Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སོ་སྐྱེས་སྙན་ངག་བརྒྱ་བ། གཉིས་པ།

Posted on 2012-09-302012-09-30 By ཡེ་ཤེས་ 11 Comments on སོ་སྐྱེས་སྙན་ངག་བརྒྱ་བ། གཉིས་པ།

ཀླུ་སྨྱོན་ཧེ་རུ་ཀ
ཆུ་བོ་བཞུར་བའི་གནས་དེ་རུ། །
མེ་ཏོག་སྐྱེས་པའི་གནས་དེ་རུ། །
ཁྱེད་ཀྱི་རྐང་རྗེས་ཡོད་དམ་ཅི། །
ཁྱེད་ཀྱི་དྲི་ཞིམ་ཡོད་དམ་ཅི། །
ལོ་མ་ལྗང་ཁུས་སྦྱར་སྡོང་བཀབ། །
ཉི་འོད་གསེག་སྟེ་ནགས་ཀློང་འབབ། །
ཁྱེད་ཀྱི་མྱོས་བུམ་འདི་ན་སྣང་། །
ཁྱེད་ཀྱི་བྷ་ག་འདི་ན་གདངས། །
ཆུ་མོ་དྭངས་ཤིང་དྭངས་ཤིང་བཞུར། །
རླུང་བུ་བསིལ་ཞིང་བསིལ་ཞིང་ལྡང་། །
ངང་བ་ཁྱོ་ཤུག་འདི་གཉིས་ཀྱིས། །
རླབས་ཀྱི་སྙན་ངག་འདོད་དགུར་འབྲི། །
ཉི་འོད་འབར་བའི་རྣ་ཆ་ཟུང་། །
འགྲམ་པའི་ངོས་ན་འོད་དུ་འཚེར། །
དགོད་མ་འཛུམ་གྱི་ཁྱོད་གདོང་ལས། །
མི་ལོ་སྟོང་གི་མཛེས་སྡུག་རྙེད། །
གནག་སྣུམ་སྐྲ་ལོའི་འདབ་མ་རུ། །
དྲི་ཞིམ་རླུང་གི་མེ་ཏོག་དཔྱངས། །
ཁྱོད་ཀོ་དྲི་ཟའི་འཇིག་རྟེན་ནས། །
མདང་ནུབ་བདག་གིས་བརྐུས་སམ་ཅི། །
དམར་ལ་སྣུམ་པའི་མཆུ་སྒྲོས་ནི། །
བྱུ་རུའི་ནགས་སུ་འཁྲུལ་བ་སྟེ། །
དེ་ལས་འཐུལ་བའི་དྲི་ཞིམ་གྱིས། །
བདག་ནི་མྱོས་ཤིང་བརྒྱལ་བར་བྱེད། །
མི་སྡུག་ཁ་བ་དཀར་པོའི་ཆར། །
བདག་གི་སྐྲ་ལོའི་རི་བོར་བབས། །
དེ་ནི་མི་རྟག་རྒྱང་གླུ་སྟེ། །
འཁོར་འདས་གཉིས་ཀའི་གཤིས་ལ་འབྱམས། །
མདང་ནུབ་འབུས་པའི་མེ་ཏོག་ཁྱེད། །
དེ་རིང་ཞོགས་པར་མ་རྙིད་པར། །
འོ་འཛིན་ཟླུམ་པོའི་དཀྱིལ་འཁོར་དུ། །
བདེ་བའི་སེན་རྗེས་འབྲི་བར་སྐུལ། །
ལྷུག་ལྷུག་གཡོ་བའི་མྱོས་བུམ་ཟུང་། །
འཁོར་འདས་མཚོན་པའི་བརྡ་ཡིག་སྟེ། །
རྔུལ་ཆུའི་དོ་ཤལ་གྱོན་པ་ན། །
འཆི་བ་འགོག་པའི་ཚེ་བུམ་བཞིན། །
ལྷ་ཁང་གཡེར་དྲིལ་འཁྲོལ་བ་ན། །
ཕུག་རོན་གདངས་སུ་བབས་པ་ན། །
ཉི་ཟེར་ཕྲ་མོའི་སྐུད་པ་ལས། །
ཁྱེད་ཉིད་བྱོན་པ་ལན་གཅིག་མིན། །
རྨི་ལམ་ན་ཡང་ཞེན་ཆགས་ཀྱི། །
མིག་འོད་གཉོམ་པོའི་གཟི་འོད་ཅན། །
སྨྲ་བསམ་བརྗོད་པའི་ཡུལ་འདས་ཁྱོད། །
ལྷན་སྐྱེས་མཁའ་འགྲོ་ཡིན་ནམ་ཅི། །
མཁའ་ནས་ཆར་བའི་ཟོལ་དུ་འབབ། །
ས་རུ་མེ་ཏོག་བཞིན་དུ་སྐྱེས། །
སྙིང་ལ་ཆགས་པའི་ཟུག་རྔུ་བཞིན། །
ནམ་ཡང་འབྲལ་བ་མེད་འདི་ཅི། །
ཟླ་མཚན་འབབ་པའི་དུས་དེར་ཡང་། །
རྐེད་སྐབས་ལྕི་བའི་དུས་དེར་ཡང་། །
ཉི་མའི་གུང་གི་དུས་དེར་ཡང་། །
ཁྱོད་ཉིད་མ་བྱོན་དུས་དེ་གང་། །
གསེར་གྱི་པྲོག་ཞུའི་གཟི་འོད་ཀྱིས། །
འོ་འཛིན་ལྷག་ཏུ་རྒྱས་པ་སྟེ། །
དཀར་ལ་འཇམ་པའི་བྲང་གཞུང་ན། །
དཀའ་ཐུབ་བསྲེག་པའི་མེ་ལྕེ་འཁྱིལ། །
རི་མོར་བྲིས་པ་མ་ཡིན་པར། །
སྙན་ངག་བརྩམས་པ་མ་ཡིན་པར། །
པར་དུ་བླངས་པ་མ་ཡིན་པར། །
རྨི་ལམ་བྱེ་བ་བརྒྱ་རུ་གཏུབས། །
ཆུ་བོའི་ངོས་སུ་རླབས་རིས་བཞིན། །
ཞིང་གྲོང་དེ་རུ་རླུང་བུ་བཞིན། །
སྔོ་བསང་ནམ་མཁའི་རྒྱུ་སྐར་བཞིན། །
གཟི་བརྗིད་ཉམས་པ་མེད་པའི་ཁྱོད། །
ལྷ་ལས་བབས་པའི་མི་མོ་བཞིན། །
མི་མོའི་ཕྱག་རྒྱའི་གར་མཁན་བཞིན། །
ཆོ་འཕྲུལ་སྟོང་གི་ནགས་ཀློང་ལས། །
འདོད་པའི་ལོ་འདབ་ཤིག་ཤིག་གཡོ། །
ཚུར་ཤོག་དགའ་བའི་དགའ་སྟོན་སྩོལ། །
ཚུར་ཤོག་འདོད་པའི་རོ་མངར་བྱིན། །
ཚུར་ཤོག་སྟོན་ཟླ་དཀར་པོ་ཁྱེད། །
ཚུར་ཤོག་ནམ་མཁའ་སྔོན་པོ་ཁྱེད། །

སྙན་ངག

Post navigation

Previous Post: གྲོགས་མེད་ཀྱི་མེ་ལྕེ།
Next Post: རེབ་གོང་རོང་བོ་དགོན་ཆེན་དུ་འཇམ་དབྱངས་དཔལ་ལྡན་ཆེད་འདས་མཆོད་སྒྲུབ་བཞིན་པ།

Comments (11) on “སོ་སྐྱེས་སྙན་ངག་བརྒྱ་བ། གཉིས་པ།”

  1. དཔྱད་པ། says:
    2012-09-30 at 10:15 pm

    དཔེ་སྙན་པོ་འདུག ཚིག་རྒྱན་ལ་རང་དབང་ཐོབ་པ་རེད་འདུག 

    དབྱངས་གསལ་ཐ་སྙད་བྱེ་བ་རུ།
    ཡིད་ལ་རང་གར་འཛིན་པ་དང་།
    མཐོང་ཐོས་བཤད་སྟངས་བརྒྱ་ཕྲག་ཡི།
    ལམ་བུ་གསལ་བར་བྱེད་པ་དང་།
    མྱོང་ཁྲིད་སྟོང་ཕྲག་དུ་མ་ཡི།
    བཅུད་ལེན་གྲངས་མེད་ལེན་པ་ཁྱེད།
    བྲིས་ན་གཞན་ཡིད་དབང་མེད་འཕྲོག
    སྒོམ་ན་ཆགས་བྲལ་བདེ་བར་ཁྱུད།
    མཐོང་ན་མོ་བརྒྱ་སེམས་ཁྲུག་པ།
    འདྲིས་ན་ཕོ་བརྒྱ་དགའ་བྱེད་པའི།
    དོན་དམ་རྣལ་འབྱོར་སྨྱོན་པའི་ཚུལ།
    ཁྱེད་ཀྱི་གཏམ་ལ་དོན་དམ་དང་།
    གསང་སྔགས་སྦྲང་རྩི་ཁོ་ན་ལས།
    གཞན་སེམས་དཀྲུག་དང་ང་རྒྱལ་བའི།
    དྲི་མ་མེད་དོ་ཀླུ་སྨྱོན་ལགས།
    འཁོར་འདས་ཤན་འབྱེད་དམ་ངག་རྣམས།
    ད་དུང་སྟོན་དང་མཁྱེན་པའི་གཏེར།

  2. ཀུན་དགའ་རྒྱལ་མཚན། says:
    2012-10-01 at 12:14 am

    ཀླུ་སྨྱོན་ཧེ་རུ་ཀ་ལགས།
    ཁ་སྔོན་ཤེས་རིག་ལས་ཁུངས་ཀྱིས་ཕ་ཡུལ་ཤེས་བྱའི་བང་མཛོད་ཀྱི་རྩོམ་གྱི་མཐུན་འགྱུར་ཡོང་ཐབས་སུ་ཁ་བརྡ་དྲྭ་གནས་བརྒྱུད་ནས་གསལ་བསྒྲགས་བཏང་བའི་མཆན་དུ། ཁྱེད་ཉིད་ཀྱིས་ཀྱང་”ཤིང་གི་མི་ལྷ་སར་གནས་སྐོར་དུ་ཕྱིན་པའི་བྱིས་སྒྲུང་”ཞེས་པ་བསྐུར་ས་རག་པའི་མཆན་བུ་བཏབ་གནང་འདུག་ལ། དེའི་རྗེས་སུ་ཕྲན་གྱིས་ཀྱང་བྱིས་སྒྲུང་དེ་ཉིད་བརྙན་དེབ་ཏུ་འགོད་འདོད་ཀྱང་། རྩོམ་པ་པོར་ཆོག་མཆན་ཞུ་བའི་ཞལ་བྱང་མ་རག་པ་སྒུག་ཚུལ་དང་། དེ་ཉིད་རྗེས་སུ་པར་འདེབས་འཆར་དང་འབྲེལ་པར་ཕུད་བསྐུར་རྒྱུར་སྦྲགས་ཐོག་ཁ་བྱང་དགོས་ཚུལ་བྲིས་ཡོད། འོན་ཀྱང་རྗེས་སུ་ཁྱེད་ཉིད་ཀྱིས་ལན་འདེབས་གནང་མི་འདུག ཕལ་ཆེར་གཟིགས་མེད་པ་འདྲ། ད་ཆ་མཆན་བུ་དེ་གཞིར་བཞག་གིས་ཆོག་མཆན་ཐོབ་པར་བརྩིས་ཏེ། བརྙན་དེབ་ཀྱི་འདོན་ཐེངས་ ༡༥༠ པའི་ཐོག་ཏུ་བཀོད་དེ། པར་སྐྲུན་ཆེད་དུ་དིལླཱིར་བསྐུར་ཟིན་པས། ཟླ་གཅིག་ཙམ་རྗེས་ལ་ཐོན་གྱི་རེད། དེའི་སྐབས་སུ་པར་ཕུད་གཏོང་རྒྱུ་ལགས་ན། phayulshezod@gmail.com ཞེས་པའི་གློག་འཕྲིན་ཐོག་ཏུ་ཁྱེད་ཉིད་ཀྱི་སྦྲགས་ཐོག་ཞལ་བྱང་བསྐུར་གནང་ཡོང་བ་ཞུ། ཕ་ཡུལ་རྩོམ་སྒྲིག་པས།

  3. མིག་ཤེལ་ says:
    2012-10-01 at 12:18 am

    མངོན་པར་བསྟོད་དོ་ཁྱེད་ལ་བཀའ་དྲིན་ཆེ་ཞུ། ཨ་ཁུ་ཀླུ་སྨྱོན་ནི་ང་རང་ཆེ་དགའ་ཤོས་ཀྱི་རྩོམ་པོ་ཞིག་ཡིན་ལ། བདག་དང་འབྲོང་གི་ཕ་ས་ཞེས་པའི་ཁོང་གི་དེབ་དེས་ང་རང་ལ་རྩོམ་འབྲི་རྒྱུ་བགས་ཆགས་ཟབ་ཞིག་བཞག་མྱོང་ཡོད། ད་དུང་ཁོང་གིས་བྲིས་པའི་རྩོམ་ཀློག་རྒྱུ་ངང་སྒུག་བྱས་ནས་སྡད་ཡོད།

  4. ཀླུ་སྨྱོན། says:
    2012-10-01 at 12:26 am

    ཀུན་དགའ་རྒྱལ་མཚན་ལགས། ཁོ་བོའི་བྱིས་སྒྲུང་དེ་ཕ་ཡུལ་བྱིས་པའི་བརྙན་དེབ་ཏུ་བཀོད་གནང་བར་ཐུགས་རྗེ་ཆེ་ཞུ། གུས་པའི་ཁ་བྱང་འབུལ་ངེས་ཡིན་ལགས།

  5. འབའ་སྲས། says:
    2012-10-01 at 3:02 am

    ཆགས་པའི་ཉི་ཟེར་མ་སྤྲོས་ཀྱང་།།
    འདོད་པའི་པད་མ་ཁ་གྲོལ་བ།།
    ཀླུ་སྨྱོན་རྟ་བདུན་དབང་བོ་ཡིས།།
    འཛིན་མར་འོད་ཀྱི་སྣང་བ་སྦྲུམ།།

  6. གྲ་ཕྱི་བུ། says:
    2012-10-01 at 6:04 am

    ཀུ་མུད་མཛེས་མའི་ཕུང་པོའི་ལྟོར།།
    འཁྱུད་ལ་བྱང་བའི་རི་བོང་ཅན།།
    རྗོད་བྱེད་ཚིག་གི་འོད་ཟེར་ནི།།
    ཡར་ཀླུང་གཙང་པོའི་བཞུར་སྒྲ་བཞིན།།
    གང་ན་འདོད་ཆུ་འཁྲུག་ས་ན།།
    དུས་ཐོག་སོར་མོ་འདེབས་མཁས་པའི།།
    ཀླུ་སྨྱོན་དོན་གྱི་ཧེ་རུ་ཀ །
    ཚངས་སྲས་གཞོན་ནུའི་རྣམ་སྤྲུལ་བཞིན།།

  7. ཅོག་རོང་བསེ་རུ་ཁྱུ་མཆོག says:
    2012-10-01 at 8:11 pm

    ཀླུ་རྩོམ་སྙན་ཡང་གོ་ས་མི་འདུག
    གྲ་རྐྱང་བཙུན་རུང་བཙུན་མིང་མི་བདོག
    ཆོས་བརྒྱད་རླུང་གིས་བདས་པའི་ཁ་བརྡ་ནང་
    ཉམ་ཆུང་མར་མེ་ཤི་ལ་ཉེ
    ད་བ་ས་མ་རེད
    ྙnnnn ny

  8. ཁྱབ་འཇུག says:
    2012-10-02 at 9:20 am

    གྲྭ་བས་འདོད་བསྟན་བྲིས་བ་ཐེངས་གཅིག་མིན།

  9. དོལ་སྨྱོན། says:
    2012-10-02 at 9:39 am

    ཡུན་རིང་ཡུན་རིང་ཞིག་གི་རྗེས་སུ་ཁ་བརྡ་དྲ་བ་འདིར།
    ཀླུ་སྨྱོན་གྱི་སྙན་ངག་ཀློག་རྒྱུ་རགས་པར་དགའ་ཚོར་བྱུང་།
    ཐུགས་རྗེ་ཆེ།

  10. ལས་རླུང་། says:
    2012-10-02 at 11:10 am

    ཚིག་ལ་དབང་འབྱོར་སྨྱོན་པའི་མགོན།།
    དོན་གྱི་ཟབ་སའི་ཆགས་གཏམ་གཏེར།།
    ཉམ་ཐག་མི་བརྗེད་སྙིང་རྗེ་ཅན།།
    ཀླུ་སྨྱོན་མཆོག་ལ་གཏིང་ནས་གུས།།

  11. འདྲེ་རྐང་ཐོ། says:
    2012-10-02 at 9:06 pm

    དབྱངས་ཅན་མགྲིན་པར་རོལ་བ་མ་མཐོང་ཞིང་།།
    སྙན་ངག་མཁན་པོའི་མཚན་སྙན་མ་ཐོབ་ཀྱང་།།
    བཙན་བྱོལ་བྱ་ཡི་ཁྲོད་ན་སྙན་ངག་གི། །
    སྐད་སྙན་སྒྲོག་པ་ཁུ་བྱུག་ཁྱོད་ལས་སུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme