Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རོགས་དངུལ་འབོད་སྐུལ།

Posted on 2009-07-282009-07-28 By དགེ་རབ་ 3 Comments on རོགས་དངུལ་འབོད་སྐུལ།

དེ་རིང་གི་ཆུ་ཚོད་གསུམ་པ་ཙམ་ལ་གྲོགས་པོ་ཞིག་གིས་ཁ་པར་བརྒྱུད་བརྗོད་དོན་ལ། ཉེ་སྔོན་གྱི་རྨ་ཆུའི་ཆུ་ལོག་གི་སྐབས་སུ་རྐྱེན་ངན་འཕྲད་པའི་ཨ་མ་བཀྲ་གོའི་ཆེད་ཨ་སྒོར་བརྒྱ་ཐམ་པ་ཞལ་འདེབས་ལ་འབུལ་རྒྱུ་ཡིན་ཟེར། ཡིན་ན་ཡང་། ཆ་རྐྱེན་གཅིག་ནི། ངས་རྩོམ་ཐུང་འདི་བྲིས་ནས་ཁ་བརྡའི་ཐོག་སློང་ཡིག་འབྲི་དགོས་ཟེར། ད་བར་དུ་སློང་ཡིག་ཅིག་བྲིས་མ་མྱོང་། འོན་ཀྱང་། ཨ་མ་འདི་ལ་ཕན་ཐོགས་ན། སློང་ཡིག་འབྲི་རྒྱུ་ལ་ནི་ང་འཚེར་མི་རུང་། དེ་བས་སློང་ཡིག་འདི་བྲིས་པ་ཡིན། ཁ་བརྡའི་ཐོག་གི་རྩོམ་ཡིག་པར་དང་བཅས་པ། འབྲེལ་ཐག་འདི་ན་ཡོད།
རྩོམ་དེའི་ནང་ཐད་ཀར་འབྲེལ་གཏུགས་གནང་སའི་ཁ་པར་ཨང་གྲངས་གཤམ་གསལ་འདི་རེད། འབྲེལ་གཏུགས་ཁ་པར་ 13893995415

གྲོགས་པོ་ཚོ། ཁྱེད་ལ་འདི་ལ་ཞལ་འདེབས་གནང་འདོད་མཆིས་ཚེ། ཕྲན་གྱི་གློག་འཕྲིན་འདིའི་ཐོག་ grabsal@gmail.com འབྲེལ་བ་གནང་རོགས་ཞུ། དེ་ནས་ངེད་ཀྱིས་ཁྱེད་ལ་ཞལ་འདེབས་བསྐུར་སའི་གྲོགས་པོའི་མིང་དང་ཁ་བྱང་དང་བཅས་པ་ཕུལ་ཆོག དེ་མིན་ཉིད་ཀྱི་ཞལ་འདེབས་གནང་བཞེད་ཀྱི་མཆན་དང་འབྲེལ་གཏུགས་བྱེད་ས་སོགས་མཆན་གྱི་ཁོངས་སུ་འགོད་རོགས། ཐུགས་རྗེ་ཆེ། དགེ་འདུན་རབ་གསལ་གྱིས་ཕུལ།

སྣ་ཚོགས།

Post navigation

Previous Post: ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པ། ༼1༽
Next Post: ཟམ་གདོང་རིན་པོ་ཆེ་སྐྱར་དུ་བཀའ་ཁྲིར་འདེམས་དགོས་པ་རེད་དམ།

Comments (3) on “རོགས་དངུལ་འབོད་སྐུལ།”

  1. རིག་པའི་རྡོ་རྗེ། says:
    2009-07-28 at 4:21 pm

    བཀུར་འོས་དགེ་རབ་ལགས།   ཁྱེད་ཀྱིས་ཉམ་ཕན་གྱི་ཕྱག་ལས་འདི་འདྲ་གནང་བར་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཡོད།   ངས་ཀྱང་ཨ་སྒོར་བརྒྱའི་ཞལ་འདེབས་ཕུལ་ངེས་ཡིན་པས།  ཁོམ་སྐབས་བྱུང་ན་འབྲེལ་ཡོད་ཀྱི་མཚན་དང་ཁ་བྱང་སོགས་དྲ་འཕྲིན་འདིའི་knd1@tcbci.orgགཏོང་རོགས་ཞུ།
    ངས་ཀྱང་འདི་ཕྱོགས་ནས་ཞལ་འདེབས་རེ་བསྡུ་ཨེ་ཐུབ་ལྟ་ངེས་ཡིན།   དྲ་གྲོགས་ཡོངས་ཀྱི་སྙིང་རྗེས་གཟིགས་ཏེ་ཉམ་ཆུང་མ་བུ་དེ་གཉིས་ལ་གང་ནུས་ཀྱི་ཞལ་འདེབས་རེ་གནང་རོགས་ཞུ།   ཀུན་རྫོབ་ཀྱི་དགེ་བ་ཞིག་ལ་དེ་ལས་ལྷག་པ་ཞིག་ཨེ་ཡོད་སྙམ།  གལ་ཏེ་དགེ་བ་ཟེར་བ་དེ་ལ་ཡིད་ཆེས་ཡོད་མེད་གང་ལྟར་ཀྱང་ཉམ་ཆུང་ལ་རོགས་རམ་གནང་རྒྱུ་འདི་མི་བཟང་པོ་དང་ཡག་པོ་ཚོའི་ཕྱག་ལས་གནང་ཕྱོགས་ཡིན་པས་དེ་ལུགས་ཐུགས་ལ་འཛིན་འཚལ།

  2. དགེ་འདུན་རབ་གསལ says:
    2009-07-28 at 5:36 pm

    རིག་པའི་རྡོ་རྗེ་ལགས།
    འཁྱུག་ཙམ་གཉིད་དུ་ཡུར་བའི་ཤུལ་དུ་ཁྱེད་ཁྱེད་ཀྱི་མཆན་གཉིས་བསྟུད་མར་བཀོད་པ་མཐོང་བྱུང་། ཐུགས་རྗེ་ཆེ། ངེད་ཀྱིས་གྲོགས་པོ་ལ་འབྲེལ་བ་ཞིག་བྱས་རྗེས་ཁྱེད་ལ་ལན་ཕུལ་ཆོག

  3. འགར་ཚེ་རྒྱལ། says:
    2009-07-29 at 1:49 am

    བྱ་བ་འདི་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། ཡིན་ནའང་། རང་ཕྱོགས་ན་བལྟ་མཁན་མེད་པར་དོ་སྣང་མ་བྱུང་བ་དང་། འཁུར་དུ་མ་བླངས་པ། ཕྱོགས་འཛིན་གྱིས་བརྡ་ཁྱབ་མ་བཏང་བ་སོགས་ཀྱི་དབང་གིས་འདི་ལས་ལྷག་པའི་ཉམ་ཆུང་ནི་མ་མཐོང་མ་ཤེས་ས་ན་ཁེངས་ནས་ཡོད་པས། ལྷག་བསམ་དག་པས་སྟོང་ཕོད་གྱི་ཕྱག་ཟུང་རིང་དུ་ཡོད་མཁན་ཚོས་ནི་འདི་དང་འདི་ལྟ་བུར་ཡོད་ཚོད་ནུས་ཚོད་ཀྱིས་མུ་ནས་མུ་རུ་སྦྱིན་གཏོང་གནང་རྒྱུ་ནི་མི་རུ་སྐྱེས་པའི་བྱ་བ་རླབས་ཆེན་ཞིག་རེད་ལ། དེ་བཞིན་ཀུན་སློང་དག་པས་ཉམ་ཆུང་གི་ཕྱོགས་ཁ་བལྟ་མིག་བལྟ་བྱས་ནས་རོགས་སྐྱོར་སློང་དངུལ་གྱི་སྐུལ་བརྡ་གཏོང་མཁན་ཚོས་ཀྱང་རང་གི་ཉེ་ས་ཁོ་ན་ནས་མི་བལྟ་བར་ཡོངས་ཁྱབ་རྒྱ་ཁྱབ་ཀྱིས་བལྟས་ཏེ་བྱ་བ་བཟང་པོ་འདི་བསྒྲུབ་རྒྱུའི་རེ་བ་ཡོད། མ་ཟད་ཕྱོགས་ཁག་ནས་སློང་དངུལ་བསྡུ་གསོག་བྱས་པ་དེ་ཡང་ཁྲ་ཁྲ་ཟང་ཟིང་མིན་པར་དམ་གཙང་སྤུས་གཙང་གིས་ཕ་རོལ་པོའི་ལག་ཏུ་དངོས་སུ་རྩིས་འབུལ་ངེས་འབྱོར་བྱེད་ཐུབ་པ་དགོས་རྒྱུ་ནི་དེ་བས་ཀྱང་གལ་གནད་ཆེ་ཞིང་ཡིད་གཟབ་བྱ་དགོས་པ་ཞིག་ཏུ་སེམས་སོ།། སྐད་ཆ་འདི་དྲན་སྐུལ་ཙམ་ཡིན་པས་ཐུགས་བློ་དང་མི་མཐུན་པའི་འགལ་ཆ་ཡོད་ན་དགོངས་དག་ཞུ།
    འགར་ཚེ་རྒྱལ་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme