Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ས་སྲོད་ཀྱི་འབྲོག་ཁྱིམ།

Posted on 2012-10-022012-10-02 By ཁ་བརྡ་ 5 Comments on ས་སྲོད་ཀྱི་འབྲོག་ཁྱིམ།

སོག་མདའ།

ཨ་མ་གཡང་སྐྱིད་མར་སྒྱེད་ནས་བ་མ་དེ་ཐབ་ལ་བཞག་དེ་ཆུ་ཐོམ་བུ་འགའ་བླུགས་ནས་དེར་བཞག་ཡོད་པའི་སྐམ་གྱི་རྐང་ཡ་དེ་བླངས་ནས་་ཤ་རྡོག་རེ་རེ་བཞིན་གཙབ་བཞིན་ནུབ་ཚ་སྐོལ་བར་བྲེལ་བཞིན་འདུག་ལ། ཁ་ནས་མུར་མུར་ཞིག་འདོན་བཞིན་ཕྱི་ལོགས་སུ་ཡང་ཡང་ལྟ་བཞིན་འདུག སྒོ་འགྲམ་གྱི་ཁྱི་རྒན་རྒྱ་སྟག་གིས་ཅི་ཡང་མི་སྙམ་པར་གཉིད་འདུག་ལ། ཉི་མ་ཡང་ག་ལེར་ནུབ་ཕྱོགས་ཚང་ལ་འགྲོ་བཞིན་འདུག ཕྱུགས་རྗི་བུ་ཆུང་མགོན་པོ་ཡིས་ནོར་ལུག་རྣམས་ལྷས་རར་བསྐོར་ནས་ཡོད་པས་མནའ་མ་སྒྲོན་མཚོས་བྲེལ་བྲེལ་འཚུབ་འཚུབ་ངང་སྐེ་རགས་ཡང་བསྡམས་ཞིག་བྱས་ཏེ་ནོར་ལྷས་སུ་ཕྱིན་ནས་ནོར་རྣམས་གཅིག་རེ་གཅིག་རེ་བྱས་ནས་རྡང་ལ་འདོགས་བཞིན་འདུག རྗོང་ཐོག་ཏུ་ཇ་དང་ཚ་ཁུ་ཉོ་རུ་སོང་བའི་ཕ་རྒན་རབ་རྒྱས་ཕྱིར་སླེབས་བྱུང་། བྱིས་པ་འགའ་ཕ་རྒན་གྱི་མདུན་དུ་རྒྱུགས་ནས་ཨ་ཕ་ལ་ཀ་ར་ཡོད་ནི་ཟེར་བཞིན་མཆོང་ལྡིང་བྱེད་བཞིན་རྒྱུགས་ཀྱི་འདུག་ལ། ཨ་མ་གཡང་སྐྱིད་ཀྱང་སྒོར་བུད་ནས་ཕ་རྒན་རབ་རྒྱས་ཀྱི་མདུན་བསུར་བུད་ནས། དེ་རིང་ཅུང་འགོར་ཐལ་མོ་ཞེས་དྲིས་པས་ཕ་རྒན་གྱིས་དེ་རིང་འགོར་ཐ་རྫོང་ཐོག་ནས་དོན་དག་མང་པོ་ཞིག་བྱུང་སོང་བས་མགྱོགས་པོ་ཕྱིར་ཡུལ་ལ་ཡོང་མ་ཐུབ་ཐ་ཟེར་ཞོར། རྟ་ལས་བབས་པས་ཨ་མ་གཡང་སྐྱིད་ཀྱིས་སྲབ་མདའ་ཁོང་གི་ལག་ནས་བླངས་དེ་རྟ་ཕུར་བ་ལ་བཏགས། ཕ་རྒན་རབ་རྒྱས་ཁྱིམ་གྱི་ཡར་སྒྱེད་དུ་བཙོག་ནས་ངའི་ཏ་ལེན་ཁྱེར་ཤོག་ཟེར་བས་དེར་ཡོད་པའི་བྱིས་པ་རྣམས་ཀྱིས་མིག་རིག་རིག་གིས་ཕ་རྒན་གྱི་ཏ་ལེན་ཕྱོགས་སུ་ལྟ་བཞིན་འདུག ཕ་རྒན་གྱིས་འོ་མའི་ཀ་ར་ཤོག་ཐུམ་གཅིག་བླངས་ནས་མཆོད་ཁང་དུ་ཁ་ཤས་བཞག་ནས་དེ་མིན་བྱས་པ་ཚོར་སྤྲད། མནའ་མ་སྒྲོན་མཚོ་དང་བུ་ཆུང་མགོན་པོས་ཀྱང་ནོར་ལུག་རྣམས་ལྷས་རར་བཅུག་ཚར་ནས་ཁྱིམ་དུ་ཐོན་པས་བཟའ་ཚང་གང་པོ་ཁྱིམ་ཏུ་འཛོམས་འདུག་ལ། ཐབ་ཀའི་ནང་མེ་ལྕེ་ལྷབ་ལྷུབ་བེ་འབར་བཞིན་འདུག ཕྱི་ལོགས་ཀྱི་ནོར་ལུག་རྣམས་ཉིན་གང་བོར་གཟན་རྩ་ལ་རོལ་བས་ཕོ་བ་བརྒྱགས་ནས་སྐྱུགས་བརྡལ་བྱེད་བཞིན་འདུག བུ་ཆུང་མགོན་པོས་སྒྲ་སྡུད་འཕྲུལ་འཁོར་དེ་བླངས་ནས་མཚོ་སྔོན་རྒྱང་བསྒྲགས་ཁང་གི་གསར་འགྱུར་ལ་ཉན་བཞིན་འདུག ཕ་རྒན་གྱིས་གློ་བུར་དུ་སེམས་སུ་ཤར་ཏེ་རྫོང་ཐོག་ཏུ་སོང་ནས་ཐོས་པའི་གསར་འགྱུར་རྣམས་བཤད་མགོ་ཚུགས། ཁ་སང་རྫོང་མི་དམངས་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་བོད་ཀྱི་གྲྭ་བ་ཞིག་གིས་རང་ལུས་མེར་སྲེག་བཞིན་༸རྒྱལ་བ་རིན་པོ་ཕྱིར་བོད་ལ་ཕེབས་དགོས་པ་དང་། བོད་ལ་རང་དབང་རང་བཙན་དགོས་ཞེས་སྐད་འབོད་བྱས་པ་དེར་ཡོད་པའི་མི་ཚང་མས་མཐོང་བ་དང་གོ་ཡོད་ཁུ་ཟེར། ཁོང་གིས་སྐད་འབོད་བྱས་ནས་སྐར་མ་ཁ་ཤས་ཀྱི་རྗེས་སུ་ཉེན་རྟོག་པ་རྒྱ་མཚོ་དང་ཉི་མ་བཀྲ་ཤིས། དེ་མིན་གྱི་རྒྱའི་ཉེན་རྟོག་པ་ཁ་ཤས་ཐོན་ནས་ཁོང་གི་ལུས་སྟེང་ན་འབར་བཞིན་པའི་མེ་བསད་པའི་ཐོག ད་རུང་བོའི་དང་སྐེགས་འཆང་སོགས་ཀྱིས་རྡུང་རྡེག་ཚབས་ཆེན་བཏང་བས་དེ་མ་ཐག་གནས་དེ་ནས་བཀྲོངས་འདུག་ཟེར། ཕ་རྒན་གྱིས་དེ་ལྟར་བཤད་པས་ཨ་མ་གཡང་སྐྱིད་ངུ་བཞིན་ང་ཚོ་བོད་ཀྱི་མགོ་ལ་ཡོང་རྒྱུ་ལ། ལྔ་བཅུ་ང་བརྒྱད་དང་རིག་གནས་གསར་བརྗེ་སྐབས་སུ་དེ་འདྲ་མྱོང་ནི་རེད། ད་དེ་རིང་ནངས་ཀ་ཡང་འདི་མོ་རེད་ཟེར་བཞིན་ལག་གཉིས་ཐལ་མོ་སྦྱོར་བཞིན་གསོལ་འདེབས་བྱེད་བཞིན་འདུག་ལ། ཕ་རྒན་གྱིས་ཀྱང་ཨོ་ལེ་ད་རྒྱ་རྒན་ཚང་གིས་གནའ་རིང་ད་ཚེ་གཉིས་ལ་འདི་བྱས་ནི་རེད་ཟེར་ཞོར། སྡུག་ཡུས་ཤིག་འཐེན་བཞིན་སྐུ་གཤེགས་དམ་པ་གྲྭ་བ་དེའི་ཆེད་དང་༸རྒྱལ་བ་ཡིད་བཞིན་ནོར་བུ་ཕྱིར་བོད་ལ་ཕེབས་ཐུབ་པའི་ཆེད་དུ་ང་ཚོས་སྨོན་ལམ་མགོ་འདོན་བྱེད་ཟེར་ནས་སྐྱབས་འགྲོ་འདོན་མགོ་ཚུགས། ༢༠༡༢་༡༠༢་ཉིན།

བརྩམས་སྒྲུང་།

Post navigation

Previous Post: སྙན་ངག་ལམ་བགྲོད་ཀྱི་ཞལ་ལུང་།
Next Post: གྲྭ་བའི་མིང་ཅན་གྲོང་བའི་གཟུགས་ཅན་དག་ལ་སྨྲས་བ།

Comments (5) on “ས་སྲོད་ཀྱི་འབྲོག་ཁྱིམ།”

  1. མཚོ་མོ says:
    2012-10-03 at 4:39 am

    མི་ཆོག་རྒྱུ་མེད་གི་ཡ། འོན་ཀྱང་འབོད་ཚིག་ནང་གི་རང་བཙན་དེ་མེད་རྒྱུ་ན་ཡག་པོ་ཞེ་དྲགས་འདུག

  2. གནམ says:
    2012-10-03 at 4:44 am

    འདྲེ་མྱིག་འདྲ་ཟིག་ལ་སྤྲུལ་ནས་ལྟོས་ན་ཕལ་ཆེར་སྒྲུང་འདི་རིག་ཐུབ་ཙམ་ལས། ཡར་མར་ཉོག་བསྲེས་བྱེད་རྒྱོ་ཅིག་མང་སོང་ཟིག་གི། ཚིག་ཀ་ཐུང་ཐུང་གི་སྒོ་ནས་རྒྱས་འབྲི་བྱས་ན་ཡག་པོར་ཆགས་པའི་རེ་བ་ཡོད་ས་རེད།
    དེ་མིན། བཀོད་ཁའི་འདོན་རྒྱོ་ལ་བཀོད་འདོན་ཟེར་བ་རེད། མགོ་འདོན་ཡིན་ན་ཅིག། ད་རུང་ཡིག་སྐྱོན་དང་སྐད་ཡིག་གི་གོ་ལོག་མང་གི་ཡ།

  3. མགོན་པོ་ཕྱག་གཉིས་པ། says:
    2012-10-03 at 3:51 pm

    མགོ་ནག་སྐྱིད་སྡུག་གནམ་གྱི་ལག གོ་ཁ་དྲོན་པོ་རང་གི་ལག ཅེས་གོ་ཁ་ཞེས་འབྲི་དགོས་པ་རེད། དགོང་མོ་གོ་ཁར་འཛོམས་ནས་ཁ་འདོན་འདོན་པ་ལ་གོ་འདོན་ཟེར། བཀོད་འདོན་ནི་ནོར་བ་རེད།

  4. གནམ says:
    2012-10-03 at 7:45 pm

    གོ་ཁ་ཟེར་ན་གོ་རྒྱུ་མི་འདུག་སྟེ། གནའ་ནས་ད་བར་བྲིས་པའི་གོ་ལོག་འདི། ད་དུང་འབྲི་རྒྱུ་ཟེར་ན་འགྲིག་གི་རེད། ངས་ནི་ད་དུང་བསམ་བློ་གཏོང་གི་ཡིན།

    འབྲོག་ཐབ་སྒྱེད་པུ་གསུམ་ཅན་ལ།། ཨོང་སྒམ་ཟེར་ནིའི་གཞོང་སྒམ་ཞིག། ཐལ་མྱེ་འབྲུ་སའི་ཁུང་ཁ་ཞིག། མྱེ་འབྲུ་ཟེར་ནིའི་དབྱུག་པ་ཞིག། བཀོད་རྡོ་ཟེར་ནིའི་རྡོ་ར་སྟེ། བཟའ་བ་བཀོད་ཁར་འདུས་ས་ཡིན།

  5. གནམ says:
    2012-10-08 at 8:06 am

    མགོན་པོ་ཕྱག་གཉིས་པ་ལ་ཕྱག་འཚལ་ལོ། ང་རང་ནོར་བ་ཡིན་པ་ཡིན་ས་རེད། གོ་ཁ་ལབ་ན་འགྲིག་གི་ཡོད་ས་རེད། བཟའ་བ་གོ་ཁར་བཀོད་ན་གོ་འདོན་འདོན། ཟེར་པའི་དཔེ་ཞིག་མིག་ལ་མཐོང་སོང་ངོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme