Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྩོམ་ཡིག་འགྲན་བསྡུར་གསལ་བསྒྲགས།

Posted on 2012-10-072012-10-07 By ཁ་བརྡ་ 38 Comments on མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྩོམ་ཡིག་འགྲན་བསྡུར་གསལ་བསྒྲགས།

མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་པ་ཐུན་མོང་ནས།

མཁྱེན་རྒྱ་ཡངས་པའི་རྒྱ་ཆེའི་བོད་རིགས་རྩོམ་པ་པོ་ལྷན་རྒྱས་ཚོར་རེ་སྐུལ་ཞུ་རྒྱུ་ཞིག་ལ་ད་ལན་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་འཚོགས་རྒྱུ་གཏན་འཁེལ་ཡོད་པ་དང་སྔར་མུས་བཞིན་ཚོགས་ཆེན་དང་འབྲེལ་ནས་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་རྩོམ་ཡིག་དང་། གཞན་ཕུལ་བྱུང་རྩོམ་ཡིག་དྲག་གྲས་རྣམས་ལེགས་བསྡུས་བྱེད་ནས་དུས་དེབ་ཅིག་བཏོན་སྲོལ་ཡོད་པས། ད་ལན་ཡང་ངེད་ཅག་ཚོགས་ཆེན་གོ་སྒྲིག་པ་ལྷན་རྒྱས་ནས་སྲོལ་རྒྱུན་བཟང་པོ་དེ་མུ་མཐུད་རྒྱུན་སྐྱོང་བྱེད་ནས་སྔར་དང་མ་འདྲ་བར་རྩོམ་ཡིག་དང་དེའི་ནང་དོན་བཀོད་སྒྲིག་གང་ཅིའི་ཐད་ཧ་ཅང་སྣ་ཁ་འཛོམས་པའི་དུས་དེབ་ཅིག་བཏོན་རྒྱུ་འཆར་གཞི་ནང་བཀོད་ནས་དེ་རིང་བྱ་དགའ་ཡོད་པའི་རྩོམ་ཡིག་འགྲན་བསྡུར་གྱི་གསལ་བསྒྲགས་དེ་སྤེལ་བ་ཡིན། དེར་བརྟེན་དུས་དེབ་སྤུས་དག་ཅིག་ཡོང་བར་གཙོ་བོ་ཕྱི་ངོས་ཀྱི་རྒྱབ་ཤ་མཛེས་པོ་ཙམ་མ་ཡིན་པར་རྩོམ་པ་པོ་རྣམས་པའི་བརྗོད་བདེ་ལེགས་པའི་ཚིག་གི་བུ་མོ་དང་། ནང་དོན་ཟབ་པའི་དོན་གྱི་སྟག་ཤར་གཉིས་འཛོམས་པའི་རྩོམ་ཡིག་དབྱར་ཁའི་ཆུ་རྒྱུན་བཞིན་བསྩལ་བའི་རེ་བ་དང་། ང་ཚོས་ངོས་ནས་ཀྱང་རྩོམ་ཡིག་འགྲན་བསྡུར་འདི་ཡག་པོ་ཞིག་ཡོང་ཆེད་རྩོམ་པ་པོ་སོ་སོའི་རྩོམ་ཡིག་ལ་ཡིག་འབྲུ་མང་ཉུང་གི་ཚད་བཀག་སོགས་གང་ཡང་མེད་ལ་རྩོམ་ལུས་བཅད་ལྷུག་སྤེལ་མ་སོགས་གང་འདོད་འབྲི་ཆོག ད་ལན་གྱི་རྩོམ་ཡིག་འགྲན་བསྡུར་འདིར་ང་ཚོས་བཙན་བྱོལ་ནང་ཁྱོན་ཡོངས་ནས་ཤེས་འཇོན་གཉིས་ལྡན་གྱི་མཚན་སྙན་མངའ་བའི་དཔྱད་འདེམས་པ་གསུམ་གདན་འདྲེན་ཞུ་རྒྱུ་ཡིན་ཞིང་། ཨང་རིམ་སོན་པའི་རྩོམ་པ་པོ་རྣམས་ལ་བྱ་དགའ་དང་ལག་འཁྱེར་སྤྲོད་རྒྱུ་ཡིན། རྩོམ་ཡིག་ཉིས་སྟོང་བཅུ་གཉིས་ལོའི་སྤྱི་ཟླ་༡༡ཚེས་༡༥སྔོན་ལ་གཏང་ཚར་བ་དགོས།
རྩོམ་ཡིག་གི་བརྗོད་གཞི་ཁག་ནི།
༡༽མེ་ལྕེའི་ཁྲོད་ཀྱི་བོད་དོན།
༢༽བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་ལ་བལྟ་བ།
༣༽རང་གཞུང་ཤེས་ཡོན་སྲིད་བྱུས་གསར་བའི་རེ་བ།
༤༽མང་གཙོ་དང་དམར་པོའི་རིང་ལུགས་གཤིབ་བསྡུར།
༥༽འབོར་བཞིན་པའི་བོད།
༦༽བཞུད་ཟིན་པའི་དཔའ་རྒོད་ཚོ།
༧༽ཁྱོན་ཡོངས་ནས་བོད་ཀྱི་གདོད་མའི་སྤྱི་ཚོགས་སྐོར་གླེང་བ།

འབྲེལ་གཏུགས་ཁ་པར་ཨང་གྲངས། རྩོམ་སྤྲོད་ཡིག་ཟམ།
+༩༡༩༧༡༦༥༢༢༠༧༦ tcsedelhi@gmail.com

གསལ་བསྒྲགས།

Post navigation

Previous Post: ༼ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་༽ཁྱབ་བསྒྲགས་ཚོགས་ཆེན་ཐེངས་གཉིས་པ་ཐའེ་ཝན་དུ་འཚོགས་པ།
Next Post: མེ་ཡིས་སྦར་བའི་ ་་་ ་་་ ་ཕུ་ནུ་མིང་སྲིང་ཚོ་དྲན་པ།

Comments (38) on “མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྩོམ་ཡིག་འགྲན་བསྡུར་གསལ་བསྒྲགས།”

  1. ཨོ་རྡོ། says:
    2012-10-07 at 10:10 pm

    གསལ་བསྒྲགས་བཟོ་སྟངས་ལ་ལྟ་དུས་རང་གི་སྐད་ཡིག་ལ་མཐོང་ཆུང་གནང་འདུག་པས་དེས་མི་རབས་འདིའི་ན་གཞོན་ཚོའི་ཁྲོད་དུ་རང་གི་སྐད་ཡིག་ལ་དོ་སྣང་བརྒྱ་ཆ་ ༥༠ ཙམ་ལས་ལྷག་མེད་པ་གསལ་པོ་ཆགས་ཀྱི་འདུག དེ་ནི་རང་སྲེགས་དཔའ་བོ་ཚོའི་རེ་བ་ཕྱེད་ཀ་ཙམ་རེད། འོ་ན་ཁྱེད་རྣམ་པས་ཨིན་ཇི་འཛམ་བུ་གླིང་གི་སྐད་ཡིག་ཅིག་མ་རེད་དམ་ཞེས་དྲིས་ན། དེ་ལ་མ་རེད་ཅེས་བརྗོད་དཀའ། འོན་ཀྱང་སྐབས་འདིར་གསལ་བསྒྲགས་དེ་བོད་རིགས་ནང་ཁུལ་ལ་སྤེལ་གྱི་ཡོད་སྟབས་བོད་ཀྱི་སྐད་ཡིག་དེ་གཙོ་བོར་བརྩི་དགོས་པ་ཞིག་མཐོང་གི་འདུག གང་ལྟར་ཕྱོགས་གང་ས་ནས་བོད་མི་རིགས་ཀྱི་གནས་སྟངས་དང་མཆོད་མེའི་འབར་རྫས་སྣུམ་རྫོགས་ནས་མེ་ཤི་གྲབས་ཡོད་པའི་གནས་སྟངས་གཉིས་འདྲ་པོ་འདུག ད་སྨོན་ལམ་རྒྱག་རྒྱུ་མ་གཏོགས་ལྷག་ཡོད་ས་མ་རེད། ༸གོང་ས་མཆོག་སྐུ་ཚེ་རིང་བ་ཤོག བཀྲིས་བདེ་ལེགས།

  2. གནམ says:
    2012-10-07 at 11:56 pm

    ང་ཚོའི་བོད་པ་འདིས་མི་ཤེས་ནིའི་སྐད་ཅིག་ཕལ་ཆེར་མེད་པ་རེད་ཟེར་ན་ཆོག་པ་རེད། དེའི་ནང་ནས་ཀྱང་བལ་སྐད། དབྱིན་སྐད། ཧིན་སྐད། རྒྱ་སྐད་སོགས་ནི་བོད་རྒྱ་ཆ་མང་ཤས་ཀྱིས་བཀྱོན་ཐུབ་པ་ཞིག་ཡོད་པ་རེད། དེ་དག་ཚང་མ་ཡག་པའི་ཆ་རེད། ཡིན་ན་ཡང་ཆོལ་ཁ་གསུམ་པོས་ཆོལ་ཁ་ས་ཕྱོགས་སོ་སོའི་བོད་སྐད་གཙང་མའི་ཐོག་ལ་ཕན་ཚུན་དེ་འདྲའི་དོན་སྣང་མེད་པ་མ་ཟེར། ཧ་ལམ་གཅིག་དེ་ཡོད་ན་གཅིག་དེ་དགོས་བ་མེད་པ་འདྲ་བོ་བྱེད་པ་ནི་མི་ལེགས་པའི་ཆ་རེད། ངའི་རེ་བར་མཐོ་སློབ་པ་ཁྱེད་ཚོ་ལ་བསམ་བློའི་གོ་རྟོག་མཐོ་ཙམ་ཡོད་པའི་སྒང་ནས་འདིའི་སྐོར་ལ་ཡང་བསམ་གཞུགས་རེ་གནོང་ཞུ་བ་ཡིན།

    ངའི་རྩོམ་ནི།
    མྱིག་ལ་མྱིག་མེད་ན། རྡོ་ཁོག་ཆུས་མི་རིག།
    ཆོས་ལ་སྒོམ་མེད་ན། སེམས་ལ་བདེ་མི་སྟེར།།
    བོད་ལ་བོད་དགོས་ན། སྲོག་ལ་ཁྲག་འདྲེས་དགོས།།

    བྱ་དགའ་ཨང་དང་བོ་མི་འབབ་ན་གཞན་པ་ཚོ་མི་དགོས་པས་གཞན་ཞིག་ལ་ཕུལ་རོགས་གནོངས་།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-08 at 12:32 am

    ད་ལན་ཞེས་པ་དེ། ད་ལམ་ཞེས་མ་དག་རྒྱུན་འབྱམས་མེད་པར་བཟོ་བའི་རྟགས་ལ་ལེགས་གསོལ། ཡོང་བར་། ཞེས་པར། འོང་བར། ཞེས་འབྲི་དགོས་ཀྱང་མ་དག་རྒྱུན་འབྱམས་སུ་སོང་བ། སླར་གསོ་དཀའ། སྤེལ་བ་ཡིན། ཞེས་པ་ལ་ད་ཤུལ་ཡོད་པ་སྟེ། མི་མངོན་པའི་ཚུལ་དུ་ད་ཡང་འཇུག་ལ། མིང་མཐའ་འདྲེན་ན། པ་ཡིག་དགོས་པ་དེ་བོད་མཐའ་མཚམས་ན་འཁོད་པ་དག་གིས་སྤེལ་པ་ཡིན། ཞེས་པ་བརྡ་སྤྲོད་ཀྱི་དབང་དུ་བྱས་ན། དག་པར་མཐོང་།
    བསྩལ། ཞེས་པར་བ་སྔོན་འཇུག་མེད་ན། སྩོལ་བའི་མ་འོངས་པ་ལ་བཀའ་བསྟན་གསུང་འབུམ་གྱི་སྐད་དང་མཐུན་པར་མ་ཟད། དེ་དག་ལས་ཚིག་བཏུས་པའི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་དང་མཐུན་པས། གོང་གསལ་གཞུང་དཔེ་དག་དང་མི་མཐུན་པ། གསར་དུ་བསྐྲུན་པའི་ཚིག་མཛོད་དག་ན། ཡོད་ཀྱང་། བཀའ་བསྟན་གསུང་འབུམ་བོད་ཀྱི་རིན་ཐང་བྲལ་བ་དེ་གཙོ་ཆེ་བར་གཟུང་དགོས་པར་མཐོང་། བྱུས་གསར་བའི་རེ་བ། བྱུས་ལ་ཇུས་ཞེས་པ་ཡང་འབྲི་མཁན་མང་བས། གང་དེ་དག་པ་ཡིན་ནམ བརྟག་དཔྱད་དགོས་སོ་སྙམ། གསར་བ་ཞེས་པ་རྙིང་པའི་ལྡོག་ཕྱོགས་གསར་པ་ཞེས་གོང་གསལ་གཞུང་དཔེ་རྣམས་ན་ཡོད་ཀྱང་། དིང་སང་ལུང་པ་འགའ་ཞིག་ཁ་སྐད་བཀོལ་བ་ཤུགས་ཆེས་བས་དོན་བཞིན་འབྱུང་དཀའ། ༸གོང་ས་མཆོག་སྐུ་ཚེ་རིང་བར་ཤོག ཅེས་ཤོག་གི་གོང་བ་ལ་ར་ཡིག་བཀོད་པ་དང། བཀྲིས། ཞེས་མ་ཡིན་པར་བཀྲ་ཤིས། ཞེས་སོ།། བོད་སྐད་ལ་ཞབས་ཏོག་ཞུ་བའི་བསམ་པས། བདག་མི་རྒན་ལོ་ངོ་བརྒྱད་ཅུ་ལོན་པའི་ཁ་ནས་ཅི་ཡང་འཐོན་པས་བརྟག་དཔྱད་མཛོད་ཅིག །

  4. གནམ says:
    2012-10-08 at 12:48 am

    ད་ལན་དང་ད་ཐང་། ལན་ཐང་གཅིག་ཟེར་བ་ཡོད་དོ། ད་ལམ་ཟེར་ན་ཡང་འགྲིག

  5. གནམ says:
    2012-10-08 at 12:52 am

    ད་ཆ། ད་རེ། ད་སྐབས། སོགས་མང་ཚོད་ཡོད་པ་འདྲ།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-10-08 at 1:15 am

    བསྩལ། ཞེས་པར་བ་སྔོན་འཇུག་མེད་ན། སྩོལ་བའི་མ་འོངས་པ་ལ་བཀའ་བསྟན་གསུང་འབུམ་གྱི་སྐད་དང་མཐུན་པར་མ་ཟད། དེ་དག་ལས་ཚིག་བཏུས་པའི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་དང་མཐུན་པས། གོང་གསལ་གཞུང་དཔེ་དག་དང་མི་མཐུན་པ། གསར་དུ་བསྐྲུན་པའི་ཚིག་མཛོད་དག་ན། ཡོད་ཀྱང་། བཀའ་བསྟན་གསུང་འབུམ་བོད་ཀྱི་རིན་ཐང་བྲལ་བ་དེ་གཙོ་ཆེ་བར་གཟུང་དགོས་པར་མཐོང་། ་་་་ཟེར།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-10-08 at 1:15 am

    བཀྲིས། ཞེས་མ་ཡིན་པར་བཀྲ་ཤིས། ཞེས་སོ།། བོད་སྐད་ལ་ཞབས་ཏོག་ཞུ་བའི་བསམ་པས། བདག་མི་རྒན་ལོ་ངོ་བརྒྱད་ཅུ་ལོན་པའི་ཁ་ནས་ཅི་ཡང་འཐོན་པས་བརྟག་དཔྱད་མཛོད་ཅིག །ཟེར།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-10-08 at 1:29 am

    ནོར། བཅོས།
    ལ་ལམ། ད་ལན།
    ཡོང་བར། འོང་བར།
    སྤེལ་བ། ༼སྤེལད་༽སྤེལ་པ།
    བསྩལ། སྩལ།
    གསར་བ གསར་པ།
    བཀྲིས། བཀྲ་ཤིས།
    དཔྱད་པར་མཛོད།

  9. ཀརྡོ་གཉེར་ཕྱག་པ་ says:
    2012-10-08 at 1:57 am

    རྒན་ལ་དྭགས་པ། བློ་བཟང་འཇམ་དཔལ་མཆོག ལོ་ངོ་བརྒྱད་ཅུ་ལོན་པ་ཁྱེད། སྐུ་ཚེ་ཡུན་བརྟན་ཤོག །

  10. ཨ་རིག་དགེ་མཐོང་གིས། says:
    2012-10-08 at 4:02 am

    ཁྱེད་ཅག་གིས་འདི་ལྟར་བོད་མི་རིགས་ཀྱི་སོན་རྩར་གྱུར་བའི་ན་གཞོན་ཚོ་ལ་རྩོམ་རིག་གི་འགྲན་བསྡུར་བྱེད་སའི་གོ་སྐབས་ཤིག་བསྐྲུན་པར་ཁོ་བོས་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུ། ཁྱེད་ཅག་གི་བསམ་དོན་འགྲུབ་པར་སྨོན།

    གོང་དུ་ཁག་ཅིག་གིས་ལམ་སེང་ཡིག་ནོར་རམ་གཏགས་ནོར་ཁག་ཅིག་ཡོད་པ་རྒྱུ་མཚན་དུ་བརྩིས་ཏེ་འདི་དག་གི་སེམས་ཤུགས་གསོད་ཐབས་ལ་འབད་པ་ནི་ཧ་ཅང་མི་ལེགས་པའི་གནས་སོ། ། ང་ཚོ་བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ་ན་ཚ་ཆེས་སྡུག་ཤོས་ནི་མི་བུ་སྒེར་བ་དང་ཚོགས་སྡེ་བྱེ་བྲག་པས་བོད་ཀྱི་རིག་གཞུང་དང་སྤྱི་ཚོགས་ཀྱི་སླད་དུ་ལས་ཀ་མགོ་བརྩམས་མ་ཐག་ནས་ངན་སྨྲས་བྱེད་རྒྱུའི་ཕྱོགས་སུ་འབད་པ་ལས་རྒྱབ་སྐྱོར་མི་བྱེད་པ་འདི་རེད།

  11. ཨ་རིག་དགེ་མཐོང་གིས། says:
    2012-10-08 at 4:06 am

    ཁ་བརྡ་དྲ་བའི་མཆན་འདེབས་པ་རྣམས་ཀྱི་མིང་མཐར་ནས་མ་གཏོགས་མི་འབྱོར་བ་འདི་གང་ཡིན་ནམ། དྲ་བའི་ཁྱད་པར་ཞིག་ཡིན་ནམ། ཤེས་མཁན་འདྲ་ཡོད་ན་ལན་ཞིག་སློག རྗེས་འཇུག་དང་མཐུན་པར་མི་ཡོང་བས་ལབ་ཡིན།

  12. བྷོ་ཊའི་འཁྱམ་པོ། says:
    2012-10-08 at 4:51 am

    མཐོ་རིམ་སློབ་མའི་ཚོགས་ཆེན་རྒྱལ་གྱུར་ཅིག དུས་ནམ་ཡང་སེམས་ཤུགས་འདོར་མི་ཉན། ཤེས་སོང་ངམ། ཁྱི་རྒན་ངུ་རུ་བཅུགས་ཤིག

  13. ཕྱག་འཚལ། says:
    2012-10-08 at 5:22 am

    བོད་རིགས་སློབ་ཕྲུག་ཚོགས་པ། ་་སེམས་ཤུགས་ཆགས་མི་ཉན།་་་་་་་་་་་་་་མུ་མཐུད་ལས་འགུལ་སྤེལ་ཤོག་ཨང།་་་་་་་་་་་་་་་་་་་་་་བོད་ཡིག་གི་དག་ཆ་་་་་་དང་ཁྱེད་ཅག་ཟུར་ཟ་བྱེད་མི་དག་་་་་་་་་་་་cut and paste it to dustbin་་་་་་་་་་་ཁྱེད་ཅག་གི་མི་རིགས་ཀྱི་ལ་རྒྱ་དང་སེམས་ཤུགས། སློབ་སྦྱོང་སོགས་copy and paste
    དེའི་ནང་གི་མཆན་འབྲི་ནང་དོན་བསྙོན་འཛུགས་དང་ཟུར་ཟ་བྱེད་མཁན་རྣམས་་་་delete!!!!!!!!!!!!!!!!!!!!!!!!

  14. བོད་གཙང་པ་དཀར་པོ་ says:
    2012-10-08 at 6:30 am

    སྡིང་ཆ་འདི་ལྟར་སྤྲོད་མི་འཛེས་པ་མེད་ཀྱང་། འཛུགས་ཞུགས་ཀྱི་སློབ་མ་རྣམས་ག་འདྲ་ཡོད་དམ་
    ཟུ་ཟར་དང་ སྐྱོན་འཛུགས་ཡང་ན་ དམར་འབེགས་ སྤྱི་ཚོགས་གིས་གཏོར་གཤིག་ སློབ་མ་རྣམས་དེ་ལྟར་མ་ཡིན་པའི་རེ་བ་ཆེ་རེ་བ་ཡོད་

  15. གངས་ཅན་དོན་གྲུབ་ says:
    2012-10-08 at 7:12 am

    འདི་ནི་ངོ་མ་ཧ་ཅང་བློ་ཕམ་པའི་གནས་ཚུལ་ཞིག་ཡིན་ཏེ། ད་ལྟ་མཐོ་རིམ་སློབ་མ་རྣམས་ནས་སློབ་སྦྱོད་བྱེད་པའི་ཞོར་དུ་བོད་དབྱིན་གཉིས་ལྡན་གྱི་རྩོམ་ཡིག་འགྲན་བསྡུར་ཞིག་སྤེལ་ཡང་སྤྱི་ཚོགས་རྙིང་པའི་དྲི་ངན་ལུས་སྟེང་ན་འཁུར་བའི་མི་ངན་ཁ་ཤས་ཀྱིས་དོན་མེད་རྒྱུ་མཚན་མེད་པའི་སྐྱོན་བརྗོད་བྱས་པ་ནི་ངོ་མ་བློ་ཕམ་དགོས་པའི་
    གནས་ཚུལ་ཞིག་ཡིན་ལ་ཁོ་ཚོ་ནི་བོད་མི་རྒན་རབས་དང་ན་གཞོན་ཚོའི་བར་ན་ཡོད་པའི་འཆམ་མཐུན་གྱི་ཁོར་ཡུག་ཡག་པོ་དེ་དཀྲུག་མཁན་དང་ཁྱད་མེད་ལ་གནས་ཚུལ་འདི་རྣམས་ད་ལྟ་ཡང་དཀྱེལ་ཡངས་དང་རང་དབང་ལྡན་པའི་དེང་རབས་ཀྱི་དུས་ཚོད་འདིར་ཐོན་དུས་ང་ཚོས་འདས་ཟིན་པའི་མཁས་དབང་དོན་གྲུབ་རྒྱལ་གྱིས་མིག་
    ཆུ་བརྩིར་ནས་བྲིས་པའི་ཁ་ཆེམས་ཡི་གེ་ནང་ཡོད་པའི་མི་ངན་འདི་དག་ད་ལྟ་འདས་ལོག་རྒྱབ་ཡོད་པ་ར་སྤྲོད་བྱས་
    སོང་།གང་ལྟར་ཁྱེད་ཚོས་སྐྱོན་བཅོས་རེ་བྱེད་ན་དོན་དང་མཐུན་པའི་ངང་བྱ་རྒྱུ་གལ་ཆེ་ལ་ཁོ་ཚོས་ཀྱང་དངོས་གནས་བོད་ཀྱི་རྒན་རབས་ཚོར་ཤེས་ཡོན་འདུག་བསམ་ནས་རྗེས་སུ་ཡི་རངས་བྱེད་ཀྱིན་རེད།

  16. ཤར་དུང་རི། says:
    2012-10-08 at 9:27 am

    བཀུར་འོས་པའི་སྐུ་ཞབས་ཨོ་རྡོ་ལགས་དང་ཀརྡོ་གཉེར་ཕྱག ད་དུང་ལ་དྭགས་བློ་བཟང་འཇམ་དཔལ་ནས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་བསམ་ཚུལ་ཡག་པོ་གསུངས་གནང་འདུག་པས་ང་ཚོ་མཐོ་རིམ་སློབ་ཕྲུག་རྣམས་ལ་
    ཡང་རེ་བ་ཞིག་ཡོད་པ་ནི་ཁྱེད་ཚོས་མ་ནོར་ལམ་བཟང་གི་བསླབ་བྱ་དེ་འདྲ་གནང་ཐུབ་ན་ཞལ་སྟོང་པ་ཙམ་མ་ཡིན་པར་རྩོམ་ཡིག་འགྲན་བསྡུར་འདི་ནང་དངོས་སུ་འཛུལ་ཞུགས་བྱེད་ནས་ལྷན་རྒྱས་ཀྱི་དགོངས་འཆར་གང་ཡོད་པ་རྣམས་རྩོམ་ཡིག་གི་ལམ་ནས་ཕུལ་རོགས་གནང་།གཞན་ཁེངས་དྲེགས་ཀྱི་གཏམ་དང་མཁས་པ་མིན་ནའང་ཡིན་མདོག་གི་བཀའ་མོལ་འདི་དག་བསམ་མེད་བྱིས་པ་ཞིག་གི་སྤྱོད་ཚུལ་དང་གཅིག་མཚུངས་ཡིན་པས་དངོས་གནས་བོད་ཀྱི་ཆོས་རིགས་སྐད་གསུམ་ལ་དགོངས་པ་འདི་འདྲ་བཞེས་ཀྱིན་ཡོད་ན་ང་ཚོའི་རྩོམ་ཡིག་འགྲན་བསྡུར་འདི་ནང་འཛུལ་ཞུགས་གནང་རོགས་གནང་།

  17. སྦྲ་དཔལ་ལྡན། says:
    2012-10-08 at 10:20 am

    དེ་རིང་བདག་ལས་དོན་ཞིག་གི་ཆེད་དུ་ཕྱི་རོལ་དུ་སོང་ནས་ཁ་བརྡ་དང་དུས་བབས་སོགས་ལ་དུས་ཐོག་ཏུ་བལྟ་ཐུབ་མ་སོང་མོད། ནང་དུ་ཡོང་ནས་ངལ་གསོའི་ཚུལ་ཁ་བརྡ་དྲ་སྒོ་ཕྱེས་མ་ཐག་༼མཐོ་རིམ་སློབ་མིའི་ཚོགས་ཆེན་གྱི་རྩོམ་ཡིག་གསལ་བསྒྲགས་༽ ཞེས་པ་མིག་ལམ་དུ་མཐོང་ཡོང་དུས་དགའ་སྤྲོ་དང་བཅས་བལྟ་འདོད་ཀྱི་འདུན་པ་ཧ་ཅང་ཡོང་བ་མ་ཟད། གསལ་བསྒྲགས་དེ་ཐེངས་འགར་བཀླགས་རྗེས་འོག་གི་དཔྱད་བརྗོད་སྤེལ་མཁན་རེ་རེ་བཞིན་བཀླགས་པ་ཡིན། འོན་ཀྱང་། ངས་རྟག་པར་བསམ་གྱི་ཡོད་ལ་འབྲི་བཞིན་ཡོད་པའི་ནད་རྙིང་དེར་དེ་རིང་ཡང་ཧ་ཅང་མང་པས་བདག་གི་བསམ་ཚུལ་ཐུང་ངུ་འདི་དྲ་གྲོགས་ཡོངས་ཀྱི་སྤྱན་ལམ་དུ་མི་ཕུལ་ཐབས་མེད་བྱུང་། སྤྱིར་གོང་དུ་དཔྱད་བརྗོད་པ་ཁ་ཤས་ཀྱིས་གང་ཟག་རང་སྒེར་གྱི་ལྟ་བ་རྙིང་པ་ཕྱི་ལོག་ཏུ་ཁུར་ཡོང་ནས་ཕལ་ཕྱོགས་ཀྱི་ལས་ཀ་འཇོན་མིན་ལ་མ་བལྟོས་པར་ལྷག་བསམ་གྱིས་བོད་དོན་དང་བོད་རང་གི་སྐད་ཡིག་ཐོག་རྩོམ་ཡིག་འབྲི་པར་བསྐུལ་སློང་བྱས་ཡོང་དུས། ཡིག་སྐྱོན་མང་ཉུང་དང་སྐྱོན་བརྗོད་ག་ཚད་ཡོད་མེད་གཙོ་བོ་མིན་པས་ང་ཚོས་ངེས་པར་ཏུ་ཁོ་ཚོའི་ལས་གཞི་འདིའི་ཐོག་ཏུ་རྒྱབ་སྐྱོར་བྱེད་དགོས་ འདིར་བདག་གིས་ དང་པོ་ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ལ་ཞུ་རྒྱུ་ སྐུ་ཉིད་ཀྱི་མི་ལོ་ཧྲུལ་བོ་གང་མང་ཞིག་གི་ནང་དུ་བོད་ཡིག་གི་རྩོམ་ཡིག་བྲིསས་པའི་ཁུལ་ཡིན་མོད། ཉིད་ཀྱིས་ཡིག་སྐྱོན་མ་ནོར་པའི་རྩོམ་ཡིག་གཅིག་འབྲི་མྱོང་ཡོད་དམ། ད་དུང་གོང་དུ་ཁྱོད་ཀྱི་དག་ཡིག་ཟ་མ་ཏོག་དང་ངག་སྒྲོན་སོགས་ཀྱི་ལུང་གང་མང་ཞིག་འདྲེན་འདུག་མོད། ངས་བལྟས་ན་གོང་གི་ཁྱོད་ཀྱི་ཡིག་ཕྲེང་ཁ་ཤས་ཀྱི་ནང་དུ་ཡིག་རྙོག་གིས་གང་འདུག་པས་རྗེས་ཕྱོགས་སྐྱོན་བརྗོད་རེ་བྱེད་དགོས་ན་ད་དུང་ ཁྱོད་ཀྱིས་ཡིག་ཡིག་ཟ་མ་ཏོག་དང ངག་སྒྲོན་སྐོར་ལ་ཅུང་སྦྱངས་དགོས་ཀྱི་འདུག་ལ་ད་དུང་ཁྱོད་ཀྱིས་བཤད་ན་དེང་སང་ལུང་་སྐད་དང་ཁ་སྐད་བཀོལ་ཡོང་ནས་ཞེས་པར་ཁྱོད་རང་གིས་རང་ཉིད་ལ་ཟེར་གྱི་མིན་ན་ང་ཚོ་བོད་རང་གི་སྐད་གོང་གི་གསལ་བསྒྲགས་དེ་ལས་འགར་མེད་པས་ཉིད་ཀྱི་ལ་དྭགས་ཀྱི་ལོག་སྐད་དེས་ང་ཚོས་བོད་སྐད་དྲི་མ་མེད་པར་གང་ལ་ནག་པོ་མ་བཟོ་རོགས་ཞུ་རྒྱུ་ཡིན། ད་དུང་སྐུ་ཉིད་ཀྱི་ནང་ཆོས་ཀྱི་བཀའ་བསྟན་གྱི་ལུང་སོགས་འདྲེན་ཁུལ་བྱས་འདུག་མོད་ངས་བལྟས་ན་སྐུ་ཉིད་ལའང་ནང་ཆོས་ཀྱི་གོ་རྟོགས་དེ་ཙམ་མཐོ་རྒྱུ་མི་འདུག་པ་མ་ཟད་གོང་དུ་༧གོང་ས་མཆོག་སྐུ་ཚེ་བརྟན་མིན་གྱི་སྐད་ཆ་གང་ཡང་མེད་པས་ཁྱོད་ཀྱི་ཡང་བསྐྱར་གསལ་བསྒྱགས་དེ་ཐེངས་ཤིག་ཀློག་རོགས་ཞུ།གོང་དུ་མཐོ་རིམ་སློབ་མའི་ཚོགས་ཆེན་འཚོགས་རྒྱུ་དང་རྩོམ་ཡིག་འབྲི་རྒྱུ་བསྐུལ་སློང་བྱེད་མཁན་རང་ཉིད་ཀྱི་བྲང་ཁུག་ན་དངུལ་སྒོར་ཞིག་མེད་མཁན་གྱི་སློབ་མ་འགས་རང་ཉིད་ཀྱི་གསར་ལས་དཀོན་པའི་དུས་ཚོད་སོགས་སྣང་མེད་དུ་བཞག་ནས་བོད་མི་རིགས་དང་རྒྱལ་ཁབ་ཐ་ན་སྐད་ཡིག་གི་ཆགས་འཇུག་ལ་བསམ་བློ་བཏང་ནས་རྒྱ་གར་གྱི་མངལ་སྡེ་ཁག་ཏུ་སློབ་གྲྭར་འགྲོ་མཁན་ཡོང་ལ་བོད་མི་རིགས་ཀྱི་ཡ་ང་བའི་ཆགས་འཇུག་བསྐྱར་གསོ་བྱེད་རྒྱུ་ལགས་ན་ སྐུ་ཉིད་དང་འབྲེལ་བ་མེད་ཀྱང་ང་ཚོ་བོད་མི་ས་ཡ་དྲུག་ལ་ ཡིག་སྐྱོན་ཡོད་མེད་ཅིག་དང་གནད་དོན་ཡོད་མེད་ཅིག་མིན་པས་སྐུ་ཉིད་ཀྱི་ཁ་ཟུམ་རོགས་ཞུ་རྒྱུ་ཡིན་པ་མ་ཟད། ང་ཚོས་གོང་གི་ལྡི་ལི་བོད་ཁྱིམ་གཞོན་ནུ་རུ་ཁག་གི་སྙིད་སྟོབས་ལ་ནམ་ཡང་རྗེས་སུ་ཡི་རངས་དང་དགའ་སྤོབས་བྱེད་ཀྱི་ཡོད། ཁྱོད་ཀྱི་བལྟས་ན་ རྩོམ་ཡིག་གསལ་བསྒྲགས་ཤིག་གིས་ལས་ཀ་གྲུབ་སོང་བསམ་ཡོད་ན་དེ་ནི་ཁྱོད་རང་ནོར་འདུག་པས་མ་མཐའ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ཧིན་སྒོར་འབུམ་བཅུ་ནས་བཅོ་ལྔ་བར་འགྲོ་སོང་ཡོད་པས་དེ་དག་མི་རེ་རེའི་གདོང་པ་འཛུམ་གྱི་བསུ་ཞོར་སློང་གིན་ཡོད་པར་ཁྱོད་ཀྱིས་ཤེས་ངེས་རྒྱུ་མ་རེད།གལ་ཏེ་ཁྱོད་ཡང་བོད་ཀྱི་རིག་གཞུང་དང་ནང་བསྟན་ཆོས་ལུགས་ལ་ཞེན་ཁོག་ཅན་ཞིག་ཡིན་ན་གོང་གི་ལྡི་ལི་བོད་ཁྱིམ་མཐོ་རིམ་སློབ་མིའི་ཚོགས་ཆེན་གྱི་དེབ་ཆུང་དེའི་ཐོག་ཏུ་ཞལ་འདེབས་ཀྱི་ཕྱག་ལག་ཅིག་བསྲིངས་རོགས་ཞུ་ཞུ།།

  18. ཀརྡོ་གཉེར་ཕྱག་པ་ says:
    2012-10-08 at 10:43 am

    ་་་་་ ཡིག་སྐྱོན་མང་ཉུང་དང་སྐྱོན་བརྗོད་ག་ཚད་ཡོད་མེད་གཙོ་བོ་མིན་པས་ང་ཚོས་ངེས་པར་ཏུ་ཁོ་ཚོའི་ལས་གཞི་འདིའི་ཐོག་ཏུ་རྒྱབ་སྐྱོར་བྱེད་དགོས་་་་་་་་ ཟེར།

  19. མཁན་པོ་ཉི་མ། says:
    2012-10-08 at 8:44 pm

    འདི་ལོའི་དབྱར་ཁར་ང་ལ་དྭགས་ཕྱོགས་སུ་ལས་དོན་ཁ་ཤས་ཀྱི་ཆེད་དུ་ཕྱིན་པ་ཡིན། ལ་དྭགས་ཡུལ་པ་ཚོའི་ཁ་སྐད་ནི་ངོ་མ་ར་མ་ལུག་རང་རེད་འདུག ཡུལ་སྐད་དང་། ཧིན་སྐད། ད་དུང་ཁ་ཆེ་ཨོར་རྡུ་བཅས་ཚང་མ་ལྷ་སའི་སྨོན་ལམ་ཆེན་མོའི་སྐབས་ཀྱི་ཐུག་པ་དཀྲུག་དཀྲུག་བྱས་ནས་བཤད་ཀྱིན་འདུག

    ལ་དྭགས་ཕྱོགས་ལ་སྐད་ཡིག་གཙང་མ་བཟོ་མཁན་རེ་ཡོད་ན། དང་བོ་སོ་སོའི་སྤྱི་ཚོགས་ཀྱི་མི་དེ་ཚོ་གཙང་མ་ཞིག་བཟོས་རྗེས། གཞི་ནས་གཞན་ལ་མཛུབ་སྟོན་གནང་རོགས་ཞུ།

    ལ་དྭགས་ཕྱོགས་ལ་དམིགས་བསལ་བ་ཞིག་ག་རེ་འདུག་ཞུས་ན། གྲྭ བ་ཚང་མས་ཨ་རག་ག་ཚོད་འཐུང་འཐུང་དང་། བུ་མོར་ག་ཚོད་འཛགས་འཛགས་རེད་འདུག

  20. མཁན་པོ་ཉི་མ། says:
    2012-10-08 at 8:47 pm

    གསལ་བསྒྲགས་ངོས་སུ་ཡི་གེ་གོང་འོག་སྒྲིག་སྟངས་དེ་དངོས་གནས་ཅུང་ཟད་ཅིག་བོར་སོང་བ་འདྲ། ལུང་བ་གང་དུ་སོང་ཡང་སོ་སོའི་ཕ་སྐད་སྔོན་དང་དེའི་རྗེས་སྐད་རིགས་གཉིས་པ་དེ་འཇོག་སྲོལ་ཞིག་ཡོད་པ་འདྲ། རྗེས་ཕྱོགས་ཕན་རེས་བསམ་ཚུལ་ཙམ་ཡིན། ཁྱེད་ཚོས་བྱ་བ་ལམ་འགྲོ་ཤོག

  21. མེ་ཏོག་དཀར་པོ། says:
    2012-10-08 at 11:04 pm

    དེང་སང་གི་མཁན་པོ་ཚོ་བུ་ཆུང་གི་རྐུབ་ལ་ག་ཚོད་འཛག་འཛག་རེད། མ་རེད་དང་ཉི་མ་ལགས། དེ

  22. མི་ཉག་དུང་བརྡ says:
    2012-10-09 at 12:31 am

    ལྡི་ལི་བོད་ཀྱི་མཐོ་རིམ་སློབ་མས་གོ་སྒྲིག་ཞུས་པའི་རྩོམ་ཡིག་འགྲན་བསྡུས་ཀྱི་གར་སྟེགས་ལ་མཚམས་འདྲི་དང་རྒྱབ་སྐྱོར་ཡི་རངས་ཡོད། བོད་ཀྱི་རྩ་དོན་གྱི་ཕུགས་སམ་ཐུག་ས་ངོ་མ་ནི་བོད་ཀྱི་ཤེས་རིག་ལ་ཐུག་ཡོད་པས། དེ་རྒྱུན་སྐྱོང་དང་མཐོར་འདེགས། གཅེས་འཛིན་སོགས་བྱེད་པ་ནི་ད་ལྟའི་འགག་རྩའི་དུས་ཀྱི་འཚོ་བའི་ཟས་དང་གསོ་བའི་སྨན་གཅིག་པུ་དེ་ཡིན། ངས་ཞུ་འདོད་པ་ནི་གོང་དུ་བོད་ཀྱི་རིག་གཞུང་གི་གཏིང་མཐར་རྒྱུས་མ་ལོན་པའི་གསར་བུ་པ་ཉུང་ཤས་ཀྱིས་ཁ་ལྕེ་འགུག་སྟངས་ཐད་ཡིད་ཟབ་དང་དོ་སྣང་བྱེད་དགོས་པར་སྣང་།
    རྒན་ལ་དྭགས་པ་བློ་བཟང་ལགས་ནི་བོད་ཀྱི་བརྡ་སྤྲོད་རིགས་པ་ལ་ནང་བྱན་ཆུབ་པའི་རྒན་རབས་པ་ཞིག་རེད་ལ། ལྷག་པར་དུ་བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་ཅིང་དུས་རྟག་ཏུ་ཡིག་འབྲུ་རེ་རེ་ལའང་ཁུངས་བཙལ་ཏེ་ཞིབ་འཇུག་གི་རྣམ་པའམ་གསལ་ཁ་བཟོ་གང་ཐུབ་དང་། བོད་ཀྱི་སྐད་བརྡ་རིགས་པ་ལ་ཐུགས་ཁུར་ཆེས་བཞེས་གནང་མཁན་གྱི་རླབས་ཆེན་གྱི་སྐྱེ་བུ་ཞིག་རེད།

  23. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 12:35 am

    རྒན་ལ་དྭགས་པ་བློ་བཟང་ལགས་ནི་བོད་ཀྱི་བརྡ་སྤྲོད་རིགས་པ་ལ་ནང་བྱན་ཆུབ་པའི་རྒན་རབས་པ་ཞིག་རེད་ལ། ལྷག་པར་དུ་བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་ཅིང་དུས་རྟག་ཏུ་ཡིག་འབྲུ་རེ་རེ་ལའང་ཁུངས་བཙལ་ཏེ་ཞིབ་འཇུག་གི་རྣམ་པའམ་གསལ་ཁ་བཟོ་གང་ཐུབ་དང་། བོད་ཀྱི་སྐད་བརྡ་རིགས་པ་ལ་ཐུགས་ཁུར་ཆེས་བཞེས་གནང་མཁན་གྱི་རླབས་ཆེན་གྱི་སྐྱེ་བུ་ཞིག་རེད། ཟེར།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-09 at 12:36 am

    མཆན་༡་པོ་ན།

    ༸གོང་ས་མཆོག་སྐུ་ཚེ་རིང་བ་ཤོག བཀྲིས་བདེ་ལེགས།
    ཞེས་པ་མཆན་༡༧་པ་འབྲི་བ་པོ་གཟིགས་འབུལ་དང་།
    མཆན་༡༩་པ་ལ།
    བོད་ཀྱི་གཏམ་དཔེར།
    ཁོག་མའི་ནང་ལ་མེད་ན།
    གཟར་བུའི་ནང་ལ་ག་ནས་འོང་།
    ཞེས་སོ།།

  25. བཙན་མེ་སྟག says:
    2012-10-09 at 1:55 am

    བྱ་དགའ་ཐོབ་མིན་ཇི་ལྟར་ཡང་རྩོམ་ཡིག་ཅིག་ལོས་འབྲི། གོང་གི་འབོར་བཞིན་པའི་བོད་ཟེར་བ་དེ་འབར་བཞིན་པའི་བོད་མིན་ནམ་སྙམ།

  26. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-09 at 3:49 am

    སྦྲ་དཔལ་ལྡན་མཆོག་ལ།
    ངས་ནམ་ཡང་། ངས་བྲིས་པ་དེ་རྣམས་དག་པ་ཡིན། ཞེས་བཤད་མེད། ང་ནི་རྨོངས་པ་ཅན་ཞིག་ཡིན་པར་ཐེ་ཚོམ་མེད། ཁྱེད་ཀྱིས་འདི་ལྟར་བྲིས་པ་བདེན་ངེས། ངས་བོད་ཚིག་གི་དག་ཆ་གང་དང་གང་ནོར་ཡོད། བསྟན་ན་བདག་རང་ལ་མ་ཟད་བོད་སྤྱི་ལ་ཕན། དེས་ན་ཁྱེད་ཀྱི་བྲིས།
    ངས་བལྟས་ན་གོང་གི་ཁྱོད་ཀྱི་ཡིག་ཕྲེང་ཁ་ཤས་ཀྱི་ནང་དུ་ཡིག་རྙོག་གིས་གང་འདུག
    ཅེས་པས་འདི་དང་འདི་ཡིག་རྙོག་ཅེས་སྟོན་པར་ངེས། དེ་མིན་འཆལ་གཏམ་མ་སྨྲ་ན་ལེགས། བོད་ཀྱི་སྐད་དེ་ལ་དྭགས་པ་དང་། དབུས་གཙང་པ་དང་ ཨ་མདོ་པ་དང་། ཁམས་པ་རྣམས་ལུང་ཁག་སོ་སོའི་མ་ཡིན། བོད་སྤྱིའི་སྐད་ཡིན། བཀའ་བསྟན་གསུང་འབུམ་རྣམས་བོད་ཡུལ་ཡོངས་ལ་ཁྱབ་ཡོད་པར་མ་ཟད། ཛམ་གླིང་གི་དཔེ་མཛོད་ཁང་དང་། གཞན་དུ་ཡང་ཁྱབ་ཡོད་པས། རང་རེའི་བྲིས་རྣམས་ཀྱི་དག་ཆ་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དག་ཆ་དང་མཐུན་དགོས་པ་མི་འདུག་གམ།
    ཞེས་དྲིས་ཤིང་། ཁྱེད་ཀྱི་ལན་ལ་སྒུག་ཡོད་དོ།།

  27. སྦྲ་དཔལ་ལྡན། says:
    2012-10-09 at 4:22 am

    ལ་དྭགས་བློ་བཟང་འཇམ་དཔལ་ལགས་སུ་ བདག་གིས་ཁྱོད་ཀྱི་མཆན་གྲངས་གསུམ་པ་གསལ་བོ་བཟོ་མི་དགོས་པར་གྱིས་ལ་ དེ་རིང་ཁྱོད་ཀྱིས་བདག་ལ་བཞག་པའི་མཆན་གྲངས་ཉེར་དྲུག་པའི་ནང་དུའང་ཡིག་སྐྱོན་མང་པོ་འདུག་ འོན་ཀྱང་བདག་གི་ཡིག་སྐྱོན་ཉུང་ཉུང་ཞིག་དང་ནོར་འཁྲུལ་ཆུང་ཆུང་ཞིག་གིས་གང་ཟག་ཕན་ཚུན་ལ་ཐེར་འདོན་བྱེད་པར་མི་འོས་པའི་རྒྱུ་མཚན་གཞིར་བཞག་ནས་གོང་གི་བསམ་ཚུལ་བཅུ་བདུན་པར་བྲིས་པ་ཡིན། ངས་ནམ་རྒྱུན་བཤད་ཀྱིན་ཡོད་ལ་འབྲི་བཞིན་ཡོད་ཅེས་པ་ཁྱོད་ཀྱིས་གོ་བ་ཡག་པོ་ལོན་མི་འདུག་ལ་བདག་གིས་བཤད་བཞིན་པ་འུ་ཚོའི་སྤྱི་ཚོགས་ནང་དུ་བོད་ཡིག་དང་བོད་སྐད་བེད་སྤྱོད་བྱེད་མཁན་དག་ལ་ནོར་འཁྲུལ་དང་སྐྱོན་ཆ་ཅི་རིགས་ཡོད་ན་དེ་ནི་མཐའ་གཅིག་ཏུ་ནོར་འཁྲུལ་དུ་བཟུང་པ་ཧ་ཅང་གི་གསར་སློབ་པ་དང་བོད་ཡིག་ལ་དུངས་བ་ཡོད་མཁན་དག་ལ་བཀག་འགོག་གི་རྨང་གཞི་ཞིག་རེད། ཁྱོད་ཀྱིས་བཤད་ན་ངས་འཆར་གཏམ་སྨྲ་པ་འདོད་ལ་ངདས་བལྟས་ན་ཁྱོད་ཀྱིས་ང་ཚོའི་སྤྱི་ཚོགས་ལ་དཀྲིགས་ཤིང་བྱེད་ཀྱི་ཡོད་པེ་སྣང་། ཁྱོད་ཀྱིས་དངོས་ནས་བོད་རང་གི་སྐད་ཡིག་ལ་བཟུང་པའི་འདུ་ཤེས་གཙང་མ་ཡིན་ན་ ཁྱོད་རང་གི་ཕ་ཡུལ་ལ་བལྟོས་དང་ ར་མ་ལུག་གི་སྐད་ཆ་མ་གཏོགས་ཅི་ཡོད་ རང་ཉིད་ཀྱི་སྐྱོན་འགེབ་བྱས་ནས་གཞན་སྐྱོན་ངོས་འཛིན་བྱེད་རྒྱུ་སླ་ཡང་ ཐོག་མར་ཁྱོད་རང་ལ་དྭགས་ལ་སྐྱེས་པ་སོང་ཙང་ ལ་དྭགས་ཀྱི་སྐད་ཡིག་ལ་བསྒྱུར་བཅོས་ཤིག་གཏོང་དགོས་ཀྱི་མི་འདུག་གམ དྲ་གྲོགས་རྣམ་པ་ འདིར་ངས་ལ་དྭགས་བློ་བཟང་ལ་བཤད་པའི་སྐད་ཆ་ཡང་དག་ཡིན་མིན་ དོགས་འདྲི་ཡོད་ན་ བདག་གིས་ལ་དྭགས་པའི་བྲིས་པའི་གསལ་བསྒྲགས་ཁ་བརྡ་ཐོག་ཏུ་བསྐུར་ངེས་ཡིན་པས་གཟུགས་རོགས་ཞུ། ལ་དྭགས་པ་ལགས་ ཉིད་ཀྱི་ཨེ་འཕྲིན་ཁ་བྱང་ཞིག་བསྐུར་རོགས ཡང་མིན་ན་ ཁ་བྱང་དེའི་ཐོག་ཏུ་ འཕྲིན་ཐུང་ཞིག་བསྐུར་རོགས ngawa_palden@yahoo.com

  28. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-09 at 5:51 am

    བདག་ཉིད་ཆེ་ལ་སྐྱེ་བོ་རྣམས།
    སྐྱོན་འཚོལ་འགྱུར་གྱི་དམན་ལ་མིན།
    འཕན་ཟེལ་རིན་ཆེན་ལ་ལྟ་ཡི།
    མགལ་དུམ་ལ་ནི་སུ་ཞིག་དཔྱོད།། ༢༣ །། ས་སྐྱ་ལེགས་བཤད་། ལེའུ་༢པ།

  29. མངར་སྐྱུར་ says:
    2012-10-09 at 9:49 pm

    རྩོམ་ཡིག་འགྲན་སྡུར་གྱི་གསལ་བསྒྲགས་ཡིན་ན་སྙན་འཇེབས་དང་དག་ཆ་ལ་གཟོབས་པར་མཛོད།
    ནོར་བ་འགྲན་བསྡུར བཅོས་པ། འགྲན་སྡུར
    ནོར་བ། ལེགས་བསྡུས་བྱེད་ནས༌། བཅོས་པ། ལེགས་བསྡུས་བྱས་ནས། ནོར་བ། བཏོན་སྲོལ། བཅོས་པ། འདོན་སྲོལ། ནོར་བ་རྒྱུན་སྐྱོང་བྱེད་ནས། བཅོས་པ། རྒྱུན་སྐྱོང་བྱས་ནས། ནོར་བ། བཏོན་རྒྱུ། བཅོས་པ། འདོན་རྒྱུ། ནོར་བ། འཆར་གཞི་ནང་བཀོད། འཆར་གཞིའི་ནང་བཀོད། ནོར་བ། རྩོམ་པ་པོ་རྣམས་པའི། བཅོས་པ། རྩོམ་པ་པོ་རྣམ་པས།

  30. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 10:32 pm

    ༢༩༽མངར་སྐྱུར་ནས།
    མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་པ་ཐུན་མོང་གསལ་སྒྲོག་འདི། མངར་སྐྱུ་གྱིས། མངར་མིན་སྐྱུར་མིན་ལ་བཏང་འདུག་གོ །ད་ལས་བྱེད་པ་དང་། རྩོམ་པ་པོ་ཚོས་དག་ཆ་ལ་མ་རེམས་ན། དུས་བབ་དང་ཁ་བརྡའི་མི་གྲལ་ལ་ཚུད་དཀའ་སེ་མི་འདུག་གམ། མངྒ་ལམ། །དགེའོ། སརྦ་མངྒ་ལམ། ཐམས་ཅད་བཀྲ་ཤིས་པར་འགྱུར་ཅིག །

  31. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-09 at 10:36 pm

    མཁན་པོ་ཉི་མ་ཟེར་བ་དེ་འབྲུག་པ་དཀར་བརྒྱུད་པ་ཞིག་ཡིན་པར་མངོན། ལ་དྭགས་ལ་བོད་ཀྱི་ཆོས་ལུགས་བཞི་ཀའི་དགོན་པ་དང་། གྲྭ་པ་ཡོད། ཧེ་མི་དང་ལྕེ་བདེ་དགོན་པ་གཉིས་འབྲུག་པ་ཡིན། དེ་དག་གི་གྲྭ་པ་རྣམས་སྔོན་ང་ཆུང་ཆུང་སྐབས་སུ་ཐོས་པ་ལ་དགེ་སློང་དགེ་ཚུལ་སྒྲུབ་པའི་སྲོལ་མེད། སྔགས་ཆོག་འདོན་པ་རྣམས་བློ་འཛིན་ཏེ་དགོན་པ་རུ་འདོན་པ་དང་། གྲོང་ཡུལ་དག་ཏུ་སྐུ་རིམ་བྱེད་པར་ཕེབས། དེ་དག་གིས་ཆང་དང་བུད་མེད་བསྟེན་ཀྱང་། ཆོ་ག་ཉམས་ལེན་ལེགས་པས་མི་མངས་ཀྱིས་གུས་བཀུར་བྱེད།
    ཟ་ཆོག་འཐུང་ཆོག་རྒྱོ་ཆོག་གསུམ།
    དཔལ་ལྡན་འབྲུག་པའི་ཆ་ལུགས་ཡིན།།
    ཞེས་པ་ཐོས། འབྲུག་ཡུལ་དུ་ཡང་དེ་ལྟར་ཡིན་མིན་ངེས་་པ་མེད་ཀྱང་། ཨ་རིའི་མིའི་ཆགས་ཚུལ་ལ་སློབ་སྦྱོང་བྱེད་མཁན་ཞིག་གིས་རང་རེའི་ཡུལ་དུ་སེམས་ཀྱི་སྨན་པས་སྐྱེ་བོ་དག་གིས་སེམས་བདེ་བར་བྱེད་པ་བཞིན་དུ། འབྲུག་ཡུལ་དུ་གྲྭ་པ་རྣམས་ཀྱིས་མི་མངས་ཀྱི་སེམས་བདེ་བར་བྱེད། ཅེས་པ་བདག་ཨ་རིའི་ཡུལ་དུ་སྡོད་སྐབས་གསར་ཤོག་ཏུ་བཀླགས། འབྲུག་པ་དཀར་བརྒྱུད་པ་མ་ཡིན་པ་ཡང་གྲྭ་པ་མང་བས། དེ་དག་ལས་སོ་སོའི་སྐྱེ་བོ་འགའ་ཞིག་གིས་ཆང་ཨ་རག་དངོས་སུ་མངོན་པར་བྱས་ཏེ། འཐུང་མི་ཐུབ། སྦས་ནས་བྱེད་པ་ཡུལ་ཚང་མ་ན་ཡོད་པ་ལྟར་བཤད་མི་ཐུབ་པ་ཡིན།
    ལ་དྭགས་ཡུལ་པ་ཚོའི་ཁ་སྐད་ནི་ངོ་མ་ར་མ་ལུག་རང་རེད་འདུག ཅེས་པ་བདེན། འོན་ཀྱང་གཏམ་འདི་ཕྱོགས་ལྷུང་ཅན་ཞིག་སྟེ། ལ་དྭགས་ལྟ་ཅི། དབུས་གཙང་སོགས་ཀྱི་མི་རྒྱ་གར་སོགས་སུ་གཞིས་ཆགས་པའི་སྐད་རྒྱབ་སྟངས་དེ་རྣམས། དབུས་གཙང་ནས་གསར་དུ་འོངས་པའི་མི་དག་གིས་མཐོང་ཐོས་ཀྱི་དུས་དང་། དེ་བཞིན་རྒྱ་གར་སོགས་སུ་ཡུན་རིང་བསྡད་པའི་མི་དག་དབུས་གཙང་གི་མིས་སྐད་རྒྱབ་སྟངས་དེ་ཀུན་མཐོང་ཐོས་ཀྱི་དུས་ར་མ་ལུག་རང་མཐོང་བ་རེད་མི་འདུག་གམ། ཡུལ་སོ་སོར་ཡུན་རིང་གནས་པའི་སྐད་འགྱུར་བ་ལྟ་ཅི། ལྷ་ས་རང་དུ་གཞོན་པ་དག་གི་སྐད་རྒྱབ་སྟངས་དེ་རྒན་པ་རྣམས་ཀྱིས་མི་གོ་བ་འདུག་ཅེས་བཤད་པ་ངས་དངོས་སུ་ཐོས།
    དེས་ན། མཁན་པོའི་མིང་ཅན་ཁྱོད་ཀྱིས་ཕྱོགས་ལྷུང་གི་སྐད་ཆ་མ་བཤད་པར་དྲང་པོར་སྨྲ་ན་མི་ལེགས་སམ། ཞེས་སོ།།

  32. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 10:43 pm

    ནོར་བ། བཅོས་པ།
    འགྲན་བསྡུར། འགྲན་སྡུར།
    ལེགས་བསྡུས་བྱེད་ནས༌། ལེགས་བསྡུས་བྱས་ནས།
    བཏོན་སྲོལ། འདོན་སྲོལ།
    རྒྱུན་སྐྱོང་བྱེད་ནས། རྒྱུན་སྐྱོང་བྱས་ནས།
    བཏོན་རྒྱུ། འདོན་རྒྱུ།
    འཆར་གཞི་ནང་བཀོད། འཆར་གཞིའི་ནང་བཀོད།
    རྩོམ་པ་པོ་རྣམས་པའི། རྩོམ་པ་པོ་རྣམ་པས།
    ཀློག་བདེར་དཔྱད་གཞིར་ཟུར་བཏོན་བྱས།

  33. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 11:00 pm

    ལོ་རྗེས་མར་ངས་ནི། མཆན་བུ་༡༩༽པ་མཁན་པོ་ཉི་མ་ལགས།
    ལ་དྭགས་ལ་ལམ་འཁྲིད་ལ། འཁྲིད་ནས་༼ལ་དྭགས་ཕྱོགས་ལ་དམིགས་བསལ་བ་ཞིག་ག་རེ་འདུག་ཞུས་ན། གྲྭ བ་ཚང་མས་ཨ་རག་ག་ཚོད་འཐུང་འཐུང་དང་། བུ་མོར་ག་ཚོད་འཛགས་འཛགས་རེད་འདུག༽ས་ཆ་དང་གྲྭ་པ་དེ་ཚོ་ངོ་སྤྲོད་ཆེད་དུ་འཁྲིད་རོགས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། ང་ཡང་སྐྱ་མིན་གྱིན་སེར་མིན་གྱི་གྲྭ་པ་ཅིག་ཡིན་ལགས། འབྲུག་པའི་གྲྭ་པ་ཡིན་ཞེས་རྫུན་ཤོད་པ་ལ་ང་ངོ་མི་ཚ་བས་་་་
    ད་དུང་། ཟ་ཆོག་འཐུང་ཆོག་རྒྱོ་ཆོག་གསུམ། །དཔལ་ལྡན་འབྲུག་པའི་ཆ་ལུགས་ཡིན། ཞེས་པའི་ལུང་བསྟན་ས་ད་ག་རང་ཡིན་ས་གཅིག་ལ་ང་བསྐྱལ་རོགས་གནོངས་ཨ། །ཨེ་མ་ཧོ། སང་ཉིན་ནས་ལ་དྭགས་པའི་མཁའ་འགྲོ་མ་འགའ་ཤས་བཀུག་ཕྱིར་གཟུངས་སྔགས་ཀྱང་འདོན་རྒྱུ་འགོ་འཛུགས་བགྱི་ཡིན་ནོ། ཧ་ཧོ་སྐྱིད་པ་ལ།

  34. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-10 at 12:02 am

    སྦྲ་དཔལ་ལྡན་ཁྱོད་རྣ་བ་བླགས་ཏེ་ཉོན། ཁྱོད་ཀྱིས་ང་ལ་འདི་ལྟར་བྲིས་འདུག ༴
    ངདས་བལྟས་ན་ཁྱོད་ཀྱིས་ང་ཚོའི་སྤྱི་ཚོགས་ལ་དཀྲིགས་ཤིང་བྱེད་ཀྱི་ཡོད་པེ་སྣང་། ༴ ངས་བོད་མི་མངས་དང་། བོད་རིག་གཞུང་ལ་ཞབས་ཏོག་ཞུ་ཐུབ་པ་དག་ཁྱོད་ཀྱི་རྣ་བར་བླུགས་དགོས་པར་མཐོང་། དང་པོ་ང་ཝཱ་རཱ་ཎ་སཱིར་ལེགས་སྦྱར་སློབ་གྲྭར་ཡོད་སྐབས་དྭངས་བླངས་ཀྱིས་མེ་འཁོར་འབབ་ཚུགས་སུ་སོང་སྟེ། སྐབས་བཅོལ་པ་མང་པོ་ཧིནྡ་སྐད་མ་ཤེས་པ་གྲོགས་བྱས། དེའི་དུས་མི་ཁ་ཤས་མེ་འཁོར་བབས་ཚུགས་སོ་སོར་ཕྱིན་ཏེ། སྐད་མ་ཤེས་པའི་དབང་གིས་ཆུ་ཚོད་མང་པོ་སྒུགས་ཀྱང་། བྱེད་ཐབས་ཅང་མ་བྱུང་། དེ་ནས་སྐྱབས་བཅོལ་པར་གྲོགས་བྱེད་པར་མི་ཁ་ཤས་ཀྱིས་རང་གི་མི་བརླག་སྟོར་ལ་ཕྱིན་པའི་གནས་ཚུལ་བཤད་པ་ཐོས་ནས། མེ་འཁོར་བབས་ཚུགས་གཞན་དེ་རྒྱང་གྲག་གཉིས་གསུམ་ཐག་རིང་ན་ཡོད་པར་ཕྱིན་པ་ན། མི་གཉིས་དེ་ན་ཆུ་ཚོད་མང་པོ་སྒུགས་ཀྱང་ཧིནྡ་སྐད་མ་ཤེས་པར་ལུས། དེ་ནས་བདག་གིས་དེ་རྣམས་འཛོམས་པར་བྱས། མེ་འཁོར་ནང་བཅུག རྩྭ་མཆོག་གྲོང་དུ་གནས་བསྐོར་ལ་འགྲོ་བ་ཞབས་ཏོག་ཞུ་ཐུབ་པའི་དགའ་བ་མཆིས་པའི་གནས་ཚུལ་དང་། དེ་ནས་ལོ་མང་རྗེས་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭ་འཛུགས་པར་གྲ་སྒྲིག་བྱེད་པ་ན་སློབ་ཚན་བཟོ་བ་ལ་ཞབས་ཕྱི་ཞུ་ཐུབ། དེ་སྐབས་ས་བོད་ཆོས་དོན་བཀའ་བློན་གྱིས་ད་ལན་ཡིན་ན། རྒན་ལ་དྭགས་འཇམ་དཔལ་གྱིས་ཕན་ཐོགས་སོང་ཞེས་ལེགས་སྦྱར་སློབ་གྲྭར་བོད་མི་ཞིག་གསུངས་པ་ཐོས། དེ་ནས་ཨ་རི་ཀོ་ལམབི་ཡ་ཞེས་པའི་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་པའི་སྐབས་སུ། བོད་ཀྱི་གསར་ཤོག་དག་ན་བོད་ཚིག་དག་ཆ་གཞུང་དཔེ་དང་མི་མཐུན་པ་མང་བས། གཞུང་དཔེ་རྣམས་དང་མཐུན་པར་འབྱུང་ན། བསམས་ཏེ། བོད་རྗེ་མི་མངས་ལ་སྤྲིངས་ཡིག་ཅེས་པ་ཕུལ་ཏེ། དྷ་སར་ལས་ཁུངས་ཁག་ཏུ་བཀྲམ་པར་མ་ཟད། ལྗང་གཞོན་དུས་དེབ། ༡༩༩༧ འདོན་ཐེངས་༩པ། ཤོག་གྲངས་༡༡ནས་༤༩བར་ཡོདཔ་བྲིས། དེ་ནས་༢༠༠༩གློག་ཀླད་དུ་བཅུག་ཅིང་སྤར་པའི་གཞུང་དཔེ་བཅུ་ཙམ་ལ་དཔེ་ཆ་གཞན་དག་དང་གོ་བསྡུར་བྱས་ཏེ། མ་དག་པ་དང་དག་པ་བྲིས་ཏེ། ཤོག་གྲངས་བརྒྱད་ཅུ་ཙམ་ཡོད་པ་བཀྲམ། དེ་དག་བདག་གི་གློག་ཀླད་ན་ད་དུང་ཡོད་འདུག དཔེར་ན། རྒྱ་ནག་ཀྲིན་ཏུར་སྤར་པའི་ཤེས་འབྱུང་བློ་གྲོས་ཀྱི་སྤྱོད་འཇུག་འགྲེལ་པ་ན་ཡང་། ལན་ཞེས་པར་ལེན་ཞེས་པ་སོགས་ཡིག་ནོར་མཐོང་། འདི་དག་བོད་མི་ངས་དང་། བོད་རིག་གཞུང་ལ་ཞབས་ཏོག་ཞུ་ཐུབ་པ་མཚོན་པ་ཙམ་ཡིན།
    ཁ་སྐད་ལ་ཞུས་དག་བྱེད་པ་ལས་ཡི་གེར་བྲིས་པ་ལ་ཞུས་དག་བྱེད་པ་ཁྱབ་ཆེ་ཞིང་ཕན་ཐོགས་ཆེ། ལ་དྭགས་པས་བྲིས་པའི་ཡི་གེ་དག་ལ་ཞུས་དག་བྱས་དང་བྱེད་བཞིན་པ་ཡིན། ལ་དྭགས་པས་བྲིས་པ་ཞིག་ལ་ཁྱོད་ཀྱིས་ཀྱང་ཐུབ་ན་ཞུས་དག་བྱོས། ༴
    ངདས་བལྟས་ན་ཁྱོད་ཀྱིས་ང་ཚོའི་སྤྱི་ཚོགས་ལ་དཀྲིགས་ཤིང་བྱེད་ཀྱི་ཡོད་པེ་སྣང་། ༴ འདི་ཙམ་ན་ཡང་། ཁྱོད་ཀྱི་གི་གུ་དང་ཞབས་ཀྱུའི་དབྱེ་བ་ངོས་འཛིན་མ་ཐུབ་ན། བདག་གི་བརྗོད་པ་ན། ཡིག་ནོར་གང་འདུག་ཟེར་བ་ངག་བཀྱལ་རེད་མི་འདུག་གམ། མར་པ་སྒྲ་སྒྱུར་པས་།
    བུ་ང་རྒྱལ་གྱི་སྒང་པོ་ལ་ཡོ་ཏན་གྱི་ཆུ་མི་ཆགས་བྱ་བ་ཡིན། ཞེས་སོ།།

  35. མེ་ཏོག་དཀར་པོ། says:
    2012-10-10 at 12:49 am

    རྒན་ལེ། ཕྱག་འཚལ། དེ་རིང་ཉེ་རང་ཁྲོ་ཡོངས་ལེ། ཧ་ཧ་ཧ་

  36. མེ་ཏོག་དཀར་པོ། says:
    2012-10-10 at 2:49 am

    རྒན་ལེགས། ང་རྒྱལ་གྱི་སྒང་བུ་ཡིན་ལེ། སྒང་པོ་མ་དག་ལེ། འོ་ལེ།

  37. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-10-10 at 4:01 am

    མེ་ཏོག་དཀར་པོ་ལེགས།
    ངས་ཀྱང་དེ་རང་དྲན་ཡོད་པ་ཡིན་ལ། དག་པར་བཅོས་པ་ལེགས། འོ་ལ།

  38. ཀོང་རྗེ་དཀར་པོ། says:
    2012-10-10 at 10:41 am

    འདོན་རྒྱུ་་་་་་གདོན་རྒྱུ་་་་་ཞེས་དགོས་པར་སྣང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme