Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་༽ཁྱབ་བསྒྲགས་ཚོགས་ཆེན་ཐེངས་གཉིས་པ་ཐའེ་ཝན་དུ་འཚོགས་པ།

Posted on 2012-10-072012-10-07 By ཁ་བརྡ་ 16 Comments on ༼ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་༽ཁྱབ་བསྒྲགས་ཚོགས་ཆེན་ཐེངས་གཉིས་པ་ཐའེ་ཝན་དུ་འཚོགས་པ།

གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།

སྤྱི་ལོ་ཉིས་སྟོང་བཅུ་གཉིས་ཀྱི་ཟླ་བཅུ་པའི་སྤྱི་ཚེས་བདུན་གྱི་ཉིན་གྲོང་ཁྱེར་ཐའེ་ཀྲུང་དུ་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་མ་དངུལ་འདུ་འགོད་ཀྱི་ཚོགས་ཆེན་ཐེངས་གཉིས་པ་དངོས་སུ་འཚོགས། དེ་ཡང་སྤྱི་ཟླ་བཅུ་པའི་ཚེས་བདུན་ཉིན་གྱི་ཞོགས་པ་ཆུ་ཚོད་བཅུ་པ་ནས་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་གྱི་མ་དངུལ་འདུ་འགོད་དང་ལས་འཆར་ཁྱབ་བསྒྲགས་ཀྱི་ཚོགས་ཆེན་དེ་ཐའེ་ཀྲུང་ཀ་ཐོགཿརིག་འཛིན་ཆེན་པོའི་ཆོས་ཚོགས་སུ་འཚོགས་ཤིང་།
དེ་ཡང་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ལས་འཆར་ཚོགས་པའི་ཚོགས་གཙོ་མཁན་པོ་ཆོས་ཉིད་དོན་རྟོགས་དང་། སྐབས་འདིའི་མ་དངུལ་འདུ་འགོད་ཀྱི་གཙོ་འགན་གོ་སྒྲིག་པ་དང་། དྲ་བརྙན་ཚོགས་པའི་རྒྱུན་ལས་ཀཿཐོག་རིག་འཛིན་ཆེན་པོ། དྲ་བརྙན་རྒྱུན་ལས་མཁན་པོ་ཚེ་རིང་བཀྲ་ཤིས། སློབ་དཔོན་བསོད་ནམས་ཕུན་ཚོགས། དེ་བཞིན་རྒྱལ་སྤྱིིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་དྲ་བརྙན་ཚོགས་པའི་དམིགས་ཡུལ་དང་ལས་འཆར། དེ་བཞིན་ད་སྔོན་གྱི་གཞི་རྩའི་གྲ་སྒྲིག་ལས་དོན་གྱི་སྐོར། གཞན་དུས་རབས་འདི་ལ་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་པ་དང་། ཁྱད་པར་སྐྱེ་བོ་དེ་ལས་མང་བ་དག་གིས་སངས་རྒྱས་ཀྱི་བསྟན་པའི་དངོས་འབྲེལ་གྱི་ནང་དོན་རྟོགས་དགོས་ན་དྲ་བའི་རིག་གནས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་དར་སྤེལ་གཏོང་ཕྱོགས་ཀྱི་ལམ་ཁ་འཚོལ་དགོས་པ་སོགས་ལ་ནན་བཤད་གནང་། དེ་རྗེས་དགེ་འདུན་པ་དང་ཚོགས་ཞུགས་མི་མང་བཅས་ལྷན་དུ་པཎ་ཆེན་བློ་བཟང་ཆོས་བརྒྱན་གྱིས་མཛད་པའི་སྨན་བླའི་མདོ་ཆོག་གསུངས་ཤིང་། ཉིན་གུང་གསོལ་ཚིགས་རྗེས་ཆོས་ཚོགས་ཀྱི་མགྲོན་གསུ་ཁང་དུ་མཁན་སྤྲུལ་རྣམ་པས་འབྱུང་འགྱུར་གྲ་སྒྲིག་གི་ལས་དོན་སྐོར་ལ་ཆུ་ཚོད་གཉིས་རིང་གི་ཚོགས་འདུ་ཞིག་ཀྱང་འཚོགས། ང་ཚོར་ད་སྔའི་བར་གྱི་ཞལ་འདེབས་ཀྱི་གྲངས་ཚད་དང་། གཞི་རྩའི་སྒྲིག་ཆས་ཉོ་སྒྲུབ་དང་། བརྙན་ལེན་དང་སྒྲིག་སྦྱོར་སོགས་ཀྱི་ལས་བྱེད་མི་སྣའི་གླ་ཆ་སོགས་ས་གནས་ཀྱི་གནས་བབ་དང་མཐུན་པའི་སྔོན་རྩིས་ལྟར་ན་ཉིས་སྟོང་བཅུ་གསུམ་གྱི་ལོ་འགོར་དངོས་སུ་མགོ་འཛུགས་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། མཐར་ཕྱི་དྲོ་ཆུ་ཚོད་ལྔ་དང་ཕྱེད་ཀའི་ཐོག་ཐེངས་འདིའི་ཚོགས་པ་རྒྱལ་ངང་ནས་མཇུག་གྲོལ།
དེ་ཡང་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་ཚོགས་པ་འདི་ནི་ད་ལྟའི་ཆར་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཁོངས་གཏོགས་ཀྱི་སྡེ་ཚན་ཞིག་ཡིན། དེ་ཡང་། འདི་ལོའི་ལོ་མགོར་བོད་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་ཞིག་ཐེངས་མང་ཚོགས་འདུ་རིམ་པ་བརྒྱུད་ཐའེ་ཝན་དུ་འདི་ལྟ་བུའི་ལས་ཀ་ཞིག་དགོས་ངེས་ཡིན་པའི་སྤྱི་མོས་ཐག་གཅོད་ལྟར་གྲ་སྒྲིག་ཚོགས་པ་བཙུགས་ཤིང་། དེ་ཡང་ཞིབ་འཇུག་ཚོགས་པ་འདིའི་ཆ་ཤས་ཀྱི་མིང་ཐོག་ནས་འཛུགས་རྒྱུར་སྤྱི་མོས་བྱུང་། སྤྱི་ཟླ་བདུན་པར་རྒྱལ་ས་ཐའེ་པེ་རུ་མ་དངུལ་འདུ་འགོད་དང་། ཁྱབ་བསྒྲགས་ཀྱི་ཚོགས་འདུ་ཐེངས་དང་པོ་འཚོགས། དེ་བཞིན། ཁྱབ་བསྒྲགས་ཚོགས་པ་ཐེངས་གསུམ་པ་དེ་སྤྱི་ཟླ་བཅུ་པའི་མགོ་ཡས་མས་ལ་ཐའེ་ཝན་ལྷོ་ཕྱོགས་ནས་འཚོགས་གཏན་ཁེལ་ཟིན། དེ་ཡང་ད་ལྟའི་ཆར་ས་དགེ་བཀའ་རྙིང་གི་མཁན་སྤྲུལ་དགེ་བཤེས་གསུམ་རེ་ཇོ་ནང་གི་གཅིག་བཅས་རྒྱུན་ལས་མཁན་སྤྲུལ་དགེ་བཤེས་སློབ་དཔོན་བཅས་བཅུ་གསུམ་དང་། ཁོངས་གཏོགས་ཚོགས་མིའི་ཆོས་ཚོགས་ཉི་ཤུ་བརྒལ་བ་བཅས་ཡོད། ད་དུང་ཡང་། བོད་བརྒྱུད་ཀྱི་ཆོས་ཚོགས་བརྒྱ་བརྒལ་བ་ཚོགས་མིའི་མིང་ཐོག་ཐོག་ནས་མཉམ་ཞུགས་ཐུབ་རྒྱུའི་རེ་བ་དང་འབད་བརྩོན་བྱེད་བཞིན་ཡོད། ཁྱད་པར་ཉེ་ཆར་ཟླ་བ་བདུན་པར་ས་སྐྱ་༸ཁྲི་ཆེན་རིན་པོ་ཆེ་ཐའེ་ཝན་དུ་ཕེབས་སྐབས་མཁན་སྤྲུལ་དགེ་བཤེས་རྣམ་པ་ཆེད་གཅར་གྱིས་ལས་འཆར་ཡོངས་རྫོགས་སྙན་གསེང་ཞུས་པར་ཐུགས་བརྙེས་ཚོར་ཆེན་པོས་རྒྱབ་གཉེར་གྱི་ཕྱག་ཡིག་དང་ལམ་སྟོན་གྱི་བཀའ་སློབ། རྒྱབ་སྐྱོར་གྱི་ཞལ་འདེབས་བཅས་བསྩལ་པར་མ་ཟད། སྐབས་དེར་རྒྱུན་ལས་ཚོགས་མིའི་ཁོངས་སུ་ས་སྐྱའི་ཆོས་བརྒྱུད་གཅིག་ལས་ཞུགས་མེད་པ་གཟིགས་སྐབས་ཁོང་སྐུ་ངོ་མས་ཐའེ་ཝན་གྱི་ས་སྐྱའི་༸ཁྲི་ཆེན་དང་། ༸བདག་ཆེན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཆོས་ཚོགས་གཙོ་བོ་གཉིས་རྒྱུན་ལས་སུ་ཞུགས་དགོས་པའི་བཀའ་བཀོད་གནང་། དེ་བཞིན་རང་གཞུང་དོན་གཅོད་ཀྱི་ཆོས་དགེ་མཆོག་རྒྱུན་ལས་ཀྱི་ཁོངས་སུ་ཡོད་མུས་ལ། གཞན་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཆེ་ཁག་རྣམ་པས་ཀྱང་། ངག་ཐོག་དང་ཡིག་ཐོག་བཅས་སོ་སོ་ནས་ཚོགས་པ་འདིར་ངོས་འཛིན་དང་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ལགས། ང་ཚོའི་རྩ་འཛིན་ནི་ཆོས་བརྒྱུད་རིས་མེད་ཀྱི་ཐོག་ནས་ལས་ཀ་བྱེད་རྒྱུ་དེ་ཡིན་ཞིང་། ང་ཚོས་བགྲོ་གླེང་དང་གྲོལ་མོལ་གྱི་སྐབས། ཆོས་ཚོགས་དང་ཚོགས་ཆེན་གྱི་སྐབས་གང་དུ་ཡང་ཆོས་བརྒྱུད་ཆེན་པོ་ཁག་གི་མཆེད་གྲོགས་རྣམ་པ་ཕུ་ནུ་སྤུན་མཆེད་བཞིན་གདན་གཅིག་ལ་བསྡད་ནས། སྙིང་ཉེ་དང་མཛའ་མཐུན་གྱི་ངང་སྒེར་སེམས་མེད་པའི་ཐོག་ནས་ལས་དོན་འདིར་འབད་རྩོན་བྱེད་བཞིན་ཡོད། མདོར་ན་ང་ཚོའི་དམིགས་ཡུལ་ནི་དེ་ལས་མང་པའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པའི་ནང་ཆོས་ངོ་ཤེས་པར་བྱེད་རྒྱུ་དེ་ཡིན། ཁྱད་པར་འབྱུང་འགྱུར་དྲ་རྒྱའི་བརྙན་འཕྲིན་གྱི་ས་མིག་ཀྱང་ཆོས་བརྒྱུད་ཆེན་པོ་ཁག་དང་། དེ་བཞིན་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་སྤྱི་དང་ཁྱད་པར་ཚོགས་མིའི་ཆོས་ཚོགས་ཁག་ལ་སྤྱི་སྙོམས་ཞུ་ངེས་ཡིན།

གསར་འགྱུར།

Post navigation

Previous Post: རྡོ་དཀར་ས་ཆའི་ཁ་སང་ཕྱི་དྲོ་དང་དེ་རིང་གི་ཛ་དྲག་གནས་ཚུལ།
Next Post: མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྩོམ་ཡིག་འགྲན་བསྡུར་གསལ་བསྒྲགས།

Comments (16) on “༼ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་༽ཁྱབ་བསྒྲགས་ཚོགས་ཆེན་ཐེངས་གཉིས་པ་ཐའེ་ཝན་དུ་འཚོགས་པ།”

  1. རྫ་ཚེ་རིང་བཀྲ་ཤིས། says:
    2012-10-07 at 10:10 pm

    དེ་བཞིན། ཁྱབ་བསྒྲགས་ཚོགས་པ་ཐེངས་གསུམ་པ་དེ་སྤྱི་ཟླ་བཅུ་པའི་མགོ་ཡས་མས་ལ་ཐའེ་ཝན་ལྷོ་ཕྱོགས་ནས་འཚོགས་གཏན་ཁེལ་ཟིན། ཞེས་པ་༼བཅུ་གཉིས་པའི་མགོ༽ཞེས་སུ་ནོར་བཅོས་ཡོང་བ།

  2. མགོན་པོ། says:
    2012-10-07 at 10:47 pm

    ཁྱེད་ཚོས་ལས་ཀ་ཡག་པོ་རེད་ཟེར་གི་འདུག་ ཉེ་ཆར་་蕭絜仁་་ཞོ་ཕེ་རིན་་་དང་ཐེ་ཝན་དོན་གཅོད་གཉིས་ནས་་ཁ་མཆུ་གཏུགས་རེས་བྱས་པ་ལས་བོད་པ་དོན་གཅོད་ལ་རྒྱལ་ཁ་ཐོབ་ཡོད་རེད་ཟེར། ་
    གང་ལྟར་ཡང་་ཐེ་ཝན་ཁྲིམས་ཁང་ནས་蕭絜仁ཞོ་ཕེང་རིན་་་་རྒྱ་ནག་གསང་བའི་ལུང་ཁུངས་དང་འབྲེ་བ་ཡོད་པ་ཁྲིམས་ཁང་ནས་ར་སྤྲོད་བྱས་སོང་བ་རེད། ད་རུང་རྒྱ་ནག་གསངབ་ལས་ཁུང་ནས་གནའ་སྔ་མོ་་ལོ་རབས་༡༩༥༠་་ནས་༡༩༧༠་བར་དང་མི་འདྲ་བ་་་བོད་བརྒྱུད་ནང་་བསྟན་ཆོས་ལུགས་རྩ་མེད་གཏོང་བཞིན་པའི་ལས་འགུལ་ནང་ལ་蕭絜仁ཞོ་ཕེང་རིན་་་་་བོང་ནང་ན་ཞོགས་དུང།ཚ་བ་མདའ་སྨྱུག་རྗེས་འབྲངས་དང་བཅས་པ་རེད་། ཁོང་་ཚོ་རྒྱ་ས་ནས་་ཕོག་ཟ་རྒྱུ་ཡོད་ཡོད་རེད་ད་རུང་བོད་ཨ་མདོ་བ་མང་ཤོས་ཞིག་གིས་ཞོགསདུང་་ཅན་ལ་རྗེས་བརྗོད་ཆེ་་རུ་བཏང་་་བས་མ་ཚད་ཏཱ་ལའི་བླ་མ་ལ་སྙན་ཞུ་སྔ་བཞུགས་ཁ་ཤས་ཕུལ་། TCV་ནང་ཆོས་ངོ་སྤྲོད་སྟེང་ནས་ཏཱ་ལའི་བླ་མ་ལ་བཅར་འདྲ་ཚ་ནན་བྱས་པའི་བརྒྱུད་རིམ་ཁྲོད་ཏཱ་ལའི་བླ་མས་གསུང་ཡག་ལ་་་བླ་མས་སྲིད་འཛིན་པ་དགོངས་ཞུ་་་མ་བྱས་ཚེ་སྔ་ཕྱི་མ་གཏོགས་མགོ་རྟིང་ཀློག་གི་རེད་ཅེས་གཏམ་བཤད་སྤེལ་ཡོད་།་ གང་ལྟར་ཡང་ཞོགས་དུང་དང་ཁོང་གི་རྗེས་འབྲང་པ་ཨ་མདོ་བ་ཁག་གཅིག་གིས་གནོན་ཤུགས་འོག་ལོ་ངོ་ 370 རིང་གི་བོད་པའི་སྲིད་དབང་འཛིན་མཁན་ཏཱ་ལའི་བླ་མ་ལ་ཞེད་སྣང་བསླངས་ཡོད་རེད་། བོད་ནང་གི་་བན་དེ་ལ་ལས་དགོས་རྒྱུ་ཆོས་མི་སྒོམ་པར་་མི་དགོས་རྒྱུའི་་་འདིའི་་སྐོར་ལ་དགག་ཡིག་འབྲི་ཁུལ་་བྱས་རབས་ཡོདརེད།

  3. ཀརྨ་ says:
    2012-10-08 at 12:28 am

    ཡག་པོ་རེད་བཞག

  4. དྲང་གཏམ་གྱི་བུ། says:
    2012-10-08 at 12:51 am

    འདིའི་ནང་ཆོས་རྒྱུད་ཆེན་པོ་ཁག་གི་མཐུས་མི་ག་འདྲ་སེ་བསྡུ་གི་ཡོད་རེད་ཆ་རྐྱེན་ག་རེ་ཚང་དགོས་གི་ཡོད་རེད་ཐོག་མར་སུས་གཙུག་པ་རེད།།།
    ཆོས་རྒྱུད་ཚང་མའི་དབུ་འཛིན་ལ་འབྲེལ་ཡོད་རེད་པས།།།།།

  5. དྲང་གཏམ་གྱི་བུ། says:
    2012-10-08 at 12:56 am

    འདིའི་ནང་ཆོས་རྒྱུད་ཆེན་པོ་ཁག་གི་མཐུས་མི་ག་འདྲ་སེ་བསྡུ་གི་ཡོད་རེད་ཆ་རྐྱེན་ག་རེ་ཚང་དགོས་གི་ཡོད་རེད་ཐོག་མར་སུས་གཙུག་པ་རེད།།།
    ཆོས་རྒྱུད་ཚང་མའི་དབུ་འཛིན་ལ་འབྲེལ་ཡོད་རེད་པས།།།།།
    ཤེས་ཡོན་གྱི་སྡེ་ཚན་ཞིག་རེད་པས་

  6. བོད་ཁམས་ཉི་མ། says:
    2012-10-08 at 1:30 am

    དྲང་གཏམ་ལགས། ཁྱེད་རང་སྒེར་གཅོད་པ་ཞིག་ཡིན་ས་རེད་།

  7. བོད་ཁམས་ཉི་མ། says:
    2012-10-08 at 1:34 am

    དྲངས་བདེན་གྱི་བུ་ལགས། ད་ལྡའི་ཆོས་རྒྱུད་གྱི་དབུ་ཁྲིད་ཁག་སྒེར་གཅོད་པ་རེད་དོ་།

  8. རྒད་པོ། says:
    2012-10-08 at 12:36 pm

    ལས་འགུལ་འདི་ཤིན་དུ་བསྔགས་པར་འོས་སོ། བོད་ས་ཤོར་ནས། ཕལ་ཆེར། ཆོས་བརྒྱུད་ཆེན་པོ་ཁག་རང་འགུལ་ངང་ལ་མཉམ་འབྲེལ་གྱི་བྱ་བ་བྱེད་པ་ཐེངས་དང་པོ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་བོད་པའི་ཆོས་བརྒྱུད་མི་འདྲ་བའི་ཆོས་ཚོགས་མང་པོ་ཡོད་རུང་། ཕན་ཚུན་མཉམ་འབྲེལ་གྱི་ལས་འགུལ་མིན་འདུག ལྷག་པར་དུ། བོད་པ་ལས་ནུབ་ཕྱོགས་པ་ཚོ་ཆོས་བརྒྱུད་ཀྱི་ཐེན་འཁྱེར་ཆེ་བ་འདུག དཔེར་ན། བཀའ་བརྒྱུད་པའི་སློབ་མ་མང་པོ་ཞིག་གིས། རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ལ་འགྲོ་མི་ནུས་ཟེར། རྒྱུ་མཚན་འདྲི་སྐབས། བཀའ་བརྒྱུད་པའི་ཆོས་བརྒྱུད་གཙང་མ་དེ་དག་དང་གཞན་འདྲེས་ན་ཕངས་པོ་འདུག་ཟེར། དེ་བཞིན། འབྲུག་པ་བཀའ་བརྒྱུད་པའི་སློབ་མ་མང་པོ་ཞིག་གིས། རྒྱལ་དབང་ཀརྨ་པ་ཨུ་རྒྱན་འཕྲིན་ལས་མཆོག་གི་གསུང་ཆོས་ལ་ཡང་འགྲོ་གི་མིན་འདུག རྒྱུ་མཚན་འདྲི་སྐབས། ཆབ་སྲིད་ནང་ལ་ཞུགས་ན་འགྲིག་གི་མ་རེད་ཟེར། 

    མ་འོང་པ་ན། ཕྱི་རྒྱལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འདི་ཚོར་ཡང་། རིས་མེད་བསྟན་པའི་རྩ་འཛུགས་ཞིག་ཡོད་ན་ཅི་མ་རུང་། 

  9. དྲང་གཏམ་གྱི་བུ། says:
    2012-10-08 at 8:07 pm

    ལས་འགུལ་འདི་ཡིདམིགས་ཡུལ་ངེས་པར་དགོས་ངེས་དང་ཤིན་ཏུ་སྔགས་པར་འོས་པ་དེ་འདྲ་རེད་ཡིན་ན་ཡང་དམིགས་ཡུལ་ཆེན་པོ་ཞིག་ཟུང་བ་དང་མིང་ཆེན་པོ་ཞིག་འཁྱེར་ཡོང་དུས་མིང་དང་མཐུན་པའི་ཆ་རྐྱེན་གལ་ཆེན་ཁག་ངེས་པར་ཚང་དགོས་པ་དང་གཞི་རྩ་ཡག་པོ་ཞིག་གཙུག་ཐུབ་ན་ཐོག་མའི་དམིགས་ཡུལ་གཞི་ཟུང་གི་བསྟན་སྲིད་ཀྱི་བྱ་བ་ཡོངས་རྫོགས་ལམ་ལྷོང་ལེགས་པོ་ཡོང་རྒྱུ་གདོན་མི་ཟ་བ་ཞིག་རེད་
    གོང་དུ་རྫ་ཚེ་ལ་དྲི་བ་དགའ་ཞིག་ཞུས་པར་གསལ་གཤད་ཞིག་བྱུང་ན་ཤིན་ཏུ་ལེགས་པ་དང་དེར་མི་དམང་གིས་འགྲོ་གླེང་ཞིབ་རྒྱས་བྱུང་ན་ཕན་ཐོག་ཡོད་པའི་རང་བཞིན་རེད་
    དེ་མིན་བསྟོད་པ་སྔ་དྲག་ན་ཡང་ལེགས་པ་གང་ཡང་མ་རེད་བསྟོད་པ་རྗེས་སུ་ལས་དོན་ལ་ཞིག་སྟེ་ཕུལ་ཆོག་གི་རེད་ད་ལྟ་མགོ་ཚུགས་བཞིན་པ་རེད།།

  10. མེ་ཏོག་དཀར་པོ། says:
    2012-10-09 at 10:18 pm

    འབྲུག་པ་བཀའ་བརྒྱུད་པའི་སློབ་མ་མང་པོ་ཞིག་གིས། རྒྱལ་དབང་ཀརྨ་པ་ཨུ་རྒྱན་འཕྲིན་ལས་མཆོག་གི་གསུང་ཆོས་ལ་ཡང་འགྲོ་གི་མིན་འདུག་ཟེར། ག་རེ་བྱས་ནས་འགྲོ་དགོས་རེད།
    ༧རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེའི་གསུང་ཆོས་ལ་སིཏུའི་ཀརྨའི་སློབ་མ་ནས་གཅིག་ཀྱང་འགྲོ་གི་མིན་འདུག་ཟེར་ན་ཁྱོས་ཅི་ཟེར།
    མི་འདི་རིགས་ཧམ་པ་ཚ་བ་ལ་ཚོད་མེད་རེད། འདི་འདྲ་བས་གཅིག་སྡུད་ལམ་ལུགས་ཀྱི་མཐོ་རིམ་མི་སྣ་ཡིན་ན་ཆིག་སྒྲིལ་ཚོགས་པ་རོ་རངས་རྒྱག་ངེས་རེད། ཨ་ཐན་བྱ།

  11. མེ་ཏོག་དཀར་པོ། says:
    2012-10-09 at 10:19 pm

    འབྲུག་པ་བཀའ་བརྒྱུད་པའི་སློབ་མ་མང་པོ་ཞིག་གིས། རྒྱལ་དབང་ཀརྨ་པ་ཨུ་རྒྱན་འཕྲིན་ལས་མཆོག་གི་གསུང་ཆོས་ལ་ཡང་འགྲོ་གི་མིན་འདུག་ཟེར། ག་རེ་བྱས་ནས་འགྲོ་དགོས་རེད།
    ༧རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེའི་གསུང་ཆོས་ལ་སིཏུའི་ཀརྨའི་སློབ་མ་ནས་གཅིག་ཀྱང་འགྲོ་གི་མིན་འདུག་ཟེར་ན་ཁྱོས་ཅི་ཟེར།
    མི་འདི་རིགས་ཧམ་པ་ཚ་བ་ལ་ཚོད་མེད་རེད། འདི་འདྲ་བ་གཅིག་སྡུད་ལམ་ལུགས་ཀྱི་མཐོ་རིམ་མི་སྣ་ཡིན་ན་ཆིག་སྒྲིལ་ཚོགས་པ་རོ་ལངས་རྒྱག་ངེས་རེད། ཨ་ཐན་བྱ།

  12. མེ་ཏོག་དཀར་པོ། says:
    2012-10-09 at 10:44 pm

    ཡང་ཐན་བྱས། བཀའ་བརྒྱུད་པའི་སློབ་མ་མང་པོ་ཞིག་གིས། རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ལ་འགྲོ་མི་ནུས་ཟེར་ཟེར། སུས་ཟེར། ལར་ནས་༧གོང་ས་མཆོག་གི་བཀའ་ཆོས་ལ་ངེས་པར་འགྲོ་དགོས་པའི་ཁྲལ་དེ་སུས་བཀལ། གཉིས་སུ་བོད་པ་མིན་པའི་བཀའ་བརྒྱུད་པ་མང་དུ་ཡོད་པས་དེ་དག་༧གསུང་ཆོས་ལ་མི་འགྲོ་བའི་སྡུག་ཡུས་ཅིའི་ཕྱིར་བཤད།
    གཅིག་ལ་བཟང་ན་ཀུན་ལ་མི་བཟང་། །
    གཅིག་ལ་ངན་ན་ཀུན་ལ་མི་ངན། །ཟེར་བའི་དཔེ་ལྟར། ༧གོང་ས་མཆོག་རང་ཅག་བོད་འབངས་ཡོངས་ལ་བཀའ་དྲིན་ཆེ་ཞིང་རང་ཅག་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་ཡིན་མོད། གཞན་ལ་དེ་ལྟར་ཡིན་པའི་ངེས་པ་ག་ལ་ཡོད། ང་ཚོའི་རྩ་ཆེན་པོ་ཀུན་གྱིས་རྩ་ཆེན་པོ་ཡིན་དགོས་པ། ང་ཚོའི་དགྲ་བོ་ཀུན་གྱིས་དགྲ་བོ་ཡིན་དགོས་པའི་ཤིང་ནགས་ཀྱི་ལྟ་བ་དེ་ད་ནི་དོར་ཅིག
    དཔེ་མཚོན་ཙམ་བཤད་ན། ན་ཉིན་འབྲུག་མཁར་ཞིག་མེ་སྐྱོན་བྱུང་བ་ལ་ཁ་ཅིག་ན་རེ། ལས་འབྲས་འཁོར་བ་རེད། ཅིའི་ཕྱིར་ན་འབྲུག་བློན་དང་རྒྱ་དཔོན་གཉིས་ཉིན་ཤས་གོང་ཐུག་ཕྲད་བྱས་པས་སོ་ཟེར། ཡང་ཉེ་ཆར་ཁེ་ན་ཌ་ལ་བོད་པ་བཞིས་རྐུ་བྱས་པར་ཁ་ཅིག་ན་རེ། དེ་བོད་པ་མིན། ཧི་མ་ལ་ཡའི་མི་རིགས་གཞན་འདྲ་བས་སོ་ཟེར། ཡང་གཅིག་གིས། ཁེ་ན་ཌ་ལ་ལས་འབྲས་འཁོར་ཏེ། བོད་ནང་དུ་གསེར་འདོན་པའི་ཚོང་འབྲེལ་རྒྱ་མཉམ་དུ་བྱས་པས་སོ་ཟེར། ཁེ་ན་ཌས་བོད་མི་དེ་ཙམ་ཞིག་བསུས་ཤིང་ཞི་བདེ་བག་ཕེབས་ངང་སྡོད་བཅུག་པ་གཏན་བརྗེད་དུ་སོང་། ལས་འབྲས་འཁོར་ན་བོད་པ་ལ་འཁོར་རྒྱུ་ཨ།

  13. མེ་ཏོག་དཀར་པོ། says:
    2012-10-10 at 3:48 am

    ད་རྒད་པོ་དེ་ག་རུ་སོང་།

  14. རྫ ་ཚེ་རིང་བཀྲ་ཤིས། says:
    2012-10-10 at 10:00 am

    ལགས་སོ། ངས་དྲང་བདེན་གྱི་བུ་ལ་ལན་འབུལ་རྒྱུ་ཡིན།
    འོན་ཀྱང་དུས་ཐོག་ཏུ་འབུལ་མ་ཐུབ་པར་ཐོག་མར་དགོངས་སེལ་ཞུ།
    ང་ཚོའི་ཚོགས་ཞུགས་ཚང་མ་ཆོས་བརྒྱུད་རིས་མེད་ཡིན།
    འོན་ཀྱང་ང་ཚོས་སོ་སོ་ཆོས་བརྒྱུད་སོ་སོའི་ཚབ་བྱེད་ཐུབ་པའི་མཐུས་མི་ཡིན་ཟེར་གྱི་མེད།
    འོན་ཀྱང་ཚོགས་པའི་ངོས་ནས་ང་ཚོ་ལ་ཆོས་བརྒྱུད་ཚང་མའི་འདྲ་མཉམ་གྱི་གྲུབ་ཆ་ཡོད་ན་གསམ་ནས་ཚོགས་མི་བསྡུ་དང་རྒྱུན་ལས་བསྡུ་བཞིན་ཡོད།
    ཚོགས་མིའི་ནང་ན་ཆོས་བརྒྱུད་བཞིའི་གྲུབ་ཆ་ཡོད་པ་དེ་ཁོང་ཉིད་ཆོས་བརྒྱུད་བྱེ་བྲག་པ་དེ་དང་དེའི་ཆོས་བརྒྱུད་དུ་གཏོགས་པ་ཞིག་གི་མཚན་ཐོག་ནས་ཞུགས་པ་ཙམ་རེད་དེ་དང་ཆོས་བརྒྱུད་དེའི་དབང་ཚད་ལྡན་པའི་མཐུས་ཚབ་གཉིས་ལ་བར་ཁྱད་ཆེན་པོ་ཡོད་རེད།
    མདོར་ན་ང་ཚོའི་ཚོགས་པ་ནི་ཆོས་བརྒྱུད་རིས་མེད་ཀྱི་གྲུབ་ཆ ་ལྡན་པ་ཞིག་ཡིན་ཀྱང་། ཆོས་བརྒྱུད་རེས་མེད་ཀྱི་སྐུ་ཚབ་མཉམ་ཞུགས་གནང་བ་ཞིག་ཏུ་རྩི་མི་དགོས་སྙམ།

    དཔེར་ན། རྡ་སའི་ཆོས་བརྒྱུད་སྤྱི་འཐུས་དེ་ཆོས་བརྒྱུད་ཀྱི་དབང་ལྡན་མཐུས་མི་ཡིན་པ་དང་། ཝར་ཎའི་ཆོས་བརྒྱུད་ས་མིག་གི་སློབ་མ་དེ་ཆོས་བརྒྱུད་ཀྱི་དབང་ལྡན་གྱི་སྐུ་ཚབ་མིན་ཀྱང་། རང་བཞིན་གྱི་ཐོབ་ཐང་གི་ངོས་ནས་ཆོས་བརྒྱུད་ཀྱི་འཛིན་གྲྭར་སློབ་སྦྱོང་བྱེད་པ་དང་གཅིག་མཚུངས་ཡིན།
    འདི་གཉིས་ཀྱི་ཁྱད་པར་མང་པོ་ཞིག་གིས་གོ་གིན་མི་འདུག

    དེ་མིན་ང་ཚོའི་ཚོགས་པའི་ནང་དུ་ཞུགས་པ་རྣམས་ཚང་མ་དང་བླངས་རེད།
    འདི་ལ་དམིགས་བསལ་གྱི་ཆ་རྐྱེན་གང་ཡང་མི་དགོས། སུས་མཉམ་འབྲེལ་གྱི་ལས་ཀ་བྱེད་འདོད་ན་དགའ་བསུ་བྱེད་བཞིན་ཡོད།
    འོན་ཀྱང་། དོན་གྱི་ཐོག་ནས་དོལ་རྒྱལ་དང་འབྲེལ་མེད་ཅིག་དགོས་པ་ཆགས་ཀྱི་ཡོད།

  15. དྲང་གཏམ་གྱི་བུ། says:
    2012-10-11 at 2:11 am

    ལགས་སོ་རྫ་ཚེ་ཐུགས་རྗེ་ཆེ་ང་ལ་གསལ་པོ་ཆགས་སོང་
    འོན་ཀྱང་མི་དམངས་སྤྱི་ཡོངས་ལ་གསལ་བཤད་བྱེད་སྐབས་དང་ཚོགས་པ་རང་གི་ངོ་བོ་དང་གྲུབ་ཆ་གང་ཡིན་ཕྱི་གསལ་ནང་གསལ་བྱེདརྒྱུ་་གལ་ཆེ་དེ་མིན་མིང་ཆེན་པོ་ཞིག་འཁྱེར་ལས་དོན་ཆུང་ཆུང་ཞིག་གམ་ལོག་པ་ཞིག་ཆག་རྒྱུའི་ཉེན་ཁ་ཆེ་དེ་འདྲ་མང་པོ་རེད་

  16. མེ་ཏོག་དཀར་པོ། says:
    2012-10-11 at 2:28 am

    དོལ་རྒྱལ་དང་འབྲེལ་བ་མེད་པ་ཞིག་དང་། རིས་མེད་ཟེར་བ་འདི་ཚོར་ལྟོ་གོས་ལས་སླ་པོ་ཐོབ་འོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme