Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་པ།

Posted on 2012-09-252012-09-25 By ཤར་ཕྱོགས་ཁུག་རྟ། 19 Comments on དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་པ།

 

༄༅། ། དེ་རིང་ཕྱི་ཚེས ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད ༩།༣༠ སྟེང་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་པ་དང། སྐབས་དེར་ཚོགས་ཁང་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ ༥༡ གི་མཚོན་དོན་བོད་ཀྱི་རྒྱལ་དར་ལྔ་གཅིག་འཕྱར་ཏེ་རྗེས་དྲན་དང་འབྲེལ། ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་དང། དེའི་རྗེས་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་གནང་ཡོད།

ཚོགས་གཙོ་མཆོག་ནས་འདས་པའི་ལོ་དྲུག་ཅུའི་རིང་རྒྱ་ནག་གིས་བོད་ཐོག་ལག་བསྟར་བྱས་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཐེར་འདོན་གནང་བ་དང། ༢༠༠༨ དང་ཡང་སྒོས་རང་ལུས་མེར་སྲེག་བྱུང་བ་ནས་བོད་ནང་ཛ་དྲག་གི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཇེ་ཆེར་འགྲོ་བཞིན་པར། དབུས་བོད་མིའི་སྒྲིག་འཛུགས་དང་མི་མང་ཆིག་སྒྲིལ་གྱིས་གདོང་ལེན་ཅི་ལྟར་གནང་དགོས་མིན་དམིགས་བསལ་ཚོགས་ཆེན་ཚོགས་དགོས་པའི་སྙིང་དོན་ཡིན་པ་དང། དེའི་ཆེད་དེ་རིང་ཉིན་རྒྱབ་ནས་ཚོགས་ཆུང་ཁག་༡༠ ལ་ཆ་བགོས་ཀྱིས་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་དང། སང་ཉིན་ཕྱི་ཚེས ༢༦ ཉིན་གྱི་སྔ་དྲོར་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས། ཉིན་རྒྱབ་རྒྱ་གར་དང་ལྷོ་ཤར་ཨེ་ཤའི་ཡའི་ནང་ལས་འགུལ་སྤེལ་ཕྱོགས། ཚེས ༢༧ ཉིན་བརྗོད་གཞི་གསུམ་ཀའི་ཐོག་ཕྱོགས་བསྡོམས་སྙན་ཐོ་གཏན་འབེབས་གནང་གྲུབ་མཚམས། དེ་ཉིན་སྔ་དྲོ་ཆུ་ཚོད ༡༡། ༣༠ སྟེང་ཚོགས་ཆེན་ཐོག་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན། ཕྱི་དྲོར་ཚོགས་ཆེན་ཐོག་བཀའ་སྤྱི་གཉིས་ལ་གསལ་བཤད་ཅི་དགོས་སྒེར་གྱི་དྲི་བ་ཕུལ་ཆོག་པའི་གོ་སྐབས་གནང་རྒྱུ་དང། ཕྱི་ཚེས ༢༨ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་གྲུབ་མཚམས། རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཚང་འཛོམས་ཀྱིས་ཚོགས་ཆེན་ཐོག་མཐའ་མའི་རྒྱབ་གཉེར་སྙན་ཐོ་གཏན་འབེབས་གནང་དགོས་ཞེས་ཕེབས་ཡོད།
གཞན་ཚོགས་གཙོ་མཆོག་གིས་ཚོགས་ཆེན་ཐོག་བརྗོད་གཞི་དང་མ་འབྲེལ་བའི་གླེང་སློང་གིས་ཆུ་ཚོད་འཕྲོ་བརླག་མི་གཏོང་རྒྱུར་ཚོགས་ཆུང་སོ་སོའི་ཚོགས་གཙོས་སྟངས་འཛིན་གནང་དགོས་ཚུལ་དང། ལྷག་པར་རང་བཙན་དང་དབུ་མའི་སྐོར་གྱི་སྐད་ཆ་ཡོང་མི་དགོས་ཚུལ་ནན་བརྗོད་གནང་བ་དང་མཉམ། ཉེ་འཆར་༧གོང་ས་མཆོག་ཐུགས་ཕམ་བྱུང་རིགས་དང་འབྲེལ་བའི་གནས་ཚུལ་ཐད་ཚོགས་ཆེན་འདིའི་ཐོག་བགྲོ་གླེང་དང་དགོངས་སེལ་སྐྱབས་འཇུག་ཀྱང་ཞུ་དགོས་ཚུལ་ལམ་སྟོན་གནང་སོང།
དེའི་རྗེས་བཀའ་ཁྲི་འབུམ་རམས་པ་བློ་བཟང་སེང་གེ་མཆོག་ནས། བཀའ་ཤག་གི་ལོ་གཅིག་ལྷག་རིང་གི་ལས་དོན་གང་གནང་ངོ་སྤྲོད་དང། དབུ་མའི་ལམ་གྱི་སྲིད་བྱུས་བཀའ་ཤག་གིས་འགྱུར་མེད་དམ་འཛིན་གནང་བཞིན་པ་བསྐྱར་བརྗོད་དང་འབྲེལ། ད་བར་ཛ་དྲག་གི་གནས་སྟངས་ལས་སྐྱོབ་ཆེད། མཆོད་འབུལ་སྨོན་ལམ་ཐེངས ༡༦། གསར་འགོད་གསལ་བསྒྲགས་ཐེངས ༥༠། རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་ཕྱག་འཕྲིན་གྲངས ༥༣ སྤྲིངས་འབྲས་བཅས་ལ། རྒྱལ་སྤྱིའི་གྲོས་ཚོགས་གྲངས ༡༢ ནས་གྲོས་ཆོད་བཞག་ཡོད་པ་དང། གསར་ལམ་གྲགས་ཅན་BBC དང་CNNསོགས་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་ཤུགས་ཆེར་ཐོན་ཡོད་པ་སོགས་ཀྱིས་རང་ལུས་མེར་སྲེག་ཐད་བཀའ་ཤག་ནས་མ་ཆད་མ་ལྷག་པ་ཞིག་གནང་ཡོད་ཅེས་གསུངས་སོང།
དེ་དང་ཆབས་གཅིག་བཀའ་ཤག་གིས་རང་ལུས་མེར་སྲེག་ཐད་འཛིན་པའི་ལྟ་ཚུལ་དོན་ཚན་གསུམ་གྱི་ལམ་ནས་གསལ་བཤད་གནང་བ་དང། གཅིག མི་ཞིག་ཡིན་པའི་ཆེ་མཐོང་གི་ཆ་ནས་ཉེན་འཚབ་ཆེ་བའི་ལས་འགུལ་རིགས་མི་སྤེལ་རྒྱུར་འབོད་སྐུལ་དང། གཉིས། ནང་པ་ཞིག་ཡིན་པའི་ཆ་ནས་རང་སྲེག་བྱས་ཏེ་སྐུ་གཤེགས་རྗེས་མཆོད་འབུལ་སྨོན་ལམ་འཚོགས་ཀྱི་ཡོད་པ། གསུམ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཡིན་པས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ཅེས་གསུངས་སོང། མཇུག་མཐར་༢༠༡༣ ལོ་བཀའ་ཤག་ནས་ལས་འགུལ་གྱི་ལོ་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པ། སྒེར་བ་བཅས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཅིག་གི་ཐོག་སོ་སོས་གང་འཇོན་ལས་འགུལ་ཚ་ཚ་འུར་འུར་སྤེལ་དགོས་ཚུལ་གསུངས་སོང།
དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པར་ཁྱོན་རྒྱལ་ཁབ་ཁག ༢༦ ནས་ཚོགས་བཅར་བ ༤༣༢ དང། ཟུར་ཉན་དུ་རྒྱ་རིགས་གྲོགས་པོ ༥༠ བཅས་སྐོང་འཚོགས་གནང་ཡོད་པ་རེད།

 

ཤར་ཕྱོགས་ཁུག་རྟས་ཚོགས་གསེང་ནས་བྲེལ་སྟབས་ཀྱིས་སྤེལ་བས་ཞུ་དག་སོང་མེད་ན་དགོངས་དག་ཞུ།།།

གསར་འགྱུར།

Post navigation

Previous Post: ༼མེར་བསྲེཊ་རྒྱུ་རྐྱེན་༽ཞེས་པའི་དབྱིན་སྐད་གློག་བརྙན།
Next Post: དམིགས་བསལ་ཚོགས་ཆེན་ཐེངས ༢ པའི་གྲོས་གཞི་གསུམ།

Comments (19) on “དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་པ།”

  1. འཇམ་གཅེས says:
    2012-09-25 at 6:10 am

    ཚོགས་གཚོ་མཆོག་གིས་ལམ་སྟོན་ཡག་པོ་གནང་འདུག་པར་ཡིད་རངས་ཞུ། བཀའ་བློན་ཁྲི་བ་ཞེས་པ་དེ་སྲིད་སྐྱོང་ཞེས་བཅོས་ན་གང་འདྲ་འདུག །

  2. ཚོགས་ཆེན། says:
    2012-09-25 at 6:11 am

    ཐུགས་རྗེ་ཆེ་གནང་། ཁུག་རྟ་ལགས་གསུང་སྐད་སྙན་པོ་དེ་འདྲའི་མགྱོགས་པ་ལ་མུ་མཐུད་སྒྲོགས་ཤིག དམིགས་གསལ་ཚོགས་ཆེན་ཐེངས་གཉིས་པ་རྒྱལ་ཁའི་ངང་ལེགས་བསྒྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུའོ།

  3. ཤར་ཕྱོགས་ཁུག་རྟ། says:
    2012-09-25 at 6:14 am

    དྲ་གྲོགས་འཇམ་གཅེས་ལགས། བཀའ་བློན་ཁྲི་པའི་མཚན་གྲོས་ཚོགས་ནས་བསྒྱུར་བཅོས་སོང་ནའང། བཀའ་ཁྲི་མཆོག་གིས་མཚན་རྟགས་ད་དུང་བསྐྱོན་མེད་པའམ། དེ་རིང་ཚོགས་དྲུང་ནས་མཛད་རིམ་ནང་བཀའ་བློན་ཁྲི་པའི་མཚན་རང་འཇགས་བེད་སྤྱོད་གནང་གི་འདུག་པས། འདིར་ཡང་དེ་མཚུངས་བྲིས་པ་ཡིན་ལགས།།

  4. ལུང་རྟོགས། says:
    2012-09-25 at 6:20 am

    ཚོགས་གཅར་བ་ཡོངས་ལ་འཚམས་འདྲི་དང་། ཚོགས་ཆེན་དོན་སྙིང་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུ།

  5. རྒྱ་གར་རྨ་བྱ། says:
    2012-09-25 at 7:01 am

    དེང་སང་ཁུག་རྟས་དངོས་གནས་ལེགས་པོ་གནང་གི་འདུག་དཱ།

    ཐུགས་རྗེ་ཆེ་གནང་། དེ་རིང་ཁུག་རྟ་རླུང་ཆེན་པོ་ལངས་ནས་ཚོགས་གསེང་ནས་གནས་ཚུལ་སྤེལ་ནས་དུས་བབ་གསར་འགོད་པའང་རྗེས་ལུས་སུ་ལུས་སོང་འདུག

    ཡག་པོ་འདུག ང་ཚོ་འཕུར་དགོས་ན་ཁུག་རྟ་བཞིན་འདི་ལྟར་མགྱོགས་པོ་དགོས་པ་རེད།

  6. སྦྲ་དཔལ་ལྡན། says:
    2012-09-25 at 7:02 am

    དེ་རིང་ཤར་ཕྱོགས་ཁུག་རྟའི་གསར་འགྱུར་ཡག་པོ་ཞིག་དང་མགྱོགས་པོ་ཞིག་སྤེལ་འདུག་པས་ཐུགས་རྗེ་ཆེ། ཡིན་ནའང་འཇམ་གཅེས་ལ་ངེས་པར་ཏུ་སྲིད་སྐྱོང་ཞེས་པའི་ཐ་སྙད་དགོས་དོན་ཞུག་བརྗོད་རོགས་ཞུ། སྤྱིར་ཡིན་ན་ཚོགས་གཙོ་ཡིན་པའི་སྐབས་སུ་ཚོགས་གཙོ་ཞེས་བརྗོད་ན་འོས་པར་མཐོང་སོང་།

  7. སྙིང་དཀར། says:
    2012-09-25 at 7:26 am

    དེ་རིང་ཤར་ཕྱོགས་ཁུག་རྟས་ཡག་པོ་བྲིས་འདུག ངས་ངོ་མ་བཤད་ནི་ཡིན། མུ་མཐུད་དུ་འདི་ལྟར་བོད་མི་མང་གི་ལངས་ཕྱོགས་དང་སེམས་ཁམས་མཐུན་པའི་རྩོམ་ཡིག་དང་གསར་འགྱུར་རེ་དུས་ཐོག་ཏུ་གཏོང་ཐུབ་ན། ང་ཚོ་གངས་ཅན་པ་ཚོས་དགའ་བསུ་བྱེད་ངེས་ཡིན། དེ་མིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  8. འཇམ་གཅེས says:
    2012-09-25 at 8:00 am

    ༧༽ སྦྲ་དཔལ་ལྡན་ནས།

    དེ་རིང་ཤར་ཕྱོགས་ཁུག་རྟའི་གསར་འགྱུར་ཡག་པོ་ཞིག་དང་མགྱོགས་པོ་ཞིག་སྤེལ་འདུག་པས་ཐུགས་རྗེ་ཆེ། ཡིན་ནའང་འཇམ་གཅེས་ལ་ངེས་པར་ཏུ་སྲིད་སྐྱོང་ཞེས་པའི་ཐ་སྙད་དགོས་དོན་བརྗོད་རོགས་ཟེར། ཁྱོད་རང་མིག་ཆེ་ཙམ་བགྲད་ནས་ལྟོས་དང་། ཤར་ཁུག་ལགས་ཀྱིས་གསལ་པོ་འགྲེལ་བརྗོད་གནང་ཟིན་འདུག །

  9. གསང་གྲོལ། says:
    2012-09-25 at 9:21 am

    གནས་ཚུལ་དུས་ཐོག་ཀློགས་ཐུབ་པར་དགའ་བྱུང་། མུ་མཐུད་གནས་ཚུལ་གཏོང་རོགས། དམིགས་བསལ་ཚོགས་ཆེན་ལ་དར་ལུང་རྣ་བའི་ཉན་བསྡད་ཡོད། ཚོགས་བཅར་བ་༤༣༢ ཡིས་རྣམ་དཔྱོད་ཀྱི་རྩལ་གང་འདྲ་ཞིག་བཏོན་ཡོང་ངམ་སྙམ་སྟེ་སྒུག་བསྡད་ཡོད།

  10. རྒྱ་གར་རྨ་བྱ། says:
    2012-09-25 at 9:58 am

    ལྟས་ངན་རྒན་པོ་མགོ་དམར་མིག་རྭ་ཅན་དེ་ད་ལྟ་སྔ་དྲོ་ནས་གཉིད་ལ་ཡུར་ནས་འདུག

    རྒྱན་ཤོག་ཐོབ་ནས་ཚོགས་འདུར་བཅར་བ་ཡིན་འདུག

    མེ་མཆོད་ང་གཅིག་མཐོང་གི་མེད་པ་འདྲ།

    ཡང་ན་རྒྱ་རིགས་ཁྲོམ་སྟོན་པ་ཞིག

    གང་དྲག་རྒན་པོ་དེ་་་་་་་

  11. མངའ་རིས་ཕྲིན་ལས། says:
    2012-09-25 at 12:14 pm

    ཤར་ཁུག་ལགས་དེང་སང་ཆབ་སྲིད་ལྟ་བ་གཞན་པའི་ཚོགས་སྡེ་དང་། སྲིད་སྐྱོང་མི་རྗེ་བློ་སེང་གི་བཀའ་ཤག་སོགས་ལ་སྐྱོན་བརྗོད་ངན་སྨྲས་མི་བྱེད་པར་སྤྱི་ལ་ཕན་པའི་གནས་ཚུལ་དུས་ཐོག་སྤེལ་རྒྱུ་དང་། མཐོང་རྒྱ་ཡངས་པའི་ཆབ་སྲིད་ཀྱི་དཔྱད་གླེང་སྤེལ་བཞིན་པ་དགའ་བསུ་ཡོད། དེ་འདྲ་བྱས་ན་ཁྱེད་ཀྱི་ཤེས་འབྱོན་དེས་བོད་མི་རིགས་ལ་ཕན་པ་ཡོང་རྒྱུ་དངོས་ཡོད་རེད། དེ་མིན་བླ་རྒན་དང་མི་རྒན་ཁྲེག་འཛིན་ཀླད་རྙིང་འགས་ཁ་ལ་ཉན་ནས་ཆབ་སྲིད་ལྟ་བ་མཐུན་མིན་ལ་སྐྱོན་བརྗོད་བྱེད་རྐྱང་བྱེད་པ་ནི་དུས་ནམ་ཡང་བྱ་མི་རིགས་སོ། །

  12. འཇམ་གཅེས says:
    2012-09-25 at 1:09 pm

    རེད་ཡ་བླ་རྒན་དང་མི་རྒན་དག་གིས་བཀའ་དྲིན་ལ་བརྟེན་ནས་དེང་སོང་ཚོགས་པ་སྒྲིག་འཛུག་ཞིག་གི་ནང་དུ་འདུག་ཆོག་པ་མ་ཙམ་དུ་མ་ཟད་སོ་སོའི་ཁ་ཕོར་ཡང་དེ་དག་གཅོལ་ནས་བསྡད་ཡོད་པར་མི་ཤེས་པའི་གླུན་པོ་འམ་ཡང་ན་རྩྭ་མི་ཟ་བས་གླང་རྒན་དང་ལུག་རྒན་དག་ལ་ནི་དུས་རྟགས་ཏུ་སྐྱག་དྲི་ཁ་ཡ་མ་གཏོགས་གང་ཡང་བཤད་ཡ་མེད་པར་ང་ཚོས་ཤེས་དགོས། ང་ཚོས་འགོན་དཔུང་ནི་བླ་རྒན་རང་མ་གཏོགས་གཞན་མེད་པ་ཡང་ཤེས་དགོས།

  13. ཀརྡོ་གཉེར་ཕྱག་པ་ says:
    2012-09-25 at 2:59 pm

    དམིགས་བསལ་ཚོགས་ཆེན།
    དམིགས་བསལ་ཏན་ཏིག
    དམིགས་བསལ་དགོས་དོན།
    དམིགས་བསལ་གྲོས་གཞི།
    དམིགས་བསལ་གྲོས་ཆོད།
    དམིགས་བསལ་ལམ་འགྲོ
    དམིགས་བསལ་ལམ་ལྷོང་།
    དམིགས་བསལ་ཚོགས་དོན།
    དམིགས་བསལ་མྱུར་གྲུབ།
    དམིགས་བསལ་སྨོན་ལམ།
    དང་བཅས་བྲིས་སོ། །

  14. གསེར་འབྲུག་སྡེར་ལྔ་ says:
    2012-09-25 at 4:54 pm

    མི་འདིའི་ཁ་ནས་ངན་སྨྲས་དང་ཚིག་ངན་སྐྱག་པ་རྐྱང་རྐྱང་མ་གཏོག་ཐོན་རྒྱུ་མེད་པ་དེ་ཅི་ཡིན་ནམ། མ་གཞི་རང་གི་མི་གཞི་དང་གདོང་རིས་མདོག་རིས་ཡོད་ཚད་ཐང་ལ་བུད་ཡོང་གི་ཡོད་པ་རེད། ཏག་ཏག་རེད། སོ་སོས་མདོག་རྐྱ་བསྟན་ཡོང་ན་འགྲིག་པ་རེད།

  15. འཇམ་གཅེས says:
    2012-09-25 at 8:58 pm

    ཁྱོད་བདེན་པ་རེད། ངའི་གདོང་རིས་དང་མི་གཤིས་གང་འདྲ་ཡོད་མིན་ཕྱི་གསལ་ནང་གསལ་ཡིན་པ་ལས་མིང་བྱང་རྫུན་མ་ཞིག་གིས་འོག་ཏུ་གབ་ནས་སྤྱི་ཚོགས་དཀྲུགས་བྱེད་ཀྱི་ཡིག་ཉོག་བྲིས་མ་མྱོང་ལ་འབྲི་ཡང་མི་ཤེས། ཁྱོད་དང་གང་སྨོས་སྐྱག་འབུ་དག་ནི་དེ་དག་ལ་དགའ་བས་དེ་བཞིན་བྱོས།

  16. འཇམ་གཅེས says:
    2012-09-26 at 3:10 am

    ངས་མང་པོ་ཞུས་ཟིན་པ་ཡིན། བོད་པའི་བཤད་སྲོལ་ལ་ཡོད་པ་བཞིན། ཕྱིའི་དགྲོ་མགོ་བརྡུང་བྱེད་སྟ་རེ་མེད་པར། ནང་རྫ་རྐུབ་ཕུད་བྱེད་མཐོ་བ་ཟེར་བ་བཞིན་མི་ངན་འདི་ཚོའི་གྲས་ལ་ག་དུས་ཡིན་རུང་ལེགས་བཤད་ཞིག་གང་ཡང་མེད་པ་ཤེས་དགོས། རང་གཞུང་གི་འགོ་བླ་མ་དང་དཔོན་པོའི་མ་ཐོན་རབས་དང་ཆོས་ལུགས་དང་ཆོལ་ཁའི་མ་བྱུང་རབས་རྐྱང་རྐྱང་བཤད་པ་ལས། དོན་དངོས་གནད་ལ་ཁེལ་བས་ལས་འགུལ་དང་། ཆབ་སྲིད། རིག་གནས། ཆིག་སྒྲིལ། གཞན་ཡང་ང་ཚོའི་སྤྱི་ཚོགས་སུ་དགོས་ངེས་པའི་གནད་དོན་མང་པོ་ཡོད་རུང་མིག་ཡ་ཞ་ར་ཆགས་པ་ནང་བཞིན་མཐོང་གྱི་ཡོད་པ་མ་རེད། ད་དུང་དགྲ་བོ་རྒྱ་དམར་གཞུང་ལ་རྒོལ་ལེན་ཡིག་གེ་ན་ཡིག་གཅིག་ཡང་བྲིས་མ་མྱོང་བ་རེད་ལབ་ན་ཡང་མི་ཆོག་པ་གང་ཡང་མེད། རྒྱུ་མཚན་དེའི་ཕྱིར་ན་ངས་སྐྱག་ཁང་ཁ་མངོག་ན་དྲི་མ་སྐྱག་དྲི་ལས་གང་ཡང་མེད་པར་བཤད་དགོས་དོན་ཡང་དེ་བཞིན་ཡིན་ནོ། །

  17. གསེར་འབྲུག་སྡེར་ལྔ་ says:
    2012-09-26 at 10:41 am

    ཁྱོད་ཀྱི་སྐྱག་པའི་ཁ་དེའི་ནང་ནས་མི་ངན་དང་ཁྱི་ངན་ལོག་སྤྱོད་སྐྱག་པ་ལས་ཐོན་རྒྱུ་མེད་པ་དེ་ལེགས་བཤད་ཡིན་སྙམ་ན་ངོ་མི་ཚའམ།
    དོན་དངོས་གནད་ལ་འཁེལ་བ་དང་ཕན་ཐོགས་རང་བཞིན་ལྡན་པའི་ལས་འགུལ་ཞིག་ད་བར་ཁྱོད་ཀྱིས་གནས་གང་དུ་དུས་ག་དུས་སྤེལ་ཡོད། རི་བོང་གི་རྭ་དང་མོ་གཤམ་གྱི་བུ་རེད་པ། ད་དུང་སྡུག་ཁ་ནང་དུ་མ་གཏོག་གཏད་མི་ཤེས་པའི་མི་ངན་ཁྱི་ངན་ལོག་སྤྱོད་སོགས་ཀྱི་ངན་སྨྲས་དང་ཚིག་མཚོན་སོགས་ཀྲུང་ནན་ཧེའེ་ལ་ཚིག་གཅིག་དང་ཡིག་འབྲུ་གཅིག་ཀྱང་བྲིས་མི་ཤེས་པ་དང་འབྲི་མི་ནུས་པ་དེ་ཁྱོད་ཚོའི་མི་གཤིས་རེད་ལ། མ་ཟད་ཁྱོད་ཚོའི་ལྟོ་འཕོར་དང་འབྲེལ་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ལ་རེ་བ་དེ་མ་རེད་པས།

  18. མངའ་རིས་ཕྲིན་ལས། says:
    2012-09-26 at 10:33 pm

    རེད་འཇམ་གཅེས་ཟེར་བ་ཁོང་གི་ངག་ནས་སྐྱག་པ་དང་སྐྱག་དྲི་སྐྱག་ཚང་སོགས་བེད་སྤྱོད་མང་མོ་བྱེད་སྟངས་ལ་གཞིག་ན་ཨ་སྒོར་དོན་དུ་སྐྱག་ལས་ལས་ཤིང་སྐྱག་པའི་མཉམ་དུ་མི་ཚེ་སྐྱལ་མཁན་ཞིག་ཡིན་པ་འདྲ། དེས་ན་སྐྱག་ལས་ཀྱི་ཉིན་གླ་བགྲང་རྒྱུ་ལས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐད་ཆ་བཤད་མཁན་ཞིག་ཡིན་ཚོད་མི་འདུག་པས་དྲ་གྲོགས་ཚོས་ཁོ་པར་འཁངས་དགོས་པ་མ་མཐོང་།

  19. དྲང་མོ་མདའ། says:
    2012-09-29 at 12:04 pm

    འགྲོ་སོང་འབུམ་༥༠ལྷག་ཙམ་བཏང་བའི་ཚོགས་འདུ་དེ་ག་རེ་ལེགས་གྲུབ་རེད་སོང་གྲུབ་འབྲས་ཅི་ཡང་ཐོན་མེད་པས་མི་མང་བློ་ཕམ་ཆེན་པོ་ཡོད་ངོ་མ་ཡིན།སྐྱབས་མགོན་རིན་པོ་ཆེས་ལ་དག་སོགས་ནས་བཀའ་སློབ་གནང་བ་དེ་རིན་པོ་ཆེའི་སྒེར་གྱི་བློ་ཕམ་ལ་ཁག་དཀྲིས་ནས་དགོངས་དག་ཞུ་བ་སོགས་ཀྱི་བྱ་སྤྱོད་དེ་ངོ་ནས་སེམས་སྟེང་ནས་ཡིད་ཆད་པ་བྱུང་། མ་ཟད་མི་མང་གིས་ལས་འགལ་ཆེད་དངུལ་བསྡུ་དགོས་སོགས་ཀྱི་སྐད་ཆ་དེ་ངོ་མ་ངོ་ཚ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme