་ཆེད་མངགས་ལོག་འགྲེལ་བྱེད་ཀྱི་ཡོད་པ་རེད།

  4. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-10-10 at 7:13 am

    སྟག་སྨྱོན་ཟེར་བ་ཁྱེད་ཁྱི་སྨྱོན་རང་རེད་འདུག་རང་མིང་ཙམ་ཡང་དངོས་སུ་སྨྲ་མི་ཐུབ་པའི་མིའི་བཟང་སྤྱོད་དྲི་ཙམ་ཡང་ཡོད་མེད་ཐེ་ཚོམ་ཟ། གང་ཡིན་ཞེ་ན། མིང་རྫུན་གྱི་འོག་ནས་དངོས་ཡོད་དང་འགལ་བའི་འཁྱོག་བརྗོད་བྱེད་ལུགས་འདིས་ཤེས་ནུས། གལ་སྲིད་ཁྱེད་ལ་གཟུ་བོར་གནས་པའི་གཏམ་ཞིག་ཡོད་ན་དྲང་བདེན་དང་ལྷག་བསམ་གྱིས་གསུང་དང་། ད་གཟོད་ཁྱེད་རང་བོད་ནང་ནས་རང་སྲོག་བློས་བཏང་གནང་ཟིན་པའི་རྒྱལ་གཅེས་པ་དག་གིས་ཞལ་མཆེམས་དང་ཡང་མཐུན་ལ། དེ་མིན་ཁྱེད་བོད་ནང་གི་བོད་མི་རྣམས་ཀྱིས་བསམ་འདུན་དང་འགལ་བའི་ནང་ཁུལ་དོན་མེད་སྐྱོན་བརྗོད་དང་དཀྲུག་ཤིང་ཁོ་ན་མ་བྱེད་ན་མཛེས་སོ་སྙམ་མོ།

  5. སྟག་སྨྱོན། says:
    2012-10-10 at 9:28 am

    ངས་དྲངས་པའི་སྐད་ཆ་དེ་བཀའ་ཁྱིས་རྒྱུད་ལམ་ཁག་ལ་བཤད་པའི་སྐད་ཆ་རེད། དེ་ལ་མ་དགའ་ན་བཀའ་ཁྲི་ལ་མ་དགའ་བ་རེད། བཀའ་ཁྲིས་དུས་ཀུན་དོན་དང་མི་མཐུན་པའི་སྐད་ཆ་བཤད་པ་ཡོངས་གྲགས་རེད། སྐབས་འདིར་ཡང་ལུས་སྲོག་དམར་མཆོད་བྱེད་མཁན་ཚོའི་རེ་བ་དང་སྙིང་སྟོབས། ཁོང་ཚོའི་འབོད་སྒྲ་རྣམས་མི་གླེང་བར། ཁོ་རང་གི་ཚོར་བ་དང་སྣང་བ་གང་ཤར་གཞི་ལ་བཞག་ནས་དཔའ་རྒོད་ཚོའི་བྱས་རྗེས་ལ་ཚོའི་དམིགས་ཡུལ་དང་ཀུན་སློང་ལ་དམའ་འབེབ་བྱེད་དོན་ཅི་རེད། བཀའ་ཁྲིའི་སྐད་ཆ་ཁ་གསལ་དུ་བཏང་བ་ཙམ་ལས། ངས་བཀའ་ཁྱིའི་སྐད་ཆར་དཀྲུགས་ཤིང་གི་ལྷན་པ་གང་ཡང་བརྒྱབ་མེད་པ་མིག་ཡོད་ཚད་ཀྱིས་མཐོང་གི་རེད། འོ་ན། བཀའ་ཁྲིས་ཁོ་ཚོས་འཇུས་ན་རྒྱ་མིས་ཉེས་བརྡུང་བཏང་ནས་རྐང་ལག་གཅོག་གི་རེད་བསམ་ནས། མེ་བསྲེགས་པ་རེད་ཅེས་ཐེངས་མང་བཤད་པ་ཀློག་མྱོང་ངམ། ཁོས་བཤད་པའི་འགྲེལ་བཤད་དེ་རང་སྲོག་བློས་གཏོང་མཁན་ཚོས་རང་ཉིད་མེར་བསྲེགས་པའི་ཀུན་སློང་ཡིན་པ་བཀའ་ཁྱི་ལ་དཔང་རྟགས་ག་རེ་ཡོད་དམ། ཁོང་ཚོས་རང་ཉིད་བསྲེགས་དོན་ཁ་ཆེམ་གསལ་བོ་བཞག་ཡོད་པ་མིག་སྟོན་རྒྱུ་ཡོད་བཞིན་དུ། བཀའ་ཁྱིས་རང་སྣང་གང་དྲན་འགྲེལ་བཤད་བརྒྱག་དོན་བཞིན་པ་ངོས་ལེན་བྱེད་ཐབས་ཡོད་མ།

  6. སྟག་སྨྱོན། says:
    2012-10-10 at 9:35 am

    བློ་བཟང་ཆོས་འབྱོར་ཟེར་བའི་མི་གླེན་པ་ཞིག་གིས་མིང་དངོས་སུ་བྲིས་ནས་བཀའ་ཁྲིས་བོད་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་ལུགས་གླེང་བ་དང་། བཀའ་ཁྱིས་བློ་ཆོས་ཀྱི་འཚོ་ཐབས་འཕྲོག་ནས་འདུག་ས་ཆགས་ས་མེད་པ་ཞིག་བཟོ་འདོད་ཀྱི་རེ་ངན་ལག་བསྟར་བྱས་པ་མ་རེད་དམ། ད་དུང་རྒྱུ་མཚན་ཡོད་ན་བཤད་ཆོག་གི་རེད་མདོག་མདོག་གྱི་གཡོ་སྒྱུ་མ་བཤད། ངས་མིང་དངོས་བྲིས་ན་བཀའ་ཁྱིས་རྔ་མ་ཚོས་རྒྱ་མིའི་སོ་བ་རེད་སོགས་གང་ལྟར་འབྲེལ་མེད་ཀྱི་ཉེས་མིང་ཞིག་གཡོག་ཨེ་ཐུབ་ལྟ་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། དེ་ཞེད་དོན་མེད་ཀྱང་། ཁོ་ཚོ་འདྲ་བོ་མིང་བཏོན་ནས་ནས་མིའི་ལསྐད་ཆ་བཤད་རྒྱུར་སྐྱུགས་བྲོ་ཡོང་གི་འདུག

  7. སྟག་སྨྱོན། says:
    2012-10-10 at 9:38 am

    བློ་བཟང་ཆོས་འབྱོར་ཟེར་བའི་མི་གླེན་པ་ཞིག་གིས་མིང་དངོས་སུ་བྲིས་ནས་བཀའ་ཁྲིས་བོད་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་ལུགས་གླེང་བ་དང་། བཀའ་ཁྱིས་བློ་ཆོས་ཀྱི་འཚོ་ཐབས་འཕྲོག་ནས་འདུག་ས་ཆགས་ས་མེད་པ་ཞིག་བཟོ་འདོད་ཀྱི་རེ་ངན་ལག་བསྟར་བྱས་པ་མ་རེད་དམ། ད་དུང་རྒྱུ་མཚན་ཡོད་ན་བཤད་ཆོག་གི་རེད་མདོག་མདོག་གྱི་གཡོ་སྒྱུ་མ་བཤད། ངས་མིང་དངོས་བྲིས་ན་བཀའ་ཁྱིས་རྔ་མ་ཚོས་རྒྱ་མིའི་སོ་བ་རེད་སོགས་གང་ལྟར་འབྲེལ་མེད་ཀྱི་ཉེས་མིང་ཞིག་གཡོག་ཨེ་ཐུབ་ལྟ་རྒྱུ་ཡིན་པ་བཤད་མ་དགོས་པ་རེད། དེ་ཞེད་དོན་མེད་ཀྱང་། ཁོ་ཚོ་འདྲ་བོར་མི་ངན་ཚོར་མིང་བཏོན་ནས་མི་སྐད་ཆ་བཤད་རྒྱུར་སྐྱུགས་བྲོ་ཡོང་གི་འདུག

  8. བྱམས་པ་ལྷུན་གྲུབ། says:
    2012-10-10 at 9:40 am

    སྟག་སྨྱོན་ཞེས་བྱ་མིང་དུ་འབོད་པ་ཁྱོད།།
    གཟུར་གནས་བློ་ལྡན་གཏམ་གཅིག་ཤོད་འདོད་ན།།
    འཁྱོག་བཤད་གཡོ་སྒྱུའི་དཀྲོག་གཏམ་ཕར་བཞན་ནས།།
    དོན་དངོས་ཇི་བཞིན་བརྗོད་ལ་འབད་རོགས་གྱིས།།
    དེ་མིན་རྒྱ་དམར་གུང་ཁྲན་དཔོན་རིགས་ལྟར།།
    གཞན་གྱིས་མ་བཤད་འདི་བཤད་དེ་བཤད་ཅེས།།
    གནས་ལུགས་མེད་པའི་རྙོག་གཏམ་བཤད་སྡོད་ན།།
    ལུག་རྗི་སྤེན་པ་ཞེས་པའི་སྒྲུང་གཏམ་བཞིན།།
    མཐའ་འབྲས་ཁྱོད་ལ་གང་གིས་ཡིད་རྟོན་བྱེད།།

  9. བྱམས་པ་ལྷུན་གྲུབ། says:
    2012-10-10 at 9:42 am

    རང་ལ་མི་རང་ལ་གནོད་པ་དང་།།
    གཞན་ལའང་མི་ཕན་གཞན་ལ་གནོད་སྐྱེལ་ལ།།
    གཟུར་གནས་མིན་པའི་རྙོག་གཏམ་དེ་རིགས་ལ།།
    བློ་ལྡན་རྣམས་ཀྱིས་ཡིད་ཆེས་་མི་བྱེད་པར།།
    དེ་བས་རང་མགོ་སྐོར་བའི་རྒྱུ་རུ་འགྱུར།།

  10. སྟག་སྨྱོན། says:
    2012-10-10 at 9:54 am

    བྱམས་པ་སོགས་ཀྱིས་ལན་འདེབས་རོགས། བཀའ་ཁྱིས་བོད་ནང་རང་ལུས་མེར་བསྲེགས་མཁན་ཚོས་རྒྱ་མིས་འཇུས་ན་ཉེས་བརྡུང་བཏང་ནས་རྐང་པ་དང་ལག་པ་བཅགས་ནས་སྡུག་པོ་གཏོང་གི་རེད་བསམ་པ་རེད། ཅེས་རྒྱུད་ལམ་ཁག་དུ་ཡང་ཡང་བཤད་མ་སོང་ངམ། དེ་བཤད་ཡོད་ན་ཁོང་ཚོས་དེ་འདྲ་བསམ་ཡོད་མེད་བཀའ་ཁྱིས་མངོན་ཤེས་ཀྱིས་མཐོང་བ་མིན་ན། མེ་བསྲེགས་མཁན་ཚོའི་ཀུན་སློང་དང་དམིགས་ཡུལ་གསལ་བོ་ཁ་ཆེམས་ཡི་གེར་བྲིས་པ་ང་ཚོའི་ལག་པར་འབྱོར་ཡོད་བཞིན་དུ། བཀའ་ཁྱིས་དཔའ་པོ་འདས་པོ་ཚོའི་ཀུན་སློང་ལ་དམའ་འབེབས་བྱས་པ་མ་རེད། ཁོ་ཚོས་དེ་འདྲ་དྲན་མྱོང་ཡོད་མེད་སུས་མཐོང་བ་རེད་དམ། ཤི་མཁན་ཚོའི་ཀུན་སློང་ཁོ་ཚོ་མ་ཤི་གོང་དུ་བྲིས་ནས་བཞག་པའི་ཁ་ཆེམས་ཀྱི་ཡི་གེ་དེ་དག་ལས་ལྷག་ཡོད་པ་མ་རེད། བཀའ་ཁྱིས་རང་སྣང་གང་ཤར་གྱིས་ལྷན་པ་ནག་པོ་བརྒྱག་བཞིན་པ་གསལ་འདོན་བྱས་པ་ཡིན། བདེན་གཏམ་ཉན་རྒྱུར་སྐྲགས་ན་དགོངས་དགལ་མེད་པ་ཞུ།

  11. ལུང་རྟོགས། says:
    2012-10-11 at 12:46 am

    སྟག་སྨྱོན་མ་རེད་ཁྱི་སྨྱོན་རེད།།
    དུས་ནམ་ནམ་ཡང་ཁྱི་སྨྱོན་ཟུག་ཟུག་རེད།།
    ཁོ་ཁྱི་སྨྱོན་ཁ་ལ་བདག་པོ་མེད།།
    ཡ་མ་བྱེད་བཞག་ཤོགས་སྤུན་ཟླ་ཚོ།།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-10-11 at 1:13 am

    ང་ ༼ཁྱི་སྨྱོན༽་ ཡིན།
    ང་ཚོའི་བཀའ་ཁྲི་ལ་༼བཀའ་ཁྱི་༽ཟེར་མཁན།
    ང་ཚོ་དཔོན་པོ་ལ་ཁྱི་རེད་ཟེར་མཁན་ཁོ།
    ༼སྟག་སྨྱོན་༽མ་རེད་༼ཁྱི་སྨྱོན་༽ཁྱོད་རང་།
    ཁྱོད་རང་དེ་རིང་ནས་རང་ལ་༼ཁྱི་སྨྱོན་༽ཞེས་མིང་ཐོགས་ཤིག །

  13. སྟག་སྨྱོན། says:
    2012-10-11 at 4:19 am

    ཀ་ཡེ་ཕྱོགས་རེས་ཆེ་བའི་མི་ངན་ཚོ།།
    ཁ་ལ་བདག་བཟུང་མེད་བཀའ་ཁྲི་འདི།།
    ག་ནས་ལྟོས་ཀྱང་བཟོ་ལྟ་མི་འདུག་པས།།
    ང་ཚོའི་སེང་གེ་དོན་གྱིས་ཁྱི་དང་འདྲ།།

    བདེན་གཏམ་ལ་སྐྲགས་མཁན་ཚོས་རྗེས་ཕྱོགས་ཁོ་བོའི་མཆན་བུ་རྣམས་མ་ཀློག་རོགས། བདེན་གཏམ་ལ་སྐྲགས་པའི་རྨོངས་རྟུལ་གྱི་མི་ངན་ཚོར་གཏམ་གླེང་བྱེད་རྒྱུར་ཕྲན་ཡང་འཇིགས་སྐྲགས་སྐྱེས་པས། འདི་ནང་བཏབ་པའི་མཆན་ཐོར་རེ་བ་རྣམས་ཁྱེད་ཅག་གི་ཆེད་དུ་མ་ཡིན་པས། རྗེས་ཕྱོགས་ངའི་མཆན་བུ་རྣམས་མ་ཀློག་རོགས།

  14. མེ་ཏོག་དཀར་པོ། says:
    2012-10-11 at 4:35 am

    སྟག་སྨྱོན་གྱིས་རང་གིས་གང་བཤད་བདེན་པ་ཡིན་ཤག་བྱས་འདུག དེ་ནི་མི་སྐྱོན་རང་གཞན་ཀུན་མཚུངས་པས་སོ།། འོན་ཀྱང་བཀའ་ཁྲི་ལ་བཀའ་ཁྱིས་འབོད་པ་ནི་རང་གི་ནང་ཆ་ཕྱི་རུ་བཏོན་པར་ཟད་པས་དཔྱོད་ལྡན་ཞིག་གི་གཏམ་དུ་ཁས་ལེན་མི་ནུས་སོ།།

  15. མེ་ཏོག་དཀར་པོ། says:
    2012-10-11 at 4:39 am

    གལ་ཏེ་སྟག་སྨྱོན་གྱིས་བཤད་པ་བདེན་གཏམ་ཡིན་ན། བློ་བཟང་སེངྒེ་མི་མིན་པར་ཁྱི་ཡིན་དགོས། དེ་སྟག་སྨྱོན་ཁྱོད་རང་གིས་ཁས་ལེན་ཐུབ་བམ།

  16. ཉི་མ་ལྷ་མོ་ says:
    2012-10-11 at 9:03 am

    དྲིན་ཆེ་་སྤུན་ཟླ་ཚོ། དེ་ལྟར་ང་ཚོ་བརྩོད་ན་དགའ་མཁན་ནི་ང་ཚོའི་དགྲ་དེ་རེད། སྡུག་མཁན་ནི་ང་ཚོའི་གཉེན་ཚོ་རེད། དེར་དགོས་པ་ཅི་འདུག་གམ། དེ་བས་རང་གི་དཔོན་ལ་རང་གིས་བཀུར། རང་གི་བླ་མར་རང་གིས་དད། རང་གི་ཕ་མ་བུ་ཕྲུག་རང་གིས་བསྐྱངས། རང་གི་ཕུ་ནུ་མིང་སྲིང་རང་གིས་མཐུན། རང་གི་རིག་གཞུང་རང་གིས་སྦྱངས། རང་གི་ཡུལ་ལུང་རང་གིས་བདག་རེ་ཨེ་ཐོན་ལྟས་ན་མི་དགའ་སམ། དགོང་བཞེད་ཡོད་པ་ཞུ།

  17. ལུང་རྟོགས། says:
    2012-10-11 at 12:21 pm

    ཁྱི་སྨྱོན་ཁྱོད་རང་གིས་རྗེས་ཕྱོགས་ནས་མཆན་མ་འདེབས་ཤིག དེ་ལྟར་ན་ངེད་ཚོས་ཀྱང་ཀློག་དོན་མེད་པ་རེད། གལ་སྲིད་སྲིད་སྐྱོང་ལ་གཞི་མེད་སྐུར་བདེབས་ཀྱི་མཆན་འདི་རིགས་བཏབ་ན་ང་ཚོས་ནམ་ཡང་ངོ་རྒོལ་བྱེད་ངེད་ཡིན། ཁྱི་ཞིག་ཡིན་ཡང་རང་གི་བདག་པོ་ཤེས། །ཕག་ཞིག་ཡིན་ཡང་རང་ཉིད་གསོ་མཁན་ཤེས། །རང་ངོ་རང་གིས་མི་ཤེས་ཁྱི་སྨྱོན་ཁྱོད། །ཁྱི་ཁ་སྐྱག་པས་ཆོད་ནས་སྡོད་དང་དགའ།།

  18. ནོར་ལོངས་ཚང་ says:
    2012-10-11 at 12:24 pm

    སྟག་སྨྱོན་མ་རེད་ ཁྱི་སྨྱོན་རེད་ ཁྱི་སྨྱོན་པས་སྲང་ལམ་ལ་ཟུག་པར་ཡ་མཚན་རྒྱུ་ཅི་ཡོད་། ཉིན་མཚན་མེད་པར་ཟུག་ཟུག་པ་རེད། སྟག་སྨྱོན་ལ་ཁ་ཡ་བྱེད་མཁན་དེ་དངོས་གནས་སྨྱོན་པ་རེད། ཁོ་དངོས་མིང་འབྲི་མ་ཐུབ་དུས་རྒྱ་ཡི་ཉུལ་མ་ཡིན་པ་གཏན་འཁེལ་རེད་ གསང་མིང་ནས་འབྲི་དུས་རྒྱ་ཡི་གསང་ཉུལ་ཡིན་པས་ཟབ་ཟབ་བྱོས་ སྤུན་ཟླ་ཚོ།།

  19. པད་བཀྲ། says:
    2012-10-11 at 9:49 pm

    ཀྱི་ཧུད། ཀྱི་ཧུད།
    རིག་པ་མི་སྨྲ།།
    གནས་ལུགས་མི་གླེང་།།
    རང་དབང་མི་བརྩི།།
    གུ་ཡངས་མ་ཤེས།།
    དེ་ན་མང་གཙོ་གང་ན་ཡོད་།

    ཀྱི་ཧུད། ཀྱི་ཧུད།
    གནས་ལུགས་མི་བརྡར།།
    ཐ་སྙད་ཙམ་སྒྲོག།
    སད་རྟགས་ཡིན་ཡང་།།
    གཏན་ཚིགས་མེད་ན།།
    གཏམ་ལ་ཆ་འཇོག་དཀའ་།།

  20. སྟག་སྨྱོན། says:
    2012-10-12 at 3:34 am

    བྱམས་པ་སོགས་ཀྱིས་ལན་འདེབས་རོགས། བཀའ་ཁྱིས་བོད་ནང་རང་ལུས་མེར་བསྲེགས་མཁན་ཚོས་རྒྱ་མིས་འཇུས་ན་ཉེས་བརྡུང་བཏང་ནས་རྐང་པ་དང་ལག་པ་བཅགས་ནས་སྡུག་པོ་གཏོང་གི་རེད་བསམ་པ་རེད། ཅེས་རྒྱུད་ལམ་ཁག་དུ་ཡང་ཡང་བཤད་མ་སོང་ངམ། དེ་བཤད་ཡོད་ན་ཁོང་ཚོས་དེ་འདྲ་བསམ་ཡོད་མེད་བཀའ་ཁྱིས་མངོན་ཤེས་ཀྱིས་མཐོང་བ་མིན་ན། མེ་བསྲེགས་མཁན་ཚོའི་ཀུན་སློང་དང་དམིགས་ཡུལ་གསལ་བོ་ཁ་ཆེམས་ཡི་གེར་བྲིས་པ་ང་ཚོའི་ལག་པར་འབྱོར་ཡོད་བཞིན་དུ། བཀའ་ཁྱིས་དཔའ་པོ་འདས་པོ་ཚོའི་ཀུན་སློང་ལ་དམའ་འབེབས་བྱས་པ་མ་རེད་དམ། ཁོ་ཚོས་དེ་འདྲ་དྲན་མྱོང་ཡོད་མེད་སུས་མཐོང་བ་རེད་དམ། ཤི་མཁན་ཚོའི་ཀུན་སློང་ཁོ་ཚོ་མ་ཤི་གོང་དུ་བྲིས་ནས་བཞག་པའི་ཁ་ཆེམས་ཀྱི་ཡི་གེ་དེ་དག་ལས་ལྷག་ཅིག་ཅི་ཡོད། བཀའ་ཁྱིས་རང་སྣང་གང་ཤར་གྱིས་ལྷན་པ་ནག་པོ་བརྒྱག་བཞིན་པ་གསལ་འདོན་བྱས་པ་ཡིན། བདེན་གཏམ་ཉན་རྒྱུར་སྐྲགས་ན་དགོངས་དགལ་མེད་པ་ཞུ།
    རྒྱ་གར་དུའང་བོད་དོན་ཆེད་རང་ལུས་དམར་མཆོད་བྱས་ཏེ་རང་ཉིད་མེ་དམར་པོར་བསྲེགས་མཁན་གཉིས་ཙམ་བྱུང་ཡོད་པ་རེད། ཁོ་གཉིས་རྒྱ་མིས་ཉེན་རྟོག་པས་འཇུས་ནས་རྐང་ལག་གཅོག་གི་རེད་བསམ་དགོས་དོན་མེད་བཞིན་དུ་ག་རེ་བྱས་ནས་རང་ཉིད་མེར་བསྲེགས་པ་རེད་དམ། དེ་ལ་བཀའ་ཁྱིས་འགྲེལ་བཤད་ལོགས་ཀ་ག་རེ་བརྒྱག་གི་ཡིན་ཡིན། ཡང་སྙིང་བཀའ་ཁྱི་བློ་བཟང་སེང་གེས་རང་ལུས་མེར་བསྲེགས་མཁན་གྱི་རྒྱལ་གཅེས་དཔའ་པོ་ཚོའི་ཀུན་སློང་དང་སྙིང་སྟོབས་རྩ་ནས་ཤེས་ཡོད་པ་མརེད། བོད་མི་རིགས་ཀྱི་འབོད་སྒྲ་དང་རེ་འདུན་ལ་རྒྱུས་མངའ་མེད་པའི་མི་ངན་འདི་འདྲས་བོད་ཀྱི་དབུ་ཁྲིད་ཡིན་མདོག་མདོག་གང་བྱུང་མང་བྱུང་བཤད་ན། གསལ་བཤད་བྱེད་དགོས་པ་བོད་མི་ང་འདྲ་བོ་ཚོས་མི་་ཁྱེར་རང་ཁྱེར་རེད།
    གོང་གི་དྲི་བ་འདི་དག་ལ་ཧམ་བཤད་མེད་པར་ཁྲིམས་མཐུན་གྱི་ལན་ཡོད་ན། མ་འོངས་བཀའ་ཁྱི་ལ་བཀའ་ཁྲི་ཞེས་འབྲི་རུང་མིན་ལྟ་ཆོག་གི་རེད།

  21. ཀརྡོ་གཉེར་ཕྱག་པ་ says:
    2012-10-12 at 4:06 am

    སྟག་སྨྱོན་ཁྱེད་རང་སེམས་པ་ཐང་ཐང་ཅིག་ཡིན་ན། བློ་སེང་རྗེས་ལ་བཀའ་ཁྲིའི་འོ་མི་ལ་ལོངས་ཤོག་ཨ།

  22. གནམ says:
    2012-10-12 at 5:09 am

    ཨོ་སི་ཁྲི་ལས་ཡ་རྒྱལ་ཁབ་ནས་ཐོན་པའི་བདེན་པ་ཕྱི་ལ་ཐོན་པ་ཟེར་བའི་ཆེད་བསྒྲིགས་བརྙན་རྒྱུས་དེའི་ནང་ལ་བཀའ་ཁྲིས་དེ་འདྲ་ཞིག་རྩ་བ་ཉིད་ནས་གསུངས་མི་འདུག་ན་སྟག་སྨྱོན་ཁྱོའི་ན་ཚ་འདི་མགྱོགས་པོ་དྲག་པའི་གསོལ་བ་སྨོན་ལམ་ཡོད།

  23. ལུང་རྟོགས། says:
    2012-10-12 at 6:52 am

    སྟག་སྨྱོན་གྱི་ན་ཚ་འདི་ཀན་སེར་ན་ཚ་རེད། ཕྲག་དོག་དང་ཕྱོགས་ཞེན་གྱི་ན་ཚ་འདི་རིགས་དྲག་རྒྱུ་དཀའ་མོ་རེད། གལ་ཏེ་ན་ཚ་འདི་དྲག་དགོས་ན་མཁས་དབང་དགེ་ཆོས་ནས། མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་འདིའི། །དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད། ཞེས་གསུང་པ་ལྟར་གཞན་རྒུད་པ་མཐོང་ན་གཞི་ནས་དྲག་འགྲོ་གི་རེད། ཧཧཧ

  24. པད་བཀྲ། says:
    2012-10-13 at 4:33 am

    སྟག་སྨྱོན་གྱིས་སྲིད་སྐྱོང་བློ་སེང་གིས་དེ་ལྟར་གསུངས་ཡོད་ཚུལ་གནས་ལུགས་ཁུངས་འཕེར་གྱིས་བདེན་དཔང་བྱེད་ཐུབ་ན་དེའི་སྐོར་ལ་བསམ་བློ་ལོས་གཏོང་།

    སྟག་སྨྱོན་ཁྱོད་ཀྱིས་སྲིད་སྐྱོང་གིས་དེ་ལྟར་གསུངས་ཡོད་པ་རྣམས།ས་གནས་དང་དུས་ཚོད།ཡང་ན།དྲ་ཚིགས།པར་བརྙན་སོགས་འདིར་བཀོད་ཐུབ་ན་ཡག་པོ་འདུག།། བཀོད་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme