Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་ཡིས་སྦར་བའི་ ་་་ ་་་ ་ཕུ་ནུ་མིང་སྲིང་ཚོ་དྲན་པ།

Posted on 2012-10-082012-10-08 By ཁ་བརྡ་ 4 Comments on མེ་ཡིས་སྦར་བའི་ ་་་ ་་་ ་ཕུ་ནུ་མིང་སྲིང་ཚོ་དྲན་པ།

རེབ་ཐོག་མདའ།

མཉམ་འབྲེལ་རྒྱལ་ཚོགས།

མི་བུ་ལྔ་བཅུ་མེ་རུ་བསྒྲོན་ཀྱང་ཁྱོད་ཀྱི་མིག་ཟུང་བཙུམ་ནས་གདའ།།
བྱང་ཕྱོགས་རི་བོ་མིག་ཆུས་བརླན་ཡང་ཁྱོད་རང་ད་དུང་བགད་ནས་འདུག།
དྲང་བདེན་ཟེར་བ་ཉོ་རྒྱུ་ཡོད་པའི་རྒྱལ་སྤྱིའི་ཆབ་སྲིད་སྟེགས་བུའི་སྟེང་།།
གངས་ཅན་བོད་པའི་བདེན་པའི་ངོ་རིས་མཐོང་བའི་མིག་ལྡན་ཅི་ཙམ་ཡོད།།

རྒྱ་ནག་དམར་པོའི་བཀའ་ལུང་སླེབས་ན་ཁྱོད་རང་དེ་ལྟར་སྐྲག་དོན་ཅི།།
སྒང་བ་བོད་པའི་བདེན་པར་མི་བལྟ་ཁྱོད་རང་གང་ལ་ཡིབ་ནས་ཡོད།།
ཁ་སང་བསྲེག་པའི་མི་བུའི་མེ་དེས་ས་སྒང་རིལ་མོ་སྒུལ་ན་ཡང་།།
ལུས་སྲོག་སྦར་བའི་གནས་སྟངས་འཇལ་བྱེད་དྲང་བདེན་རྒྱ་མ་གང་ན་ཡོད།།

ཨ་རི་དང་ཡུ་རོབ།

ཆབ་སྲིད་སྟེགས་བུའི་སྒང་ལ་བུད་ན་ཁྱོད་ཀྱི་ཁ་ཤོམ་གཞན་ལས་མཐོ།།
ཁེ་ཕན་མང་བའི་ཟམ་ཆེན་སྟེང་ན་ཁྱོད་ནི་ཚོང་དཔོན་རྒྱགས་པ་ཞིག།
ས་ཡ་དྲུག་གི་བདེ་སྡུག་གླེང་དུས་ཁྱོད་ཀྱིས་ལག་ཟུང་སྐུམ་བཞིན་དུ།།
ཁ་ཁོག་བར་ནས་ཚིག་མདའ་ཙམ་གྱི་་གར་ལ་ཞུགས་འདི་ཅི་ཡིས་ཉེས།།

ཨ་མ་མེད་པའི་དྲྭ་ཕྲུག་དེ་ལ་ཁྱོད་ཀྱིས་སྙིང་རྗེ་མི་བྱེད་ལ།།
བུ་ཆུང་བོར་བའི་ཨ་མ་དེ་ཡི་སེམས་པ་ཁྱོད་ཀྱིས་མ་མཐོང་བས།།
རྒྱ་ཡི་གྲོང་ལ་མྱུལ་ཐེངས་རེ་ལ་ཁྱོད་ཀྱིས་ཁ་ལྕེ་བརྡར་ན་ཡང་།།
རང་ཉིད་འཚོ་བའི་སྒེར་དོན་ཆེད་དུ་བོད་པའི་བདེན་པ་བོར་ཡོད།།

རྒྱ་གར།

རྒྱལ་རབས་ལོ་རྒྱུས་ཞིབ་ཏུ་བཀླགས་ན་ཁྱོད་རང་བོད་ལ་དྲིན་ཆེན་ཡིན།།
ལོ་ངོ་དྲུག་ཅུའི་ཕྱིར་མིག་ཁྲོད་ན་ཁྱོད་རང་ཅུང་ཙམ་གཡོན་ནས་ཡོད་།།
ལྟ་བ་མཁྲེགས་བཟུང་སེམས་ལ་ཉར་བའི་དེ་རིང་ཉི་མ་ཚུན་ཆད་དུ།།
མི་འདོད་གཉའ་གནོན་གབ་ནས་སླེབས་པ་ཁྱོད་ཀྱིས་ཉོས་པའི་སྡུག་གྱོང་རེད།།

རང་བཙན་ཡིན་པའི་བདེན་དཔང་གཙང་མ་ཁྱོད་ཀྱི་ཁོག་ན་སྦྲུམ་ཡོད་ཀྱང་།།
རྒྱ་ཁོངས་ཡིན་པར་ཁས་ལེན་མཛད་པའི་ནག་ཉེས་ཞྭ་མོ་ནག་པོ་དེས།།
དྲང་བདེན་ཞིག་གི་སྣེ་ན་ལྷག་པའི་ས་ཡ་དྲུག་གི་བོད་པའི་ཚོགས།།
མེ་ལྕེ་དམར་པོ་ལུས་ལ་གྱོན་བཞིན་ཁྱོད་ལ་རེ་སྐུལ་ཞུ་བཞིན་བདའ།།

བོད།

གླང་དར་བཀྲོངས་པའི་ནག་ཉེས་དེ་ནི་གངས་ཅན་བོད་པའི་གྱོང་གུན་ཡིན།།
ཆིག་སྒྲིལ་ལག་ཟུང་རྡང་དམ་པོ་མེད་པ་ཁ་བ་རི་བའི་འཐུས་ཤོར་ཡིན།།
རྒྱབ་མདུན་མཐོང་བའི་དམ་པ་མང་པོས་མ་འོངས་བརྡ་ཞིག་བཏང་ན་ཡང་།།
སྲོལ་རྒྱུན་མཐུག་པོའི་སེམས་པ་ཅན་ཚོས་མཐོ་སྒང་རི་བོ་སྔས་སུ་བྱས།།

མ་འོངས་བོད་པའི་དར་རྒུད་བསྣོལ་བའི་ལམ་ཆེན་ཞིག་གི་བཞི་མདོ་ན།།
རེ་བའི་མིག་ཟུང་རྒྱང་ལ་བསྲིངས་པའི་ཁ་བ་བོད་པའི་ཕུ་ནུ་ཚོ།།
ཡ་ཆུང་སེམས་པ་སྡུག་གིས་ཁེངས་ཀྱང་རང་ལུས་འདོམ་གང་སྦར་བཞིན་དུ།།
རང་དབང་བོར་བའི་ཡ་ས་དྲུག་ལ་མ་འདུག་ལོངས་ཞེས་སྐུལ་གྱིན་འདུག།

བཙན་བྱོལ།

བཅུ་ཕྲག་ལྔ་ཡི་ཚེ་སྲོག་དེ་ལ་རིན་ཐང་མི་འཇོག་ངེད་ཚང་གི།།
ཉིན་མཚན་དབྱེར་མེད་སྒེར་དོན་བསམ་པའི་དམིགས་ཡུལ་ཞིག་གི་སྣེ་མོ་ན།།
ནུབ་ལ་ཕྱོགས་པའི་འདུར་རྒྱུག་ཁྲོད་ན་འགུལ་ཞིང་སྐྱོམས་པའི་ཐང་འདི་ན།།
ས་ཡ་དྲུག་གི་མདུན་ལམ་བསམ་མཁན་གངས་རིའི་བུ་ཕྲུག་ག་ཚོད་ཡོད།།

ལོ་ངོ་དུ་མའི་མེ་ལྕེ་དམར་པོས་གངས་རིའི་ཁ་དོག་བསྒྱུར་ན་ཡང་།།
དཔལ་བོ་དཔའ་མོའི་ལྷག་བསམ་དཀར་པོས་གངས་རིའི་ལས་དབང་གླེང་ན་ཡང་།།
རྡ་སའི་རི་ན་ཕ་ཡུལ་བོར་བའི་སྐྱབས་བཅོལ་མིང་གི་ཚོགས་སྤྱི་ཞིག།།
གཉིད་དུ་ཡུར་བའི་གཏམ་རྒྱུད་དེ་ལ་མགོ་སེར་བུ་མོ་ཧད་དེ་འདུག།།

མདོ་དབུས་ཁམས་གསུམ་སྦར་ནས་སོང་ཡང་ཕྱི་རོལ་བོད་པའི་མ་མཐོང་ཐལ།།
ཞལ་ཆེམས་དྲོན་མོ་ཕྱི་ལ་བཀྲམས་ཀྱང་བོད་ཡིག་ཀློག་འདོན་མི་ཤེས་གི།
དབྱིན་ཇི་སྦྱོང་བཞིན་བོད་སེམས་བོར་བཞིན་མི་ཚེ་ཕྱི་ན་རྫོགས་འགྲོ་བས།།
མི་རབས་ཤིག་གི་གཏམ་རྒྱུད་རིང་མོ་ང་ཚོའི་གདོང་ན་བརྐོས་ནས་འདུག།

མཇུག་བསྡུ་བ།

མགོ་ནག་སྐྱིད་སྡུག་གཞན་ལ་རེ་བའི་ཁ་བ་རི་བའི་ཕུ་ནུ་ཚོ།།
དྭ་ཕྲུག་བུ་ཡི་ངུ་སྐད་དེ་དང་སེམས་རྩ་འཁྱག་པའི་ཨ་མ་དེ།།
དམག་སྒར་ལྟ་བུའི་སློབ་གྲྭ་དེ་དང་བཙོན་ར་ལྟ་བུའི་དགོན་པ་དེ།།
ཉི་ཟླའི་འོད་སྣང་སླར་ཡང་འཆར་བའི་སྨོན་ལམ་ཞིག་གི་ཕ་རོལ་ནས།།
ཀ་ཁ་སུམ་ཅུའི་ཤི་གསོན་གླེང་བཞིན་བོད་པའི་ངོ་བོ་མ་བོར་ཅིག།

ཕྱི་ལོ་ ༢༠༡༢ ལོའི་ ༡༠ ཚེས་ ༤ ལ་རི་ཁ་བ་ཅན་གི་དཔའ་བོ་དཔའ་མོ་དག་ལ་གདུང་སེམས་མཉམ་བསྐྱེད་ ཆེད་རྡ་སའི་རི་གྲོང་ནས།

སྙན་ངག

Post navigation

Previous Post: མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྩོམ་ཡིག་འགྲན་བསྡུར་གསལ་བསྒྲགས།
Next Post: ངའི་གྲོགས་པོ་ཞིག་གི་ལོ་རྒྱུས།

Comments (4) on “མེ་ཡིས་སྦར་བའི་ ་་་ ་་་ ་ཕུ་ནུ་མིང་སྲིང་ཚོ་དྲན་པ།”

  1. གནམ says:
    2012-10-08 at 8:48 am

    གཞེས་གནངས་ལོ་ནས་ཁོང་ཁྲོ་ལངས་ཏེ་མྱིག་གི་ཁྲག་རྩ་ཚུན་ཆད་དམར་པོ་ཡིན།
    ད་ལོ་ཞིག་ནས་ང་རྒྱལ་ལངས་ཏེ་སྙིང་གི་རྡེབ་རྩ་ཚུན་ཆད་འཕེལ་ལྡིང་བྱེད།
    དེ་རིང་ཞིག་ནས་སེམས་བ་སྐྱོ་སྟེ་མགོ་ཡི་ཀླད་རྩ་ཚུན་ཆད་སྐྱོ་ཞུམ་ཞུམ།།
    མ་འོངས་ཞིག་ལ་ཨ་ཕོ་སྨྱོས་ཏེ་ལུས་ཡི་འབྱུང་རྩ་ཚུན་ཆད་ཉམ་ས་རེད།
    ད་ནི་ཅི་བྱེད་ཅི་ལས་ངན་ཇུས་ལྐོག་ཇུས་མེད་པར་མ་འདུག་ཕོ་རྒོད་ཚོ།།

  2. གསེར་འབྲུག་སྡེར་ལྔ་ says:
    2012-10-08 at 1:24 pm

    ཁ་བརྡ་ཚང་ལ་ཡང་སྐྱར་ཞུ་རྒྱུར། ངའི་གློག་འཕྲིན་ Lungthok@hotmail.com འདིའི་སྟེང་གི་མཆན་ག་ཚོད་བཏང་ཡང་འགྲོ་མི་ཐུབ་ཞིག་བཟོས་འདུག། བྱས་ཙང་ངས་ཁ་བརྡ་ལ་འབྲེལ་བ་བྱེད་པ་ཞེས་པའི་ dorje@hotmail.com. འདི་བརྒྱུད་ནས་ངའི་མཆན་སྒོ་བརྒྱབ་ཡོད་མེད་བཀའ་འདྲི་ཞུས་ཡོད་ཀྱང་མཆན་སྒོ་བརྒྱབ་མེད་ཚུལ་གསུངས་སོང་། འོན་ཀྱང་ངའི་གློག་འཕྲིན་སྟེང་དུ་མཆན་གཅིག་ཀྱང་འགྲོ་མི་ཐུབ་པའི་རྒྱུ་རྐྱེན་ཅི་ཡིན་ནམ། གསལ་པོ་གསུང་རྒྱུའི་རེ་བ་ཡོད། དེ་མིན་ན་ངའི་ངོ་ཤེས་ཕྱི་རྒྱལ་བ་གློག་ཀླད་མཁས་ཅན་ཞིག་ཡོད་པས་ཁོང་ལ་སྐད་ཆ་དྲིས་ནས་གནད་འགག་གང་ལ་འཐུག་ཡོད་མེད་གཙང་བཟོ་བྱེད་ཀྱི་ཡིན།

  3. ཁ་བརྡ་རྩོམ་སྒྲིག་པ། says:
    2012-10-08 at 1:59 pm

    གསེར་འབྲུག་སྡེར་ལྔ་ལགས།

    ཁ་བརྡས་ཁྱེད་རང་གི་མཆན་བཀག་བཞག་པ་དེ་འདྲ་མིན། གཤམ་གསལ་གནས་ཚུལ་དག་གིས་ཨིས་མལ་ཁ་བྱང་གཞན་དེ་སྤྱད་པར་ཐད་ཀར་དག་མཆན་མ་རག་པ་དེས་ཡིན།
    ང་ཚོས་ཁྱེད་རང་གི་མཆན་གྱི་སྐོར་ལ་ཞིབ་བཤེར་བརྒྱུད་རིམ་ནང་། ཁྱེད་རང་གིས་ཨིས་མལ་ཁ་བྱང་གཞན་དེ་སྤྱད་ནས་གསེར་འབྲུག་སྡེར་ལྔ་ཞེས་སྨྱུག་མིང་གཅིག་རང་སྤྱད་འདུག་ནའང་། ཡང་Dorje@hotmail.comའདི་སྤྱད་དེ་༼འཇམ་དཔལ། སྟག་རྒོད་ཤུགས་འཆང་། བརྟུལ་ཞུགས་རྡོ་རྗེ། ཨོ་རྒྱན་རྡོ་རྗེ། ལ་དགས་རྒྱལ་པོ། སྨྲ་བའི་སེང་གེ རྒྱལ་མཚན། སྙིང་མིག ཚངས་སྲས་རྒྱས་པའི་བློ་གྲོས། ཐག་རིང་། གླིང་ཕྲུག་ཚེ་རིང་། གངས་ཕྲུག ཚེ་རིང་། འཇམ་དཔལ། Tenzinlosang རྣམ་སྲས། Testing པད་དཀར་ཕོ་ཉ། གསེར་འབྲུག་སྡེ་ལྔ།༽ཞེས་སྨྱུག་མིང་མང་དག་ཅིག་སྤྱད་འདུག་བརྟེན། ང་ཚོས་སྨྱུག་མིང་མང་དག་དང་། དེ་ཡང་ ཉེ་བའི་ཆར་ཁ་བརྡས་ཨིས་མལ་ཁ་བྱང་འདྲ་མིན་སྤྱད་ནས་མཆན་སྤེལ་རིགས་གཅིག་གྱུར་གྱིས་བཀག་པ་དེས་ཁྱེད་རང་གི་མཆན་རིགས་གཅིག་རང་བཞིན་གྱིས་ཁེགས་པ་བྱུང་ཡོད་ངེས། ཁ་བརྡའི་ངོས་ནས། སླད་ན་ཁྱེད་རང་གིས་སྨྱུག་མིང་གཅིག་རང་བེད་སྤྱོད་གནང་རོགས་ཞེས་ཀྱང་སྟབས་གཅིག་ཏུ་འབོད་སྐུལ་ཞུ་ཡི་ཡོད།

    ཁ་བརྡ་རྩོམ་སྒྲིག་པས།
    Khabdha editor
    http://www.khabdha.org
    http://www.khabdha.com
    khabdha@gmail.com

  4. ཀརྨ་སྐལ་བཟང says:
    2012-10-08 at 2:56 pm

    གསེར་འབྲུག་སྡེར་ལྔ་ལགས་ ནི་ངན་ཁྱེད་ཀྱིས་མིང་དེ་འདྲ་བེད་སྤྱོད་བྱེད་ནས་ད་དུང་ཁ་བརྡ་ཚང་ལ་ཁ་འཆུ་རྒྱབ་པ་ངོ་ཚ་མེད་མེད་པ་ཧམ་པ་ཅན་རེད་། ཁྱེད་ཀྱིས་དེ་འདྲ་མིང་མང་པ་བེད་སྤྱོད་བྱེད་དགོས་པའི་ལས་ཀ་ག་རེད་བྱེད་ཀྱི་ཡོད་་་དེ་འདྲ་སོ་སོ་རང་གིས་མིང་དངོས་གནས་སྟོན་མ་ཕོད་པ་་་་དྲང་པོ་དང་བདེན་བྱེད་ན་རང་གིས་མིང་སྦད་གསང་བྱེད་པའི་དགོས་པ་ཡོད་མ་རེད་་་སྐྱེས་པ་ཕོ་ཡིན་ན་སོ་སོས་Facebook གིས་མིས་བཞག་ནས་་་ཁ་བརྡ་དྲ་རྒྱ་བེད་སྤྱོད་བྱེད་ན་བུ་དང་བུ་ཡིན་ལས་ཀ་རེད་་་ཁྱེད་རང་དངོས་ཡིད་ཀྱིས་གནས་ཚུལ་བཀོད་རྒྱུ་ཡོད་ན་སུ་ལ་ཞེ་དགོས་མ་རེད་་དེ་མ་ཏོག་ཁྱེད་ཀྱིས་མིང་མང་པོ་བེད་སྤྱོད་གཏང་པ་དེ་སྤྱི་ཚོགས་ནང་དཀྲུགས་ཤིང་དང་རྒྱ་མི་སོ་ཉུག་འདྲ་པོ་གང་ལྟར་ལང་ངན་གྱིས་ལས་བྱེད་པ་ཡིན་པ་ཐེ་ཚོམ་མེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme