Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་བ།

Posted on 2012-09-21 By ཁ་བརྡ་ 3 Comments on སྤེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་བ།

གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

ཁ་སང་ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་སྤེལ་ལྗམ་རྒྱལ་ས་སྦར་སིལ་གྱི་ཡོ་རོབ་མཉམ་འབྲེལ་ལྷན་ཁང་མདུན་ཐང་དང་ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་མདུན་ཐང་གཉིས་སུ་སྤེལ་ཡོད་ལ། ཉིན་དེའི་ཞོགས་པ་ཆུ་ཚོད་༡༠ པའི་སྟེང་བོད་མི་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་༢༠༠ ལྷག་ཡོ་རོབ་མཉམ་འབྲེལ་ལྷན་ཁང་གི་ལས་ཁུངས་ཨ་མའི་མདུན་ཐང་དུ་འདུ་འཛོམས་བྱུང་མཚམས་ལས་འགུལ་མགོ་འཛུགས་གནང་ཡོད་པ་དང་། ཐོག་མར་བོད་དོན་ཆེད་རང་སྲོག་བློས་གཏོང་བའི་དཔའ་བོ་དཔའ་མོ་དང་རྒྱ་ནག་གི་གདུག་རྩུབ་སྲིད་ཇུས་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམ་པར་གདུང་སེམས་མཉམ་བསྐྱེད་ཆེད་སྐར་གཅིག་རིང་མྱ་ངན་ངག་བཅད་ཞུས་བ་དང་། དེ་ནས་བོད་མི་ཚོས་བདེན་ཚིག་སྨོན་ལམ་དང་མི་མང་ལངས་གླུ་གྱེར། སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་དང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྤར་སིལ་ཡན་ལག་ལས་ཁང་འགན་འཛིན་བན་སི་ཏི་མེས་ཊལ། རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ཀྲང་ལགས། ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སྐུ་ཞབས་བློ་བཟང་ཉི་མ་ལགས། ས་གནས་གཞོན་ནུ་དང་བོད་རིགས་ཚོགས་པའི་སྐུ་ཚབ་བཅས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་གྲུབ་རྗེས། མི་མང་ཚང་མ་བང་བསྒྲིགས་ཏེ་འབོད་ཚིག་སྣ་ཚོགས་སྒྲོགས་བཞིན་ཆུ་ཚོད་གཅིག་རིང་སྲང་ལམ་སྟེང་གོམ་བགྲོད་ཀྱིས་བསྐྱོད་ཡོད་པ་དང་། མཐར་ཡོ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་མདུན་ཐང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་བོད་རྒྱལ་ལོའི་ཞེས་བའི་ཁ་གཡང་སྒྲོགས་ཏེ་ལས་འགུལ་མཇུག་སྒྲིལ་ཡོད་འདུག ཉིན་རྒྱབ་ལ་བདེན་པའི་མེ་ལྕེ་དེ་སྤེལ་ལྗམ་ས་གནས་Huy དང་དེར་ཡོད་པའི་ཡོན་ཏན་གླིང་ཆོས་ཚོགས་སུ་སྐོར་བསྐྱོད་བྱས་ཡོད་འདུག
ཉིན་དེར་རྒྱ་ནག་གི་སྲིད་བློན་ཝུན་ཅྰ་པོ་ཡང་ཡོ་རོབ་མཉམ་འབྲེལ་ལྷན་ཁང་གི་ལས་ཁུངས་སུ་འབྱོར་ཡོད་པ་དང་། རྒྱ་ནག་དང་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དབར་གྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐེངས་༡༥ བ་འཚོགས་བཞིན་ཡོད་འདུག ཉིན་བཞིའི་རིང་སྤེལ་ལྗམ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཁ་སང་མཇུག་བསྡུས་ཡོད་པ་དང་། དེ་རིང་ལེགས་སིན་བྷོར་རྒྱལ་ཁབ་ཏུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

གསར་འགྱུར།

Post navigation

Previous Post: སྙན་དངགས་བཏུས་མ་སྙིམ་པའི་མེ་ཏོག
Next Post: ཞི་མི་་་ངས་ད་དུང་ཡང་ཁྱོད་རང་དྲན།

Comments (3) on “སྤེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ་བ།”

  1. རྒྱ་གར་རྨ་བྱ། says:
    2012-09-22 at 2:56 am

    ཡག་པོ་རེེད། དཔེ་ཡག་པོ་རེད། བོད་པ་དེར་ཡོད་ཚང་མས་མ་འོངས་བོད་མིའི་གནས་ཚང་བདེ་འཇགས་ཡོང་བར་བསམ་བློ་ཕུགས་རྒྱང་རིང་པོ་དགོས། བཀྲིས་བདེ་ལེགས།

  2. ཀརྨ་བསྟན་འཛིན་ says:
    2012-09-22 at 3:57 am

    ཁ་བརྡ་ཚང་ནི་དགོས་དུས་ཆད་།མི་དགོས་དུས་ལྷག་ཟེར་བའི་དཔེར་ལྟར་་།དབུས་བོད་མིའི་སྒྲིགས་འཛུགས་དང་འབྲེལ་བ་ཡོད་པའི་གསལ་འགྱུར་གལ་ཆེན་ཁག་མཐོང་ལམ་དུ་གཏན་ནས་མེད་། དེ་ལས་ལྡོག་ཏེ་གཞུང་དང་སྲིད་སྐྱོང་བ་མཆོག་བཅས་ལ་མ་ཉེས་ཁ་གཡོག་རེ་ཡོད་ཚེ་དེ་མ་ཐག་དབྱེར་ཞིབ་གང་ཡང་མེད་པར་བཀོད་ཀྱི་ཡོད་ངོ་མ་སེམས་སྐོྱ་ནི་ཞིག་རེད་།

  3. གནམ says:
    2012-09-23 at 3:29 am

    ཡོ་རོབ་མཉམ་འབྲེལ་ལྷན་ཁང་གི་ལས་ཁུངས་ཨ་མའི་མདུན་ཐང་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལསའགུལ་བདེན་པའི་མེ་ལྕེ་སྐོར་འདུག་ལས་འགུལ་ལ་སྒྱུར་ན་དོན་དང་གནས་བ་ཞིག་རེད་ལ་འཇུག་འབྲས་ཡང་ཆེན་པོ་ཞིག་རེག་ཚོད་རེད། དེ་མིན་་་་་་་་་་་། གང་ལྟར་ལམ་སྟོན་ཙམ་ཡིན། མི་བདེན་གི་བསམ་ན་གཡུག་བཞག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme