Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ཤེས་བཀའ་བློན་གྱི་རྣ་བ་གཙེས་པ།

Posted on 2012-09-222012-09-22 By ཁ་བརྡ་ 43 Comments on ཆོས་ཤེས་བཀའ་བློན་གྱི་རྣ་བ་གཙེས་པ།

ཨོ་རྒྱན་ཉི་མ།

སྤྱིར་བཏང་ཆ་ནས་བཤད་ན་ངས་སྔར་༼བཙན་བྱོལ་བོད་མིའི་ཆེ་བ་དང་རྒྱ་གར་གཞུང་གི་བཀའ་དྲིན།༽ ཞེས་པ་ནས་བཤད་པ་ལྟར། བཙན་བྱོལ་གཞུང་གི་སྒྲིག་འཛུགས་དང་། ཤེས་ཡོན་གྱི་སྡེ་ཚན་དགོན་སྡེ་དང་། སློབ་གྲྭ་ཁག་མི་ཡུལ་འདི་ནས་འཛུགས་བསྐྲུན་རྒྱ་ཆེན་པོ་དང་། གཏིང་ཟབ་པོ་འདི་འདྲ་ཞིག་ཐུབ་པ་དེ་ཡང་ཧ་ལས་བ་ཞིག་རེད། དེ་ལ་ལེགས་སོ་བརྗོད་པ་ལས་ཉེས་པའི་ཆ་བརྗོད་ན་མི་ལེགས་ཀྱང་། དང་པོ་མེད་ས་ཡོད་སར་བསྐྱལ་ཡང་། ད་ལྟ་ཡོད་སར་གནས་ཐུབ་མིན་དང་། ཡོད་སར་གནས་དགོས་ན་སྔར་གྱི་ཁྲིམས་དང་། བསྒྲིགས་ལམ། བསླབ་པ་སློབ་གཉེར་སོགས་ཡོད་ཚད་གང་ལེགས་དང་། སྲ་བརྟན་དུ་བཏང་བ་ལས། ལས་སླ་རུ་དང་། ཐབས་རྡུག་ཏུ་བཏང་ན་ཞབས་འདྲེན་རེད། དེ་ཕྱིར་ཕྱོགས་གཞན་ཞིག་ནས་སླར་ཡང་དམིགས་ཀྱིས་བཀར་ཏེ་བསམ་འཆར་འགའ་ཞིག་ཞུ་འདོད་བྱུང་། ཤེས་རིག་ལས་ཁུངས་དང་། ཤེས་ཡོན་པའི་སྡེ་ལ་ཤེས་འཇོན་ཞིག་ཡོད་ན། གཞིས་བྱེས་གཉིས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཉིན་རེར་བོད་ཡིག་ཆུ་ཚོད་གཅིག་ལ་མ་བྱས་ན་མི་ཆོག་པའི་བཀའ་རྒྱ་དང་འབྲེལ། དཔེ་བལྟས་བྱས་པའི་ཕན་ཡོན་དང་། མ་བྱས་པའི་ཉེས་དམིགས་སྟོན་དགོས་པར་མ་ཟད། དེ་ལས་ཀྱང་བྱེས་བཞུགས་བོད་ཀྱི་གཞིས་ཆགས་ཁག་ལ་ཁ་ཚ་དགོས་གཏུག་གིས་བསྒྱུར་བཅོས་ཤིག་དགོས་པར་འདོད། གཞིས་ལུས་བོད་ལ་མཚོན་ན་གསེར་རྟ་བླ་རུང་གི་དགེ་འདུན་པ་ཚོས་རོང་འབྲོག་ས་ཁུལ་དུ་ཡིག་རྨོངས་སེལ་བའི་ཆེད་དུ་རིན་མེད་ཐོག་བོད་ཡིག་བསླབ་པའི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད། དེ་ཙམ་དུ་མ་ཟད་དགེ་བཅུའི་ཁྲིམས་ཀྱིས་རྒྱལ་ཁབ་བདེ་བ་དང་། འབངས་མི་སེར་བདེ་བའི་ཐབས་ལམ་རབ་དང་། རིམ་པ་འདིང་བཞིན་པ་རེད། ཁོ་ཚོའི་བྱས་རྗེས་ལ་བསྟོད་བསྔགས་མེད་པར་ཆོས་ལུགས་དང་། སྡེ་བའི་ཕྱོགས་འཐེན་གྱིས་གོང་འོག་བར་གསུམ་དུ་འདྲ་མིན་སྣ་ཚོགས་ཤིག་ཞུས་ཡོད་པ་དང་། ཞུ་བཞིན་པ་ནི། སུས་བྱས་པ་དང་། དམིགས་ཡུལ་གང་ཡིན་ཚང་མ་ཤེས་ཡོད་མོད། དེ་དག་ནི་རང་ལུགས་ལས་གཞན་པ་ཡོད་ཚད་མེད་པར་བྱ་འདོད་པའི་གང་ཟག་སྒེར་གཅོད་ཅན་འགའ་ཞིག་གི་བསམ་བློ་དང། སྤྱི་ཕན་ཞིག་མེད་པའི་བློ་ཆུང་ཞིག་གི་བསམ་བློ་ཞིག་གིས་འཕུལ་བ་ཞིག་ཡིན་པས། གདོང་ལེན་བྱ་དགོས་དོན་མེད་པའི་བསམ་པས་རང་དགར་བསྐྱུར་བ་ཡིན། ཤེས་རིག་བཀའ་བློན་ཟེར་དུས་ཤེས་ཡོན་གྱི་འཕེལ་འགྱུར་ལ་ཐུགས་བསམ་བཞེས་དགོས་པ་དང་། ཆོས་རིག་བཀའ་བློན་ཟེར་དུས་བསྟན་པའི་ཆགས་འཇིག་ལ་བསམ་བློ་གཏོང་དགོས་པར་སེམས། དེ་མིན་མར་མེ་རླུང་གིས་བསྐྱོད་ཀྱང་འཛུམ་མོལ་མོལ། ལྷ་བཤོས་ཁྱིས་ཁུར་ན་འཛུམ་མོལ་མོལ་བྱེད་ནས་བཞུགས་བསྡད་ན། ཤེས་ཡོན་གྱི་ལོ་འདབ་སད་ཀྱིས་འཁྱེར་ཞིང་། ཆོས་རིག་གི་གེ་སར་བང་བ་ཁྲམ་པ་ཚོས་གཞིབ་སོང་ན་ཇི་ལྟར་བྱ་རྒྱུ་ཡིན། རང་གི་ལས་ཡུན་དང་འབྲེལ་བའི་བྱ་བ་ལ་གེགས་དང་། བར་ཆད་མ་ཡོང་བ་ཙམ་གྱིས་ཆོག་ཤེས་པར་བྱ་མཁན་གྱི་ལས་བྱེད་དེ་ནི་ཁྲམ་པ་རེད། དེ་ཕྱིར་ཆོས་རིག་དང་། ཤེས་རིག་གཉིས་ཀྱི་ལམ་ཁ་དེ་ཤེས་ཡོན་དང་འབྲེལ་བ་ཞིག་དང་། བོད་ཀྱི་སྲོག་རྩ་དང་འབྲེལ་བ་ཞིག་ཡིན་དུས་རྩ་ནས་སྲོག་འཚོ་མིན་དང་། སྲོག་རྒྱུན་རིང་ཙམ་འཚོ་བའི་ཐབས་ལམ་འདིང་དགོས་པ་དང་། ཤེས་ཡོན་གྱི་སོན་རྩ་སྲ་བརྟན་དུ་བཏང་བ་ནི་ཤེས་ཡོན་མེད་པ་ཡོད་པར་བྱ་བའི་ཐབས་ལམ་ཞིག་དང་། ཡོད་པ་མི་མཉམ་པར་འཛིན་པའི་ཐབས་ལམ་གཉིས་སུ་མཆིས་པ་ལས། དེང་སང་གི་བཀའ་བློན་ཚོའི་བློ་ངོར་ན། དང་པོ་དེ་ལས་གཉིས་པ་དེ་མེད་པར་འདོད། འདི་ནི་དཔེ་བལྟས་དགོས་མིན་ལས་འཕྲོས་པའི་གཏམ་རེད། དཔེ་བལྟས་རྒྱུན་པར་བྱ་ནུས་ན་འཛམ་བུ་གླིང་རང་གི་མིག་སྔར་ཡོད་པ་ཡང་ཤེས་དགོས་པའི་གན་རྒྱ་ཞིག་རེད། ཉེ་བའི་དཔེ་དེབ་ལ་མི་བལྟ་བར་རིང་བའི་རྒྱལ་ཁམས་འགྲིམས་ཏེ། རྒྱུས་ལོན་བྱ་འདོད་ན། འགྲོ་གྲོན་དང་། ཆོག་མཆན། གང་ཅིའི་ཐད་ནས་ལས་སླ་མོ་ཞིག་ཡིན་ཚོད་མ་རེད། དེ་ཕྱིར་དཔེ་བལྟས་ཀྱིས་འཇིག་རྟེན་ཉུལ་ཐུབ་ན་ཚེགས་ཆུང་ལ། གྲོན་ཆེན་མི་དགོས་པར་མི་རིགས་དང་། ཡུལ་གྲུ། ཆོས་ལུགས། ལྟ་གྲུབ། ཆབ་སྲིད། དཔལ་འབྱོར། ཡོད་ཚད་ཀྱི་ངོ་བོ་དང་། བྱེད་ལས་མཐའ་དག་རང་གི་མིག་སྔར་བསླེབ་པ་དང་གཅིག་མཚུངས་རེད། ཤེས་ཡོན་ཁྱབ་རྒྱ་ཆེ་རུ་གཏོང་དགོས་ན་ཤེས་ཡོན་པའི་སྡེ་བསྐྱེད་སྲིང་བྱ་དགོས་པ་དང་། ཆོས་རིག་གི་སྡེ་སྲ་བརྟན་དུ་གཏང་དགོས་ན་ཆོས་ཞེས་པ་དེ་ཁ་བཤད་གཅིག་པུ་ཙམ་མ་ཡིན་པར་དོན་ལག་ལ་སོན་པ་ཞིག་དང་། ཆོས་པའི་སྡོམ་དང་། དམ་ཚིག་ལ་བརྩི་སྲུང་བྱ་ཐུབ་མཁན་ཞིག་དགོས་པ་ལས། ཆོས་ལ་ཁ་བཤད་མཁས་ཀྱང་། དོན་ལག་ལེན་ལ་ཐུག་དུས་རྒན་པོ་ཤན་པ་ལས་ཀྱང་ཐབས་རྡུག་ཅིང་། སྨན་བཙོང་མ་ཞིག་ལས་བྱ་བ་ངན་པ་བྱེད་བཞིན་པ་དག་ལ་ཐེ་དོགས་མེད་པར་གཡུག་བཞག་ན། འདུག་ཕོད་དམ། དེང་སང་ཐེ་ཝན་སོགས་རྒྱའི་ཡུལ་གྲུ་ཁག་ཏུ་མཁན་པོ་དགེ་བཤེས། སྤྲུལ་སྐུ། གྲྭ་བ་ལོ་ཆུང་ཕལ་ཆེ་བ་ཞི་མཇེ་ཚོང་རྒྱག་མཁན་ཆགས་ཡོད་པ་རེད། མཇེ་ཚོང་རྒྱག་ཟེར་དུས་ཚོང་ཁང་ཞིག་གི་ནང་མཇེ་ཁྲོམས་རར་བཤམ་ནས་འདུག་པ་མིན་པར། ཚོང་བ་རྒྱུ་ཆེན་ཚོས་རྒན་མོ་གྲོགས་སུ་བཀུགས་ཏེ། མོའི་ལག་ནས་དངུལ་བླངས། ཕར་མཇེ་སྤྲད། འདིའི་གནས་སྟངས་འདིས་བོད་བརྒྱུད་ནང་བསྟན་ལ་གོད་ཆགས་གཞན་ལ་མེད་པ་ཞིག་འབྱུང་བཞིན་པ་དང་། ད་ལྟ་ནས་མཚམས་མ་བཞག་ན་རྒྱ་གར་དང་། བལ་ཡུལ། འབྲུག་སོགས་ཀྱི་བླ་མ་དང་། གྲྭ་བ། སྤྲུལ་སྐུ། མཁན་པོ་མང་པོ་ཞིག་ལ་ལམ་ཁ་གཏན་མེད་དུ་འགྲོ་ངེས་རེད། མཇེ་ཚོང་བ་ཚོ་ཁྱིམ་པ་ཞིག་ཡིན་པའི་དབང་དུ་བཏང་ན་སྐྱོན་ཆེན་པོ་ཞིག་མེད་མོད། ཁོ་ཚོས་ལྟར་སྣང་ལ་དབུ་རེག་ཞབས་རྗེན་ཅན་དང་། དགེ་སྦྱོང་རྣམ་དག རབ་བྱུང་རྣམ་དག་ཅིག་གི་ཟོལ་ལ་ཞུགས་ཤིང་། ལྐོག་ནས་ངན་ཚད་བྱེད་བཞིན་པ་རེད། ངས་འདིའི་སྐོར་བྲིས་ནས་ལོ་གཉིས་ལྷག་ལ་ཕྱིན་ཡང་། གྲུབ་འབྲས་ཆེན་པོ་ཞིག་གང་ཡང་ཐོན་མ་སོང་། ཡིན་ན་ཡང་རྒྱ་བོད་གཉིས་ཀྱི་རྩོམ་པ་པོ་དང་། དཔྱད་བརྗོད་པ་སོགས་ཀྱི་རྣ་བར་བསྒྲགས་ཡོད། མིག་སྔར་བསྟན་ཡོད། ད་དུང་འབྲེལ་བ་བྱེད་བཞིན་པ་ཡིན། ངས་འདིའི་སྐོར་མཚམས་བཞག་ཐུབ་ས་མ་རེད། དེ་ཕྱིར་ད་ལྟ་ཡང་ཤུགས་རྒྱག་བཞིན་པ་ཡིན་ནོ། །

སྣ་ཚོགས།

Post navigation

Previous Post: འཆར་ཚུལ་ཞིག
Next Post: དེ་རིང་མཐོང་བའི་བུ་མོ་ཞིག་ལ།

Comments (43) on “ཆོས་ཤེས་བཀའ་བློན་གྱི་རྣ་བ་གཙེས་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-09-22 at 10:55 pm

    ་་་་་ དེང་སང་ཐེ་ཝན་སོགས་རྒྱའི་ཡུལ་གྲུ་ཁག་ཏུ་མཁན་པོ་དགེ་བཤེས། སྤྲུལ་སྐུ། གྲྭ་བ་ལོ་ཆུང་ཕལ་ཆེ་བ་ཞི་མཇེ་ཚོང་རྒྱག་མཁན་ཆགས་ཡོད་པ་རེད། མཇེ་ཚོང་རྒྱག་ཟེར་དུས་ཚོང་ཁང་ཞིག་གི་ནང་མཇེ་ཁྲོམས་རར་བཤམ་ནས་འདུག་པ་མིན་པར། ཚོང་བ་རྒྱུ་ཆེན་ཚོས་རྒན་མོ་གྲོགས་སུ་བཀུགས་ཏེ། མོའི་ལག་ནས་དངུལ་བླངས། ཕར་མཇེ་སྤྲད། འདིའི་གནས་སྟངས་འདིས་བོད་བརྒྱུད་ནང་བསྟན་ལ་གོད་ཆགས་གཞན་ལ་མེད་པ་ཞིག་འབྱུང་བཞིན་པ་དང་།
    ད་ལྟ་ནས་མཚམས་མ་བཞག་ན་རྒྱ་གར་དང་། བལ་ཡུལ། འབྲུག་སོགས་ཀྱི་བླ་མ་དང་། གྲྭ་བ། སྤྲུལ་སྐུ། མཁན་པོ་མང་པོ་ཞིག་ལ་ལམ་ཁ་གཏན་མེད་དུ་འགྲོ་ངེས་རེད། མཇེ་ཚོང་བ་ཚོ་ཁྱིམ་པ་ཞིག་ཡིན་པའི་དབང་དུ་བཏང་ན་སྐྱོན་ཆེན་པོ་ཞིག་མེད་མོད། ཁོ་ཚོས་ལྟར་སྣང་ལ་དབུ་རེག་ཞབས་རྗེན་ཅན་དང་། དགེ་སྦྱོང་རྣམ་དག རབ་བྱུང་རྣམ་དག་ཅིག་གི་ཟོལ་ལ་ཞུགས་ཤིང་། ལྐོག་ནས་ངན་ཚད་བྱེད་བཞིན་པ་རེད། ་་་་ཟེར།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-09-22 at 11:00 pm

    ཁྱེད་ཀྱི། བསྒྲིགས་ལམ། འདི། སྒྲིག་ལམ་ཞེས་བྲིས་ན་དག་པ་མི་འདུག་གམ། ཨོ་རྒྱན་ཉི་མ་ལགས།

  3. འཇམ་གཅེས says:
    2012-09-22 at 11:31 pm

    ཨོ་རྒྱན་ཉི་མ་ལགས། ངས་བལྟས་ན་ཁྱོད་རང་ཡང་གནས་བབ་གང་འདྲ་ཞིག་གི་ཐོག་ཡོད་མིན་བཤད་ཚོད་ཐིག་ཁག་པོ་འདུག །ཕྱིས་སུ་རྩོམ་ཡིག་སྤེལ་སྐབས་རང་གིས་གནས་བབ་ངོ་ཤེས་པའི་ཐོག་ནས་སྤེལ་དགོས་པ་གལ་ཆེ་བ་ཙམ་དུ་མ་ཟད་ད་དུང་མི་རིགས་ལ་གནོད་གཞི་འགྲོ་བའི་ཡིག་ཉོག་གང་སར་མ་བྲིས་རོགས།

  4. ཀརྨ་ཡེ་ཤེས says:
    2012-09-22 at 11:46 pm

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་རིན་པོ་ཆེས་འབོད་སྐུལ་ཡག་པོ་གསུངས་བཞག ངེད་ཚང་གི་མག་པོ་ལ་རེ་བ་ཞིག་ཡོད་གདའ། ཡིན་ན་ཡང་ད་ལྟ་རྡ་སའི་ཆོས་རིག་ལས་ཁང་ལ་དངོས་སུ་ཞུས་ན་ཆོག་པ་ལས་དྲ་ཐོག་དཀོད་པ་དེ་ཡག་པོ་མི་འདུག ཁོ་ཚོ་ངོ་ཚ་ས་རེད། བོད་ནང་གི་རང་ཤི་ཚོ་ལ་དཔའ་བོ་དང་དཔའ་མོ་བརྗོད་པ་ལས་དགེ་བཅུ་ཁྲིམས་སྲུང་འཁན་དང་སྒྲུབ་མཁན་དེ་བཙན་བྱོལ་པས་དགོས་མཁོ་མེད་རེད་ལབ་ཀྱིན་མི་འདུག་གམ། ཞོགས་དུང་ངམ་མའོ་རྩ་ཆེན་བྱེད་མཁན་ཆོས་རིག་ལས་ཁང་རེད།

  5. རྫ་ཚེ་རིང་བཀྲ་ཤིས། says:
    2012-09-23 at 12:02 am

    ལམ་ཁ་འདི་ལ་གོམས་པ་མཐའ་འཁྱོལ་བ་ཞིག་མུ་མཐུད་སྤོས་ཨ།

  6. རྫ་ཚེ་རིང་བཀྲ་ཤིས། says:
    2012-09-23 at 12:04 am

    ལམ་ཁ་འདི་ལ་གོམ་པ་མཐའ་འཁྱོལ་བ་ཞིག་མུ་མཐུད་སྤོས་ཨ། ཉིད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་ཡིད་ཆེས་ཡོད།

  7. རྨུ་ཐག་གི་བུ་རྒྱུད། says:
    2012-09-23 at 12:37 am

    དག་ཆ་ལ་ཡིད་གཟབ་གནང་རོགས། ཁ་ནས་བཤད་རྒྱུ་སླ་མོ་རེད། ཡིན་ནའང་རང་ཉིད་ཀྱི་མདུན་དུ་བཞག་ན་ལག་པ་འདར་བ་ལས་ཅི་ཡང་བྱེད་མི་ཤེས་པའང་བྱེད་མི་ཐུབ་མཁན་མང་པོ་རེད། ཁ་ཡིས་བཤད་ན་ལྷ་འབྲི། ལག་ཏུ་བཞག་ན་སྣབས་ལུག་ཟེར་བའི་འཇིག་རྟེན་རྒན་པོའི་ཉམས་མྱོང་གི་སྐད་ཆ་དེ་ཡང་དྲན་པར་མཛོད་ཅིག བསྟན་པ་ལ་རྨ་འབྱིན་པའི་བྱ་བ་རྫབ་ཆེན་བྱས་ཏེ་ད་དུང་རང་ཉིད་བསྟན་པ་ལ་ལྷག་བསམ་དང་སྤྱི་ཚོགས་ལ་ཤ་ཚ་ཅན་ཞིག་ཡིན་ཁུལ་བྱས་པས་ཁུངས་འཁྱོལ་ཐབས་ག་ལ་ཡོད་དེ། དེང་སང་བརྡ་འཕྲིན་དུས་རབས་ཡིན་པས་ཁྲམ་རྒན་འདི་རིགས་ཀྱི་གདོང་རིས་རྣལ་མ་གང་ཡིན་པ་མང་ཚོགས་ཀྱིས་ཤེས་ནས་ཡོད། གོང་གི་སྐད་ཆ་དེ་དག་རང་ཉིད་ལ་རང་ཉིད་མི་ཁྲེལ་བ་ཞིག་དང་། སྤྱི་ཚོགས་ཀྱིས་གུས་བཀུར་ཐོབ་པ་ཞིག་གིས་བྲིས་ན་ས་ཆོད་ཆེ་ལ་དོན་ལ་གཟས་པ་ཞིག་རེད།

  8. གཡུ་བྲག་པ says:
    2012-09-23 at 12:43 am

    སྤྲུལ་ཉི་ལགས། མཇེ་ཚོང་བ་ཚོས་པར་དང་ལོ་རྒྱས་ཚོང་རྒྱག་སྐབས་ཀྱི་ལོ་རྒྱས་དྲ་ཚིགས་སོགས་སུ་བཀོད་དང་། མ་འོངས་པ་ན་ཁོང་ཚོའི་བྱ་སྤྱོད་འགག་འགྲོ་གི་རེད། དེ་མིན་ས་སྟོང་ཞིག་ལ་སྡུག་སྐད་རྒྱབ་ན་དེ་
    ཙམ་རེད།

  9. མངའ་རིས་ཕྲིན་ལས། says:
    2012-09-23 at 12:43 am

    འཇམ་གཅེས་ལགས་ཀྱི་ད་རིས་གསུང་པ་དེ་ངོས་གནས་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་དང་། ཨོ་རྒྱན་ཉི་མ་ཟེར་བ་ཁྱེད་རང་གི་གནས་བབ་ལ་གཞིག་ནས་བསམ་ཚུལ་བཤད་ཡིན་ཚོད་རེད། མཁན་པོ། དགེ་བཤེས། གྲྭ་བ། བླ་མ་ཚོ་ལ་སྐྱོན་བརྗོད་བྱེད་སྟངས་ལ་དཔག་ན་སྔགས་པ་ཞིག་གི་བསམ་ཚུལ་རང་རེད།

  10. རྣ་བ་བརྒྱད་པ། says:
    2012-09-23 at 2:36 am

    གང་ལྟར་ཡང་ཕྱོགས་གཅིག་ཁོ་ན་ལ་མི་ལྟ་བ་གལ་གནད་ཆེ་ཡང། དེང་སང་ཕལ་ཆེ་བའི་ཁ་ནས་དེ་ལྟར་བཤད་ནས་འཛུབ་མོ་རང་ལ་བཙུག་ནས་རྐྱོབ་ཆ་མེད་པ་དཀོན་པར་སྣང། ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་སོགས་བཟོ་དགོས་པའི་རྒྱུ་མཚན་དང་དགོས་པ་ཤེས་དགོས་ལ་ཏེ་མ་ཤེས་པར་དྲན་ཚད་བཤད་པ་ནི་ནོར་འཁྲུལ་ཆེ་ཤོས་ཡིན་པར་ཤེས་དགོས། ཡང་གཅིག་བཤད་ན་ལས་རིགས་འདྲ་མིན་གྱི་ནང་ནས་ཡིན་གཅིག་མིན་གཅིག་མེ་མདའི་འོག་ནས་ཡར་ལང་བྱེད་དགོས་པ་དང་དེ་མི་བྱེད་ན་རྐྱོན་དུ་རྩི་བ་ནི་གཞིའི་ལས་མི་མང་ལ་ཤ་ཚ་མེད་པའི་རང་རྟགས་མངོན་པ་ཡིན་པར་མ་ཟད་བོད་ནང་གི་རིགས་གཞུང་ལ་གཅིས་བཀྲའི་མེད་པའི་རྟགས་མ་ཡིན་ནམ།། ༧གོང་ས་མཆོག་གི་ནམ་རྒྱུན་འཚེ་བ་མེད་པ་གསུངས་ཤིང་བདེ་སྡུག་འདོར་ལེན་འདོད་མི་འདོད་ནི་སེམས་ཅན་གུན་ལ་གཅིག་མཚུངས་ཡིན་པར་གསུངས་མོད། ཚུལ་བློའི་ཁྲིམས་བཅུ་ཡང་ཕྱུགས་ཟོག་སོགས་ཀྱི་ཚེ་སྲོགས་བསྐྱབ་པའི་ཆེད་དུ་ཡིན་པར་གོར་མ་ཆག། དེ་ནི་དེང་སེང་དུད་འགྲོའི་རང་དབང་སྲུང་སྐྱོབ་ཚོགས་པའི་བྱ་བ་དང་གཉིས་སུ་མ་མཆིས་པའི་ཚུལ་བློ་ཁོ་ན་ལ་རྐྱོན་བརྗོད་བྱེད་མི་རིགས། གཞན་ཡང་དུད་ཆང་བག་མེད་རྟེན་པ་དང་རྐུན་མ་བྱེད་པ་དང་ཐ་མ་འཐེན་པ་ནང་དམེ་བྱེད་པ་དང་མ་ཅང་རྒྱབ་པ་སོགས་ཐམས་ཅད་བོད་མི་རང་རང་སོ་སོ་འཕྲོ་བརླག་དུ་མི་འགྲོ་བར་ལེགས་པའི་ལམ་དུ་འབྲི་བས་ཆེད་དུ་བྱས་པར་སེམས། འོན་ཀྱང་རེ་ཟུང་ནས་དགོ་ཕྱུག་བདག་ཉར་མི་ཐུབ་པར་ཚུལ་མིན་གྱིས་འཚོ་བ་རོལ་བ་སོགས་བྱུང་བའི་ཉེས་པ་ཚུལ་བློ་ལ་བཀལ་བ་ནི་མི་འོས་ཏེ། དཔེར་ན་བཅོམ་ལྡན་འདུས་ཀྱི་ལེགས་པའི་ཁྲིམས་འབའ་ཞིག་བཅས་ཀྱང་དེ་ལ་རྟེན་ནས་མི་ལེགས་པ་བྱུང་ན་ཡང། ་་བཅོམ་ལྡན་འདུས་ནི་རྐྱོན་མེད་ཡིན་པ་བཞིན་ནོ།

  11. གཡུ་སྲས་ says:
    2012-09-23 at 2:45 am

    གང་བཤད་ཀྱང་དྲང་པོ་ཞིག་བྱེད་པར་ཧ་ཅིང་གལ་ཆེ།

  12. ར་ཆོ་ says:
    2012-09-23 at 2:46 am

    དེ་རེད

  13. གཉན་གཡག་ཕྲུག says:
    2012-09-23 at 2:53 am

    ༄༅།། མངའ་རིས་འཕྲིན་ལས་ལགས། བླ་མ་དགེ་བཤེས་ལ་མཚན་དམོད་བྱེད་མཁན་ཡིན་ན་སྔགས་པ་ཡིན་དགོས་པ་རྟགས་ལོ་དགུ་ནས་མ་གྲུབ་ཏེ། རྒྱ་མི་གུང་ཁྲན་དེ་ཡིན་པའི་ཕྱིར། མ་ཟད་རང་རང་གི་དགག་ཞག་བྱེད་དུས་རྒྱུ་མཚན་ཡང་དག་གིས་སྒྲུབ་དགོས་པ་ལས་དོན་མེད་མི་ལ་ཁྱད་བཟོད་བྱེད་པ་དེ་རང་ཉིད་ཉམས་པའི་རྒྱུ་ཁོ་ན་མ་ཡིན་ནམ།
    བོད་བརྒྱུད་ནང་བསྟན་ལ་ཆ་མཚོན་ན་གོས་དཀར་ལྕང་ལོའི་སྡེས་བསྟན་པ་འཛིན་སྐྱོངས་སྤེལ་བའི་ལས་ལ་ལག་རྗེས་གང་འདྲ་བཞག་ཡོད་མེད་ལོ་རྒྱུས་ཀྱི་དཔང་པོ་བྱེད་ཐུབ་པས་ཁྱེད་དང་ང་འདྲ་བས་འགྲེད་བཤད་ནུས་པའི་ཆོས་མིན་པས་རང་གི་སྨྲ་བ་ཉུང་ན་མི་མཛེས་སམ།།

  14. བཀྲ་ཡེ་ཚང་། says:
    2012-09-23 at 5:03 am

    དང་པོ་ངས་མཆན་མ་བྲིས་སྔོན་ལ་བགད་མོ་ཅིག་ཤོར་སོང་ཧ་ཧ་ཧ་ཧ་ཧ། སྤྱི་ཚོགས་ཤིག་གི་ནང་ལ་ཁ་སྡང་དགོས་ན་དང་པོ་རང་ངོ་འཕྲོད་རྒྱུ་དེ་གལ་ཆེན་པོ་རེད། རང་ངོ་མི་རིག་སྤུ་སིལ་སིལ་དཔེ་བཞིན། སྤྱི་ཚོགས་ལ་རང་གི་ཅི་ཞིག་ཞབས་ཕྱི་བསྒྲུབས་ཡོད་དང་པོ་དེ་ལ་རྩིས་རྒྱོབ་གཉིས་པ་ཞབས་འདྲེན་ག་རེ་བྱས་ཡོད་དེ་ལ་བསམ་བློ་ཐོངས་། དེ་ནས་མི་གཞན་ལ་སྐད་ཆ་བཤད་ན་དོག་ཙམ་བདེ་བོ་མི་འདུག་གམ། ད་དུང་གོང་དུ((དེང་སང་ཐེ་ཝན་སོགས་རྒྱའི་ཡུལ་གྲུ་ཁག་ཏུ་མཁན་པོ་དང་ དགེ་བཤེས་ སྤྲུལ་སྐུ གྲྭ་བ་སོགས་ཟེར་))ཁྱོད་རང་དེའི་ནང་གི་གཏེ་བོ་ཞིག་ཡིན་པ། ད་དུང་(( ཆོས་པའི་སྡོམ་དང་དམ་ཚིག་ལ་བརྩི་སྲུང་བྱ་ཐུབ་མཁན་ཞིག་ཡིན་དགོས་པ་ལས))ཟེར། ངོ་མི་ཚའམ་སོ་སོའི་སྡོམ་པའི་དམ་ཚིག་ཤོར་ནས་གཞན་ལ་དམ་ཚིག་སྲུང་དགོས་རེད་ཟེར་ན། ད་དུང་((ངས་འདིའི་སྐོར་བྲིས་ནས་ལོ་གཉིས་ལྷག་ལ་ཕྱིན་ཡང་གྲུབ་འབྲས་ཆེན་པོ་ཞིག་གང་ཡང་ཐོན་མ་སོང་ཟེར་)) གང་ནས་ཐོན་གི་རེད་ཧམ་བཤད་རྐྱང་རྐྱང་བྱས་ན་གོང་དུ་ངས་བྲིས་པ་བཞིན་སྤྱི་ཚོགས་ཕན་པའི་ལས་ཀ་སྣེ་གཅིག་ཀྱང་བསྟན་རྒྱུ་མེད་པས་མི་ལ་ཁ་སྡང་བསྡད་ན་སོས་ཉན་གི་རེད། ཧ་ཀྱང་རང་རློམ་ཆེ་དྲགས་པས་སྐྱོན་རེད་ལོ། དུས་ནམ་ཞིག་ཡིན་ན་གཞུང་ཞབས་པ་ཚོ་ལ་ཁ་སྡང་མ་བསྡད་ལོ།

  15. ཁྱབ་འཇུག says:
    2012-09-23 at 5:04 am

    ད་ཁ་བརྡ་ཚང་ཧ་ཅང་བཟང་སྟེ་མཆན་བུ་བསུབ་གྱིན་འདུག

  16. འཇམ་གཅེས says:
    2012-09-23 at 6:25 am

    མཆན་བུ་ལ་ཞིབ་འཇུག་གནང་ན་ཡག་པོ་རེད་མ་གཏོགས་དེང་སང་དྲ་འབུ་ཁ་ཤས་ཀྱིས་ཚུལ་དང་མི་མཐུན་པའི་ཡིག་ཉོག་མང་པོ་སྤེལ་གྱི་འདུག་པས་སྐྱི་ཚོགས་ལ་ཕན་དང་མནོད་ཤེས་ཁག་པོ་འདུག །

  17. གསེར་འབྲུག་སྡེར་ལྔ་ says:
    2012-09-23 at 6:49 am

    ཡག་པོ་འདུག། ལྷ་ཆོས་རིང་ལུགས་པའི་ནང་ཕན་ཚུན་ཐེར་འདོན་བྱེད་རེས་བྱས་ན་ཡག་པོ་འདུག། མུ་མཐུད་ནས་ཡིན་དཱ། ཡང་ན་དཀོར་ཟས་ཀྱིས་མྱོས་པ་མིན་དྲོ།

  18. གངས་སྤྲེལ་ཚ། says:
    2012-09-23 at 7:15 am

    ཨོ་ལོ་ཡག་པོ་བཤད་འདུག གལ་ཆེན་རེད།

  19. གནམ says:
    2012-09-23 at 8:42 am

    དེ་འདྲ་ཡོད་ན་ཡང་སྐྱོན་མེད། ཡིན་ཡང་ཁྱེད་རང་འདིའི་སྐོར་ལ་ཤི་འཐབ་རོ་འཐབ་བྱེད་ཀི་ཡིན་ཟེར་ན། འདི་ལྟར་རེད། གཙོ་བོ་ཆོས་བ་ཞིག་ཡིན་ན་ཆོས་ཁྲིམས་འདི་དང་འདི། སྲུང་སྟངས་ཡང་འདི་དང་འདི། དེ་མིན་བླ་མ་དང་གྲྭ་བ་སུས་མ་རུང་བའི་ལས་འདི་འདྲ་བྱས་ན་བོད་རྒྱུད་ནང་བསྟན་ལ་འགལ་ཚར་བ་དང་ཆོས་ཁོངས་གང་ལ་མི་ཚུད་པ་སོགས་ཀྱི་གསལ་ཁ་ཡག་པོ་ཞིག་ཀློག་རྒྱུ་དང་རིག་རྒྱུ་ཡོད་སའི་སྐད་རིགས་འདྲ་མིན་གྱི་ཐོག་གློག་བརྙེན་དང་དྲ་རྒྱ་སོགས་སུ་འཛམ་གླིང་ཡོང་ལ་ལྟ་ཆོག་ཆོག་ཞིག་བཟོས་ན། དེ་ནས་དེ་ལས་བརྒལ་བ་ཚང་མ་བོད་ཀྱི་ནང་བསྟན་ཆོས་ཞིག་གི་བྱ་སྤྱོད་མིན་པ་དང་འགན་ཡང་མེད་སོགས་སྦྱིན་བདག་དང་སློབ་མ་སོགས་སྤྱི་ཚོགས་ཀུན་ལ་གསལ་འདེབས་བྱེད་ཐུབ་ན་ཁྱོའི་ལས་དོན་བསྲིབས་ཚར་བ་རེད། དེ་མིན་མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ། སོ་སོའི་འདོད་པ་རེད། གྲྭ་ཆས་གོན་ནས་གཡབ་ཀི་འདུག་ན། གསུངས་ཆོས་གསུང་ནས་བཅོམ་གི་འདུག་ན། ཨ་རྒྱན་ཉི་མ་ངེད་གཉིས་ལ་གཏུག་ས་ཞིག་དང་ཇུས་གཏོགས་བྱེད་པའི་དཔང་ཆ་སྤུ་ཙམ་ཡང་མེད་དོ། དེ་ལས་མ་སེམས་ཅན་གྱི་དོན་དུ་ཨོ་མ་ཎི་རེ་དོན་ན་ཡག་སོ།

  20. ཇ་མ་ says:
    2012-09-23 at 8:46 am

    ཨོ་རྒྱན་ཉི་མ་ལགས། ཁ་བཤད་ཆུ་ཡི་གཉེར་མ་དང་ལག་ལེན་གསེར་གྱི་ཐུར་མ་ཟེར་སྲོལ་ཡོད། ངས་ལྟས་ན་ཁྱེད་རང་བཀའ་བློན་གྱི་གོ་གནས་མ་ཐོབ་བར་དུ་དེ་འདྲ་གསུང་བཤད་གནང་བ་སྔ་དྲགས་པ་རེད། དེང་སང་མི་སུ་དང་སུ་ཡིན་ནའང་གོ་གནས་ཐོབ་རྗེས་ལྐུབ་ལྕག་སྲུང་རྒྱུ་ལས་མིང་དོན་མཚུངས་པའི་ལས་ཀ་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན།

  21. སྤྲུལ་སྐུ་དབང་ཆེན says:
    2012-09-23 at 10:36 am

    སྤོབས་པ་ནམ་ཡང་མ་ཞུམ།

  22. ཐུ་བ་རྒྱ་མཚོ། says:
    2012-09-23 at 10:44 am

    ཨོ་རྒྱན་ཉི་མའི་སྐད་ཆ་ལ་ཁུངས་དང་རྒྱུ་མཚན་རྩ་ནས་མེད་པ་ཡིན་རྒྱུ་མ་རེད། མི་རིགས་དང་ཆོས་ལུགས་སྤྱི་ལ་ཕོག་པའི་རྫབ་ཆེན་གི་ལས་ཀ་ཞིག་ཡིན་ན་ཚང་མས་དོ་སྣང་བྱ་འོས་པ་ཞིག་རེད། ཨོ་རྒྱན་ཉི་མས་དོན་དག་དེ་དངོས་ནས་གཙང་མ་བཟོ་འདོད་ཀྱི་སེམས་ཐག་བཅད་ཡོད་པ་ཡིན་ན་གོང་དུ་དྲ་གྲོགས་ཅིག་གིས་བཤད་པ་ལྟར་མཇེ་ཚོང་རྒྱག་མཁན་གྱི་སྤྲུལ་སྐུ་དེའི་པར་དང་ཁ་བྱང་གང་ཡིན་སོགས་དྲ་ཐོག་ལ་ངོ་སྤྲོད་གནང་ཐུབ་ན་༼ ཐོས་པ་བརྒྱ་ལས་མཐོང་བ་གཅིག་བཟང་༽ཟེར་སྲོལ་ཡོད་པ་ལྟར་ཁྱེད་ཀྱི་རེ་འདོད་བཞིན་ཕན་ནུས་གང་འཚམ་འདོན་ཐུབ་པ་རེད། དེ་མིན་ས་སྟོང་ལ་བོའུ་སྟོང་བརྒྱབ་པ་དང་ཆ་ཡིན།

  23. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-23 at 10:59 am

    ངས་བོད་ལ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཀློག་པ་ནས་བཟུང་། རང་གི་བློ་ལ་བསྒོམ་ཕྱིར་གཤམ་གསལ་ཚིག་རྐང་གཉིས་པོ་དེ་ཡིད་ལ་འབྱར་ནས་འདུག དེ་ནི།
    གཞན་སྐྱོན་རི་བོ་བཞིན་དུ་མངོན་པར་གསལ།
    རང་སྐྱོན་རྡུལ་ཕྲན་བཞིན་དུ་རྟོགས་པར་དཀའ།།
    ཁ་བརྡའི་འབྲི་བ་པོ་རྣམས་ཀྱི་དག་ཆ་ལེགས་པར་འགྲོ་བཞིན་པར་དགའ། དེ་ཙམ་ལགས་སོ།།

  24. རྨུ་ཐག་གི་བུ་རྒྱུད། says:
    2012-09-23 at 12:07 pm

    ཟླ་འགའི་སྔོན་ལ་ངོ་དེབ་ཐོག་ཏུ་པར་ཅིག་ཁྱབ་བསྒྲགས་ཆེན་པོ་བྱུང་བ་རེད། དེ་ཡང་མཇེ་ཚོང་རྒྱག་མཁན་ཞིག་གི་པར་རེད། མི་དེ་སུ་ཡིན་རྩོམ་ཡིག་འདི་འབྲི་བ་པོ་ལས་ལྷག་པའི་གསལ་ཆ་ཅན་ཞིག་མེད་ཚོད་རེད། ཁོང་གི་སྐད་ཆ་འདི་ཚོ་ཉམས་མྱོང་གཞི་ལ་བཞག་པའི་སྐད་ཆ་རེད་ཡ། ཧ་ཧ་ཧ།

  25. བཙན་བྱོལ་བ་ says:
    2012-09-23 at 2:48 pm

    སྐད་ཆ་ལ་རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད། འོན་ཀྱང་རང་དང་རང་གི་སྡེ་ཚན་ལ་དམར་རྗེན་སྐྱོན་བརྗོད་སྐབས། མཐོ་དམན་སུ་ཡིན་ན་ཡང་བཟོད་དཀའ།

  26. ཨོ་རྒྱན་ཉི་མ། says:
    2012-09-23 at 3:04 pm

    ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། ཧཧཧཧཧ

  27. མིའུ་ཕྲུག says:
    2012-09-23 at 5:11 pm

    སྐུ་ཚོང་རྒྱག་མཁན་དང་རྒྱ་དམར་ལ་འབྲེལ་བ་དམ་ཟབ་ཡོད་པའི་མི་སྣ་ཞིག་གིས་ཆོས་ཤེས་གྱི་བཀའ་བློན་ལ་བསླབ་བྱ་བྱེད་རྒྱུ་འདི་གད་མོའི་གནས་རེད། ཆོས་ཀྱི་གནད་དོན་ཧ་གོ་ན་དགོན་པའི་ནང་དུ་གཉེན་སྒྲིག་བྱེད་སྲིད་དམ། བོད་ལ་ཞེན་ཁོག་དང་ལ་རྒྱ་ཡོད་ན་རྒྱ་དམར་གྱི་མགྲོན་འབོད་བྱེད་སའི་མི་སྣ་ཞིག་ཏུ་ཆགས་སྲིད་དམ། ད་དུང་ཧམ་པ་ཆེན་པོས་རྐུན་མ་ཧམ་ཆེན་གྱི་ནོར་བདག་བཤེར་བ་བཞིན་སྤྲུན་བརྫུན་འདིས་བཤད་ཀྱིན་འདུག

  28. མུན་འཇོམས་ says:
    2012-09-23 at 5:52 pm

    ཀརྨ་ཡེ་ཤེས་ལགས་
    བོད་ནང་གི་དཔའ་བོ་དཔའ་མོ་དེ་དག་གིས་རང་མི་རིགས་ཀྱི་རང་དབང་དང་། ཞི་བདེ། ཁོར་ཡུག སྐད་ཡིག ཡ་རབས་སྲོལ་བཟང་མྱུར་སྐྱོབ་ཀྱི་ཆེད་དུ་བློས་གཏོང་འདི་ལྟ་བུ་གནང་བར་ཁྱེད་ནས་སྐྱོ་སྣང་སླེབས་རྒྱུ་ཕར་བཞག གུས་བརྩི་ཙམ་ཡང་མེད་པར་རང་ཤི་ཟེར་བའི་ཚིག་འདི་འདྲ་བེད་སྤྱོད་བཏང་བ་ནི་ལྷ་ཆོས་ཕར་བཞག་མི་ཆོས་ལ་བལྟས་ནའང་དེ་འདྲ་ཤོད་ཕོད་པ་དཔེ་རེད།
    ཆོས་འདུལ་བའི་བཅའ་ཁྲིམས་ནི་གང་ཟག་རང་གི་བསམ་བློ་བཏང་ནས་སྲུང་རྒྱུ་ལས་དེ་ལ་ཚོགས་པ་ཞིག་དང་། སྒེར་ངོས་ནས་བཅའ་ཁྲིམས་གསར་པ་བཟོ་དགོས་དོན་མེད། ཆོས་དོན་ལས་ཁུངས་ནས་བོད་ནང་གི་དཔའ་ངར་དེ་དག་ལ་དཔའ་བོ་དཔའ་མོ་བརྗོད་པ་ནི་བརྗོད་རིན་ཆོག་པ་ཞིག་རེད། དེ་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། ཆོས་དོན་ལས་ཁུངས་ནས་ཞོགས་དུང་དང་མའོ་རྩ་་ཆེན་བྱེད་མི་སྲིད། དེ་ནི་བློ་གཟུ་པོར་མ་གནས་པ་ཁྱེད་ཀྱི་རྨོངས་བསམ་རང་རེད། སྤྱི་ཚོགས་དང་སྒེར་དཀྲུགས་ཡག་གི་ལས་གཞི་དེ་དག་ཏོག་ཙམ་མཚམས་འཇོག་བྱས་ན་གང་འདྲ་འདུག ཀརྨ་ཡེ་ཤེས་ལགས།

  29. འཇམ་གཅེས says:
    2012-09-23 at 10:57 pm

    ནང་ཨོ་རྒྱན་ཉི་མ་ལགས། ག་དུས་ཡིན་ཡང་སྨྱུག་ཁ་ནང་དུ་ཕྱོགས་ནས་མ་འདུག་པར་ཕ་རོལ་པོའི་ཕྱོགས་སུ་གནས་ལུགས་ཡོད་པའི་རྒོལ་གཏམ་རེ་ཡིག་ཐོག་ཏུ་སྤེལ་དང་དེ་ནས་ཁྱོད་ཨ་མའི་བུ་ཞིག་ལ་ངོས་འཛིན་ཐོབ་ངེས་རེད། དེ་མིན་ནང་ཁུལ་དཀྲུགས་བྱེད་ཀྱི་ཡིག་ཉོག་རིགས་མ་སྤེལ་ན་བཟང་། འོན་ཀྱང་ཁྱོད་ལ་དེ་ལྟར་སྤེལ་དགོས་པའི་ལས་འགན་དམིགས་གསལ་ཅན་དེ་འདྲ་ཡོད་ན་གནས་ཚུལ་ཁ་ཁར་ལོས་ཡིན།

  30. yeshisamdup says:
    2012-09-24 at 3:46 am

    ཡག་པོ་བྲིས་འདུག་རྗེས་སུ་ཡིད་རང་ཡོད་།

  31. ཨོ་རྒྱན་ཉི་མ། says:
    2012-09-24 at 4:36 am

    ངས་སྨྱུག་ཁ་ནང་དུ་སྐོར་བ་དེ་ནང་ལ་རུལ་དྲི་ཁ་བ་དེ། སངས་བའི་ཆེད་དུཡིན། ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་ཟེར་བ་བཞིན། ནང་གི་ལུགས་གཉིས་བརྟན་པོ་མེད་པ་ཆགས་སོང་ན། ཕྱི་ལ་འཇིགས་རྔམ་བྱེད་ས་འགྲོ་བ་ཁག་པོ་རེད། ནང་ཆོས་ལུགས་དང་། ཆབ་སྲིད་གཉིས་ཀ་བརྟན་པོ་ཞིག་ཆགས་སོང་ན། གཟོད་ཕྱི་ལ་བཤད་ན་འགྲིགས་པར་འདོད། དེ་ཕྱིར་ངས་ནང་ལ་སེམས་འཁུར་གྱིས་བཤད་པ་ཡིན། ཕྱི་ལ་བཤད་མཁན་མང་མེད་ན་ཉུང་མི་འདུག་པས། ངས་བཤད་དགོས་ཚོད་མ་རེད་ལ། བཤད་འདོད་ཀྱང་མེད། བཤད་ནས་གྲུབ་འབྲས་ཐོན་པ་ཁག་པོ་རེད།

  32. འཇམ་གཅེས says:
    2012-09-24 at 4:43 am

    གོ་སྐབས་དམ་འཛིན་གྱི་ཐོག་ནས་བསམ་སྦྱོར་ངན་པའི་བྱ་ངན་རིགས་སྤེལ་བར་ཉེན་ཁ་ཤིན་ཏུ་ཆེ་བས་ཚང་མའི་ཡིད་གཟབ་དགོས་ཞེས་འདི་ལོར་༧སྐུའི་འཁྲུངས་སྐར་ཉིན་སྲིད་སྐྱོངས་མཁས་དབང་མི་རྗེ་བློ་བཟང་སེངྒེའི་གཞུང་འབྲེལ་བསྒྲགས་གཏམ་ཐོག་སྤེལ་ཡོད་པས་དགོས་པ་རྒྱུ་མཚན་ཆེན་པོར་ཞིག་གཟིགས་ནས་་སྤེལ་བར་ཐག་ཆོད་པའི་བོད་འབངས་སྐྱེ་བོ་ཀུན་གྱི་སྤྱང་གྲུང་ལྡན་པའི་རྣམ་དཔྱོད་བེད་སྤྱོད་གཏང་སྟེ། བྱ་སྤྱོད་ཐལ་ཤལ་རིགས་ལ་ངེས་པར་དུ་གདོང་ལེན་གནང་གལ་ཆེ། དཔེར་ན་རང་དོན་ཁོག་བཅངས་དང་། སྤྱི་དོན་ཁ་འཁྱེར་གྱི་སྐབས་འཚོ་བ་སུ་དང་གང་ཡིན་མིན་དབྱེ་འབྱེད་ཐུབ་དགོས།
    འོ་རེད ད་དུང་ཁ་གསལ་ཙམ་ཞུས་། ་གོ་སྐབས་དམ་འཛིན་ཞེས་པ་ནི་༧གོང་མཆོག་གིས་ཆབ་སྲིད་ཀྱིས་འགན་དབང་མི་མང་གིས་འོས་འདེམས་གནང་བས་འགོ་ཁྲིད་ལ་གནང་ཡོད་པས་སྐབས་འཚོ་བ་ཉུང་ཤས་ནས་སྤྱིར་་དོན་ཁ་འཁྱེར་དང་སྒེར་དོན་ཁོག་བཅངས་གི་བསམ་སྦྱོར་ངན་པའི་རིགས་སྤེལ་བ་ཉེན་ཁའི་རང་བཞིན་དུ་གནས་ཡོད། དཔེར་ན་རང་བཙན་དང་ལམ་དབུ་མ་སོགས་རང་གི་ལྟ་གྲུབ་ཡིན་ཁུལ་གྱིས་ཚོགས་པ་འདྲ་མིན་དང་མིང་འདྲ་མིན་བེད་བསྐྱེད་ཏེ་ཕྱོགས་རིས་གདོན་གྱིས་ཟིན་པའི་ཐལ་ཤལ་ཆེས་ཉུང་ཤས་ཀྱིས། སྤྱིར་དང་སྒེར། གཞུང་འབྲེལ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་དག་གི་ནང་དུ་མི་མངོན་པའི་ཚུལ་གྱི་འཁྲབ་བཞིན་ཡོད་པས་དེ་དག་ལ་གོ་དགོས།

  33. ཨོ་རྒྱན་ཉི་མ། says:
    2012-09-24 at 5:06 am

    ད་དུང་སྐྱོན་ཡོད་ཚད་གླེང་དགོས་དོན་མི་འདུག་ལ། གླེང་ཡང་ཕན་ཐོགས་མེད་པ་ཞིག་རེད། ཆོས་དང་། ཆབ་སྲིད་ཀྱི་ཁྲི་སྟེགས་ལ་འདུག་བཞིན་མི་རིགས་དང་། བསྟན་འགྲོ་ལ་བྱས་རྗེ་ཆེ་བ་ཚོར་སྐྱོན་ཕྲན་བུ་ཡོད་ཀྱང་ཐེར་འདོན་མི་བྱ་བར་ད་དུང་གསང་དགོས་པ་ནི་ལུགས་གཉིས་ཀྱི་སྲོག་དང་གཅིག་པ་རེད། དེ་མིན་ཡོན་ཏན་ལས་སྐྱོན་ཆེ་ཞིང་། བསྟན་པ་དང་། འགྲོ་བའི་གཤེད་མ་དེ་ཚོ་དུས་ནམ་ཡང་གོ་སྐབས་སྤྲོད་བཞག་ན་ནམ་ཞིག་བསྡུ་བསོག་རྒྱག་རྒྱུ་མེད་པ་ཞིག་ཏུ་འགྱུར་དུས་འགྱོད་ཀྱང་ཕྱི་སོང་བ་རེད། དེ་ཕྱིར་ད་ལྟ་ནས་ཐེར་འདོན་བྱ་དགོས་པར་འདོད།

  34. ཨ་ར་དཀར་པོ says:
    2012-09-24 at 6:01 am

    རེད་རེད། རྒྱབ་སྐྱོར་ཡོད། ཐེར་འདོན་དགོས་ངེས་རིགས་ཐེར་འདོན་བྱེད་དགོས་པ་རེད། དེ་ཡང་བསྟན་དང་འགྲོ་བའི་དོན་ཡིན་པ་སྨྲོས་མ་དགོས། འོན་ཀྱང་སྤོབས་པ་ཆེན་པོས་རེ་རེ་བཞིན་ནག་འདེད་མ་བྱས་པར་སྤྱི་བཤད་ཙམ་གྱིས་ནུས་པ་ཐོན་དཀའ་རྒྱུ་རེད། ལྷག་བསམ་རྣམ་དག་ཡིན་ན་མུ་མཐུད་ཤུགས་རྒྱོབ་དང་བདེན་དོན་ལ་སུས་ཀྱང་རྒྱབ་སྐྱོར་བྱ་ངེས་ལ་བདེན་པ་ནམ་ཡང་རྒྱལ་ངེས་རེད།

  35. པདྨ says:
    2012-09-24 at 8:30 am

    ཨོ་རྒྱན་ཉི་མས་བཤད་པ་དེ་གལ་ཏེ་བདེན་སྲིད་ན་བླ་སྤྲུལ་ཟེར་བའི་སྤྱི་སྐྱོན་ཙམ་མིན་པར་གང་ཟག་སྒེར་གྱི་མིང་དང་། ཆོས་བརྒྱུད། དགོན་པ་སོགས་བླ་རྫུན་དེའི་དཔར་དང་མིང་ཡུལ་དག་གསལ་བོ་བཤད་མ་ཐུབ་ཚེ། ཁྱོད་རང་གིས་བྱས་པ་ཞིག་གཞན་མགོ་ལ་སྐོར་བ་ལས་གཞན་གསལ་ཁ་མི་འདུག དངོས་ནས་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་པ་ལ་བསམ་པ་དཀར་པ་ཡིན་ན་སུ་ཡིན་ད་ལྟ་ནས་མཛུབ་མོ་ཚུགས་ཤིག ཤོད་དང་། དེ་མིན་ཁྱོད་དང་ཁྱོད་ཀྱི་བླ་མ་ཚོ་ཡིན་རྟགས་ཡིན་གདའ།

  36. བཙན་པོའི་བུ། says:
    2012-09-24 at 10:37 am

    ཁོང་གིས་བྲིས་པའི་རྩོམ་འདིར་རྒྱུ་མཚན་ངེས་ཅན་འདུག ད་ལྟའི་རང་རེའི་སྤྱི་ཚོགས་ནང་རང་ཉིད་ཀྱི་ཁེ་ཕན་ཆེད་ག་རེ་ཡིན་ཡང་བློས་གཏོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག ཁེ་ཕན་དེའི་ཆེད་དུ་མི་རིགས་ཀྱི་ཞབས་ནས་འདྲེན་མཁན་སེར་མོ་བའི་ནའ་བཟའ་གྱོན་མཁན་གཅིག་པོ་མིན་པར་བོད་ཀྱི་རིག་གཞུང་གི་གདོང་འབག་མཐུག་པོ་གྱོན་ནས་ཁྲམ་གཞི་འཁྲབ་མཁན་ཡང་གང་སར་ཇེ་མང་དུ་འགྲོ་བཞིན་ཡོད། མི་དེ་རིགས་ཀྱི་བྱ་སྤྱོད་དེས་བོད་མི་རིགས་ཀྱི་རིག་གཞུང་དར་སྤེལ་ལས་ཟློག་ཏེ་མི་རིགས་ཀྱི་རིག་གཞུང་གི་སྙིང་རྩ་གཅོད་པའི་ཉེན་ཁ་ཡོད་པས་ང་ཆོས་ངེས་པར་དུ་ཟབ་དགོས་སོ།

  37. གཡུ་བྲག་པ says:
    2012-09-24 at 11:31 am

    སྤྲུལ་ཉིས་བཤད་པ་དངོས་བདེན་རེད། ཁྱེད་ཀྱིས་སྤྱི་བཤད་རེ་བྱས་ནས་ཅིག་ཅིག་ཉུག་ཉུག་ཟེར་བ་ལས། རྫུན་རྐྱལ་དེ་ཚོ་རེ་རེ་བཞིན་དྲ་ཚིགས་སོགས་སུ་བཀོད་དང་། གང་འདྲ་རེད་ལྟ་ཆོག བློ་ཁོག་ཡོད་ན་ཡོད་ཡག་བྱོས།

  38. གཡུ་འབྲུག་དཀར་པོ། says:
    2012-09-24 at 1:21 pm

    འདིར་ཁ་ཤས་ཀྱིས་རང་ཉིད་ལ་སྐྱོན་ཡོད་བཞིན་དུ་གཞན་ལ་སྐྱོན་བཤད་བཏང་བ་དེ་མི་ལེགས་ཚུལ་གསུངས། ངས་བལྟས་ན་དེ་ནི་མི་འཚམས་པར་སེམས། དེ་ལྟར་ན་འཛམ་གླིང་གོ་ལའི་སྟེང་དུ་སྐྱོན་མེད་པའི་མི་ཞིག་ཡོད་མི་སྲིད་དེ། འཛེར་མེད་དྲང་པོར་སྐྱེས་པའི་ཤིང་དཀོན། རྣོ་མཉེན་ངར་དང་ལྡན་པའི་ལྕགས་དཀོན། སྐྱོན་མེད་ཡོན་ཏན་ལྡན་པའི་མི་དཀོན། ཞེས་གསུངས་པ་ལྟར་ཡིན་དུས་ཙ་ན། ཕན་ཚུན་སུ་ཞིག་གིས་སུ་ལ་ཡང་སྐྱོན་བརྗོད་བྱེད་མི་རུང་བར་ཆགས་ཉེན་ཡོད། དེ་ལྟར་ཆགས་སོང་ན་སྐྱོན་ཅན་གྱི་གང་ཟག་རྣམས་ནམ་ཡང་ཡོ་བསྲང་བྱེད་པའི་གོ་སྐབས་མི་རྙེད། དེས་ན་གང་ཟག་སུ་ཞིག་ཡིན་རུང་གང་ཟག་གཞན་གྱི་རྒྱུད་ལ་སྐྱོན་ཞིག་མཐོང་ན་སྐྱོན་དེས་སྤྱི་ཚོགས་ལ་གནོད་ཉེན་ལ་ལེགས་པར་བསམ་གཞིགས་གནང་སྟེ་བཤད་པ་ནི་ཆེས་འོས་ཤིང་རིགས་པའོ། །དཔེར་ན་རང་གི་ངོ་གདོང་ལ་ནག་རིས་ཤིག་ཡོད་ན་དེ་ནི་མེ་ལོང་ལ་མ་བརྟེན་པར་རང་གིས་མཐོང་མི་ནུས་པ་བཞིན་རང་གི་སྐྱོན་གཞན་ལ་མ་བརྟེན་པར་རང་གིས་རིག་མི་ནུས། སྐྱོན་དེ་རང་གིས་མ་རིག་དུས་སྤང་མི་ནུས། དེས་ན་གཞན་གྱིས་རང་ལ་སྐྱོན་བརྗོད་གནང་བ་ནི་ཆེས་ལེགས་པ་ཡིན་ནོ། །དེ་བཞིན་རང་གིས་ཀྱང་གཞན་གྱི་སྐྱོན་རིག་དུས་ཕན་སེམས་ཀྱིས་བཤད་པ་ནི་དགེ་བ་ཉིད་དུ་རིག་གོ།

  39. མཐར་ཕྱིན། says:
    2012-09-25 at 12:53 am

    སྤྱིར་ང་ཚོའི་བཙན་བྱོལ་ནང་དུ་ཤེས་ཡོན་ཆེན་པོ་ཡོད་མཁན་ཉུང་ཉུང་ཡིན་པ་དང་
    ཤེས་ཡོན་འོ་ཙམ་ཡོད་དུས་ཆེ་ཆུང་མཐོ་དམན་མེད་པར་དགག་པ་རྒྱབ་མགོ་རྩམ་པ་དེ་ལེགས་པོ་ཞིག་གཏན་ནས་མ་རེད་སྙམ།
    ངས་ལྟོས་ན་སྒར་ཚུགས་མེད་པའི་རྐྱེན་རེད་དྲན་གྱི་འདུག ཐམས་ཅད་ཀྱིས་གང་དྲན་དྲན་གྱི་སྐད་ཆ་དེ་དག་སྤྱི་ཚོགས་བསྒྲགས་ན་ཡག་པོ་མ་རེད། ཤེས་མེད་ཚོས་ཤེས་ཚད་འོ་ཙམ་པ་དག་ཁ་མིག་ཡར་ལྟ་བྱས་ནས་སྐད་ཆ་ཁུངས་མེད་བཤད་མཁན་མང་དུ་འགྲོ་བཞིན་འདུག དགོན་སྡེ་ཁག་དང་དེ་བཞིན་སློབ་གྲྭ་ཁག་གང་སར་དུ། དེ་འདྲ་མ་གནང་ན་ཡག་པོ་རེད་བསམ་བྱུང་།

  40. ཨོ་རྒྱན་ཉི་མ། says:
    2012-09-25 at 3:16 am

    ཁྱེད་ཚོ་འགའ་ཞིག་གིས་ང་ལ་སྐྱོན་ཆེན་པོ་ཞིག་ཡོད་མདོག་སྟོན་གྱིན་འདུག་མོད། ངའི་སྐྱོན་གང་ཐོས། གང་ཤེས་ཁྱེད་ཅག་གིས་བརྗོད་ན་ཆོག

  41. ཨོ་རྒྱན་ཉི་མ། says:
    2012-09-25 at 3:28 am

    ད་དུང་འགའ་ཞིག་གིས་ཆོས་བརྒྱུད་དང་། གང་ཟག་སྒེར་སུ་ཡིན་ན་མིང་འབོད་ཤོག་ཟེར། དེ་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་བཅས་པའི་མང་ཉུང་ཙམ་ལས་ཚང་མ་ཡོད་པ་ཞིག་རེད། འདི་དག་བསྒྱུར་བཅོས་གཏོང་བ་དེ་ནང་པའི་རྗེས་འཇུག་པ་ཡོངས་ལ་ལས་འགན་དེ་ཡོད་ཀྱང་། གཙོ་བོ་བོད་ཀྱི་བླ་ཆེན་ཚོ་ལ་ཡོད་ངེས་ཤིག་རེད། ཡིན་ན་བླ་ཆེན་ཚོས་རང་ལ་འཁོར་སློབ་མ་རྒྱས། དཀོར་གྱི་འདུ་བ་མཚམས་མ་ཆད་ན། སློབ་མ་སྐྱོང་སྟངས་ལ་བསམ་བློ་རྩ་བ་ནས་གཏོང་གི་མི་འདུག དཔེར་ན་བླ་ཆེན་ཚོའི་མདུན་གྱི་གཉེར་བ་དང་། ཕྱག་མཛོད་དང་། དེ་དག་གི་འཁོར་ལ་གཅིག་ལྟོས་དང་ཤེས་ངེས་རེད། བསྟན་པ་ཡུན་དུ་གནས་མི་གནས་ཟེར་བ་དེ་སློབ་མ་སྐྱོང་སྟངས་ལ་རག་ལས་པ་དང་། སློབ་མ་ཁྲམ་པ་རྐྱང་རྐྱང་ལ་གོ་སྐབས་སྤྲད་བཞག་ན་ནམ་ཞིག་བསྟན་པ་ཉམས་ངེས་རེད། རྒྱའི་ཡུལ་གྲུ་ཁག་ཏུ་གཡོ་སྒྱུས་མགོ་བསྐོར་གཏོང་མཁན་ཚོར་བླ་ཆེན་ཚོས་ངོས་ལེན་དམིགས་བསལ་དང་། གོ་ས་དམིགས་བསལ་ཞིག་སྤྲོད་བཞིན་པ་འདིས་ཀྱང་བླ་ཆེན་རང་ཉིད་གང་ཞིག་ལ་དགའ་བ་དང་། ངོ་བོ་གང་འདྲ་ཞིག་ཡིན་མིན་ཤེས་ནུས། ཁོག་ན་གང་ཡང་མེད་པའི་བླ་རྫུན། སྤྲུལ་རྫུན། མཁན་རྫུན། དགེ་བཤེས་རྫུན་མ་ཚོས། མཁན་ཞུ་དང་། པཎ་ཞུ། ཨོ་རྒྱན་པད་ཞུ། རིག་འཛིན་སྲོག་ཞུ། དྭགས་ཞུ་སོགས་རྫིག་རྫིག་རྔམ་རྔམ་གྱིས་གོན་བཞིན་པ་འདི་ནི་མགོ་མཇུག་མེད་པ་དང་། བསྒྲིགས་ཁྲིམས་མེད་པའི་རྟགས་དང་པོ་དེ་རེད། བྱ་བ་འདྲ་མིན་བྱེད་བསྡད་མཁན་ཕལ་ཆེ་བ་དེ་ཚོ་བོད་ནས་ཚོང་པ་དང་། ཤན་པ། མི་བསད། མི་གྲལ་དུ་མེད་མཁན་ཚོ་རྒྱ་གར་ལ་ཡོང་། གོང་ས་མཆོག་མན་ཆོད་དབུ་བསྐོར་བཏང་། མིང་རྫུན་མ་ཞིག་རག་དུས། ཞྭ་གོས་ལྷམ་གསུམ་བཟོ་བའི་འགྲམ་ནས་ཉོས། རྒྱའི་ཡུལ་གྲུ་ཁག་ཏུ་སོང་སྟེ་བསྟན་པ་ཡོད་ཚད་ཀྱི་བདག་པོ་ཁོ་རང་ཡིན་མདོག་བྱེད། ཁོ་དང་འགལ་སོང་ན་བླ་མ་གོང་མ་ཡོད་ཚད་དང་འགལ་བར་མ་ཟད། བྱིན་བརླབས་སྣ་གཅིག་ཀྱང་མི་འཇུག་ཚུལ། ལུང་རྫུན་རྐྱང་རྐྱང་སྒྲོག་བཞིན་པ་རེད།

  42. འཇམ་གཅེས says:
    2012-09-25 at 6:16 am

    ད་ཡིན་ན་དཀྲུགས་ཤོག་ཐུག་པ་དཀྲུགས་པ་ལྟར་དཀྲུགས་ཤོག་དང་དཀྲུག་སྙིང་ནི་འདོདགྱི་ཡོད་པ་འདྲ། དཀྲུགས་ཡ་ནི་འགོ་འཛུགས་ཚར་སོང་།

  43. ཨོ་རྒྱན་ཉི་མ། says:
    2012-09-25 at 6:21 am

    ཡ་རབ་གོང་དུ་བསྟོད་པ་དང་། མ་རབ་ཐུར་དུ་འདྲིད་པ་དཀྲུག་ཅེས་ཐ་སྙད་འདོགས་ན། རང་ཉིད་མ་རབ་ཡིན་པའི་རྟགས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme