Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོ་གྷན་ངྷིའི་འཁྲུངས་སྐར་ཉིན་རྒྱ་གར་བ་ཚོས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅའ་བཞེས་པ།

Posted on 2012-10-02 By ཁ་བརྡ་ 11 Comments on སེམས་དཔའ་ཆེན་པོ་གྷན་ངྷིའི་འཁྲུངས་སྐར་ཉིན་རྒྱ་གར་བ་ཚོས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅའ་བཞེས་པ།

གནས་ཚུལ་མཁོ་འདོན་པཿ རྡོ་རྗེ་ཚེ་བརྟན།

སེམས་དཔའ་ཆེན་པོ་གྷན་ངྷིའི་འཁྲུངས་སྐར་སླེབས་པར་ཉིན་གཅིག་ལས་མེད་པའི་སྐབས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ལྡི་ལི་ནང་གི་ཚོགས་མི་ཁག་གིས་རྒྱ་གར་གྱི་མཐོ་རིམ་སློབ་མ་དང་གཞོན་སྐྱེས་ཚོའི་སར་ནས་བསྡུ་རུབ་བྱས་པའི་མཚན་རྟགས་གྲངས་༣༠༠༠་ལྷག་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེསི་ཨམ་་་ཁིར་ཞི་ནཱ་མཆོག་གི་མཚན་ཐོག་ལ་ཕུལ་ཡོད་ལ། མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་ནི་བོད་རང་བཙན་སློབ་ཕུལག་ཚོགས་པའི་རྒྱ་གར་བ་ཚོགས་མི་ཁག་ཅིག་གིས་རྒྱ་གར་གྱི་རང་བཙན་ཉིན་མོ་དང་སྟབས་བསྟུན་ནས་འགོ་འཛུགས་བྱས་ཤིང་། རྒྱ་གར་མི་སེར་རང་ངོས་ནས་སྤེལ་བའི་ལས་འགུལ་འདི་བརྒྱུད་ནས་ རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ངོས་ནས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་རྒྱ་ནག་གཞུང་གི་ངོས་ནས་ད་ལྟའི་བོད་ནང་དུ་སྤེལ་བཞིན་པའི་སྡུག་རྩུབ་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་ཡོང་བར་འབོད་སྐུལ་ཞུས་ཡོད།
ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་༥༢་ལྷག་བརྒལ་བར་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་། ཁེ་ན་ཌ། ཇེག་སྤྱི་མཐུན་རྒྱལ་ཁབ། ཌེན་མེག ཧྥ་རན་སི། དབྱིན་ཇི། བྷེལ་ཇེམ་སོགས་འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྤྱི་མང་པོ་ཞིག་གིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ལ་སེམས་འཚབ་དང་འབྲེལ་བའི་བསྒྲགས་གཏམ་ནན་མོ་སྤེལ་ཡོད།

“་ཕྱི་ཟླ་༡༠་པའི་ཚེས་༠༢་སྟེ་སེམས་དཔའ་ཆེན་པོ་གྷན་ངྷིའི་འཁྲུངས་སྐར་ཉིན་ནི་རྒྱ་གར་རྒྱལ་ཁབ་ཆེན་པོ་འདིས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་མི་སེར་སྤེལ་བའི་རིང་ལུགས་ཀྱི་དབང་སྒྱུར་ལ་རྒོལ་ལན་དང་ཕྱིར་འབུད་བྱེད་ཐུབ་པའི་ནུས་པ་ཡོད་པ་མཚོན་གྱི་ཡོད་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལའང་བློ་སྤོབས་ཚད་མེད་སྦྱིན་གྱི་ཡོད་”ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་སོང་། ཁོས་ད་དུང་མུ་མཐུད་ནས་“རྒྱ་གར་གཞོན་སྐྱེས་ཚོའི་ངོས་ནས་རྒྱ་གར་གྱི་་ཕྱི་སྲིད་བློན་ཆེན་ལ་ཕུལ་བའི་སྙན་ཞུ་དེས་རྒྱ་གར་གཞོན་སྐྱེས་མི་སྣ་ཁག་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་སེམས་འཚབ་བྱེད་ཀྱི་ཡོད་པ་གསལ་བོ་མཚོན་ཡོད། ཅེས་བརྗོད་སོང་།.”
ད་དུང་རྒྱ་གར་རྒྱལ་ཡོངས་་ཀྱི་གྲོང་ཁྱེར་ཆེ་ཁག་ལྡི་ལི་དང་།་ བྷེང་ལོར། ཀ་ལི་ཀ་ཏ། ཆེན་ནའད། ཨ་མེད་དི་བྷ་དི། ཇ་ལན་ངྷིར་སོགས་སུ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་གིས་འདྲ་པར་གྱི་ལམ་ནས་ལས་འགུལ་ཞིག་ཀྱང་སྤེལ་ཡོད་ལ། ལས་འགུལ་དེའི་ཁྲོད་དུ་འཛུལ་ཞུགས་གནང་མཁན་གྱི་རྒྱ་གར་གཞོན་སྐྱེས་མི་སྣ་ཚོའི་ལག་ཏུ་བཟུང་བའི་ཤོག་བྱང་ཐོག་ངའི་གྷན་ངྷའི་འཁྲུངས་སྐར་ཉིན་མོ། ངས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པའི་དམ་བཅའ་འཇོག་གི་ཡིན།་ཞེས་འཁོད་འདུག ལས་འགུལ་དེའི་སྐོར་གྱི་འདྲ་པར་ཁག་ལ་གཟིགས་འདོད་ན། ངོ་དེབ་ཀྱི་དྲ་ངོས་འདིའི་ཐོག་ལ་བསྣུན། http://on.fb.me/QEcObJ
ད་དུང་དེ་ཙམ་དུ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཀྱི་འཕོ་འགྱུར་སླེབས་ལ་ཉེ་བའི་དུས་འདིར། རྒྱ་ནག་གི་མི་རབས་ལྔ་བའི་དབུ་ཁྲིད་ཞི་ཅིན་ཕིན་གྱིས་ངེས་པར་དུ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་སྐོར་གྱི་ངོ་རྒོལ་ལས་འགུལ་ཞིག་ཕྱི་ཟླ་༡༠་པའི་ཚེས་༠༣་ཉིན་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་ཁྱོན་ཡོངས་སུ་དུས་མཉམ་གཅིག་ཏུ་སྤེལ་འཆར་ཡོད་ལ། ལས་འགུལ་དེའི་ཁྲོད་དུ་མི་ལོ་དྲུག་ཅུ་རིང་རྒྱ་ནག་དམར་པོའི་སྲིད་གཞུང་དང་འགོ་ཁྲིད་ཁག་གིས་བོད་ནང་དུ་སྤེལ་བའི་སྡུག་རྩུབ་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་ཚ་ནན་བྱེད་རྒྱུའི་གྲ་སྒྲིག་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་རྩོམ་གྱིན་ཡོད། ང་ཚོ་ནི་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་ཞིག་ཡིན་ལ། ཤེས་ཡོན་དང་། འཚེ་མེད་ཞི་བའི་ལས་འགུལ།གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱིན་ཡོད་ལ།ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ་ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན།

གསར་འགྱུར།

Post navigation

Previous Post: བསྟན་པའི་སྤྱི་དགྲ་ཕུང་གསུམ་པའི་མཚང་འབྲུ་བ།
Next Post: སོ་ན་གནས་པའི་གཏམ།

Comments (11) on “སེམས་དཔའ་ཆེན་པོ་གྷན་ངྷིའི་འཁྲུངས་སྐར་ཉིན་རྒྱ་གར་བ་ཚོས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅའ་བཞེས་པ།”

  1. མངའ་རིས་ཕྲིན་ལས། says:
    2012-10-02 at 10:22 am

    ཧ་ཅང་ཡག་པོ་བྱུང་འདུག་ཐུགས་རྗེ་ཆེ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། གཞོན་ནུ་ཚོགས་པ་གཉིས་ནི་དངོས་གནས་བཙན་བྱོལ་བོད་གཞུང་གི་འདབ་གཤོག་གཉིས་རེད། གཞིས་བྱེས་མི་མང་གི་རེ་བའི་མིག་ཟུང་གཏོད་ས་རེད།

  2. མེ་ཏོག་དཀར་པོ། says:
    2012-10-02 at 10:40 am

    ལེགས་སོ་ཞུ། ཀ་ལི་ཀ་ཏ། ༼ཀོལ་ཀ་ཏ༽ ཆེན་ནའད། ༼ཅེན་ནའི༽ ཨ་མེད་དི་བྷ་དི། ༼ཨེམ་དྷ་བྷད༽ ཇ་ལན་ངྷིར་ ༼ཇ་ལན་དྷར༽ཞེས་བྲིས་ན་དངོས་མིང་ཐག་ཉེ་བར་སྣང་།

  3. སྦྲ་དཔལ་ལྡན། says:
    2012-10-02 at 10:57 am

    ཐོག་མར་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་གནས་ཚུལ་མཁོ་གཏོང་བྱས་པ་ཐུགས་རྗེ་ཆེ་ལ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལངས་ཕྱོགས་དང་གང་གི་ཐད་ན་བསྔགས་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་། ཉེ་སྔོན་བདག་གིས་ཐེགས་ཤིག་བསམ་ཚུལ་བཏོན་མྱོང་ཡོད་ལ་བསམ་ཚུལ་ནི་གང་ཟག་སྒེར་པ་ཞིག་གིས་བསམ་ཚུལ་ཡིན་པས་མཐའ་གཅིག་ཏུ་བདེན་ཚོད་དང་གང་ཟག་ཕན་ཚུན་དབར་གྱི་རྩོད་རྙོག་གང་ཡང་མིན། བདག་གི་བསམ་ཚུལ་དེ་ཡང་ཁྱེད་ཅག་བོད་རང་དབང་སློབ་ཕྲུག་ཚོགས་པའི་མ་འོངས་པའི་ལས་གཞི་ལམ་ལྷོང་ཡོང་ཆེད་དང་། བོད་ཡིག་དྲ་རྒྱ་ཀློག་མཁན་གྱིས་ནོར་འཁྲུལ་མི་བཏོན་རྒྱུའི་ཆེད་དུ་ཡིན། གང་ཡིན་ཟེར་ན། རྗེས་ཕྱོགས་བོད་ཡིག་གི་གསར་འགྱུར་སྤེལ་པ་ཧ་ཅང་གལ་ཆེན་རེད་ལ་སྤེལ་པ་ཙམ་མ་ཡིན་པའི་འགོ་ལུས་ཚང་མཁན་ཞིག་དང་དག་ཆའི་སྐོར་ལ་དོ་སྣང་ཅུང་བྱེད་རྒྱུ་གལ་ཆེན་རེད།

  4. དཔྱིད་འགོའི་མེ་ཏོག says:
    2012-10-02 at 11:12 am

    དགའ་ནི་ཡིན་་་རྩ་དོན་ལ་ཕན་པར་ཤོག

  5. གཉིས་མེད་སེངྒེ says:
    2012-10-02 at 11:30 am

    གྷན་ངྷིའི་མི་ཡུལ་དུ་ཕེབས་པའི་དྲན་གསོའི་ཉིན་དགའ་སྤོབས་དང་འབྲེལ་རྒྱ་གར་མི་དམངས་ཁྲོད་དང་བླང་གིས་བོད་དོན་ལ་རྒྱབ་སྐྱོར་བར་ཐུགས་རྗེ་ཆེ་ཞུ།

  6. མིག་གསུམ་པ། says:
    2012-10-02 at 12:15 pm

    བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་དོན་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཁྱེད་ཅག་ག་གི་ལས་དོན་དེས་བོད་ཀྱི་མ་འོངས་པར་སྨན་པའི་ཡིད་ཆེས་ཡོད།

  7. བྱམས་པ་ལྷུན་གྲུབ། says:
    2012-10-02 at 1:40 pm

    གནས་ཚུལ་མཁོ་འདོན་བ་དང་རྒྱ་སྐྱོར་བ་ཚང་མར་སྙིང་ནས་ཡི་རངས་ཞུ།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-10-02 at 4:14 pm

    ཐོག་མར་བཅུ་པའི་ཚེས་གཉིས་ཉིན་གྱི་གན་དྷིའི་འཁྲུངས་སྐར་ལ་དྲྭ་གྲོགས་ཚང་མར་ལ་བཀྲ་ཤིས་བདེ་ལེགས་ཞུ། །

    རྒྱ་གར་རང་གི་མཚན་ལ། །
    མ་ཧྰ་མཏྨ་གན་དྷྰི། །

    བོད་རྣམས་སེམས་དཔའ་ཆེན་པོ། །
    གན་དྷིར་ཆེ་བསྟོད་བྱེད་ཅིང་། །

    ཉིས་སྟོང་བདུན་གྱི་ལོ་ལ། །
    རྒྱལ་སྤྱིས་འཚེ་མེད་ཞི་བདེ། །

    ཉིན་མོ་བསྒྲགས་ནས་འཁྲུངས་ལོ། །
    འདི་ལོར་བརྒྱ་དང་སོ་གསུམ། །

    སོང་བར་རྟེན་འབྲེལ་མཛད་སྒོས། །
    དེ་རིང་དགའ་བསུ་ཞུ་བགྱིད། །

    ཛམ་གླིང་ཞི་བདེའི་ཉིན་མོར། །
    ཀུན་ཡིད་ཞི་བདེར་འགྱུར་ཅིག །

  9. གནམ says:
    2012-10-02 at 10:59 pm

    མི་རབས་གསར་བ་འདི་ཚོའི་ལྟ་བ་དང་བརྩོན་པ་ལ་སྙིང་ནས་རེ་བ་ཆེ། ཁ་ཡར་མར་གང་ལ་སྐོར་ན་ཡང་ད་ཁྱེད་ཆོའི་ལག་ན་ཡོད་ཀི་ཡ། ཁ་བྲོ་རྒྱུ་ཆོ།

  10. དོན་གྲུབ། says:
    2012-10-03 at 7:08 am

    ཁྱེད་ཚོའི་ལས་འགུལ་ལ་བསྔགས་བརྗོད་ཡོད།

  11. མིག་ཆུ། says:
    2012-10-03 at 8:29 am

    སྦྲ་དཔལ་ལྡན་ལགས།  བོད་རང་བཙན་སློབ་ཕྲུག་ཚོགས་པའི་བོད་ཡིག་གི་ཚད་གཞི་མི་ཆོག་རྒྱུ་མེད་པས།  སེམས་འཚབ་མེད་པ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme