Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁབ་གཙགས་རི་མོས་བོད་དོན་འཐབ་རྩོད།

Posted on 2012-09-192012-09-19 By ཁ་བརྡ་ 19 Comments on ཁབ་གཙགས་རི་མོས་བོད་དོན་འཐབ་རྩོད།

བཅར་འདྲི་བྱེད་མཁན་རྨེའུ་དཀོན་རྒྱམ།
(སྒྱུ་རྩལ་བ་རྟ་མགྲིན་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༠༩ ཚེས་ ༡༨ ཉིན་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱིས་རང་ལུས་མེར་སྲེག་བཏང་བའི་སྣང་བརྙན་དེ་ངག་དབང་ཉི་མའི་རྒྱབ་ཏུ་ཁབ་གཙགས་རི་མོ་བྲིས་པའི་གནས་ཚུལ་གྱི་སྐོར་ལ་བཅར་འདྲི་ཞིག)

དྲི་བ། ཁྱེད་རང་གིས་གང་འདྲ་བྱས་ནས་ཁབ་གཙགས་རི་མོ་འདི་ལྟ་བུ་ཞིག་འབྲི་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ལན། ངག་དབང་ཉི་མས། “ངའི་མིང་ལ་ངག་དབང་ཉི་མ་ལབ་ཀི་ཡོད། ང་རང་བལ་ཡུལ་བྷོག་ར་བྱམས་པ་གླིང་གཞིས་ཆགས་ནས་ཡིན། ང་རང་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས། བོད་དོན་ལས་འགུལ་སྤེལ་དགོས་པ་ནི། སྤྱིར་བཏང་གི་འགན་འཁྲི་ཞིག་རེད། དེ་འདྲ་ཡིན་དུས། དེ་རིང་། ངའི་རྒྱབ་ཏུ་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྣང་བརྙན་ཁབ་གཙགས་རི་མོ་ཞིག་བྲིས་ཡོད། འདི་ལྟར་འབྲི་དགོས་པ་ལ་རྒྱུ་མཚན་ཁ་ཤས་ཡོད། གཅིག་ནས། དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་རྒྱལ་གཅེས་སྙིང་སྟོབས་ལ་དྲན་རྟེན་དང་། གཉིས་ནས། ང་རང་བོད་ཀྱི་འཐབ་རྩོད་པ་ཞིག་ཡིན་པ་མི་བརྗེད་པའི་ཆེད་ཡིན། གསུམ་ནས། ཁབ་གཙགས་རི་མོ་ལྟ་བུ་ཞིག་ཡིན་ན། མི་ཞིག་གི་མི་ཚེའི་མཇུག་མ་རྫོགས་བར་དུ་གསུབ་ཐབས་མེད་པ་ཡིན་དུས། ལས་འགུལ་འདི། ངའི་མི་ཚེའི་གྲིབ་གཟུགས་དང་མཉམ་དུ་འགྲོགས་ཡོད་པ་རེད། བཞི་ནས། ང་རང་རྐང་རྩེད་སྤོ་ལོ་རྩེ་རྒྱུ་དགའ་བོ་ཞེ་དྲག་ཡོད་པ་མ་ཟད། རྩེད་མཁན་ཞིག་ཀྱང་ཡིན། དེ་འདྲ་ཡིན་དུས། མ་འོངས་པར་རྒྱལ་ཡུམ་རྐང་རྩེད་འགྲན་བསྡུར་ནང་འཛུལ་ཞུགས་བྱེད་རྒྱུ་མ་ཟད། ཨེ་ཤ་ཡ་དང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་འགྲན་ནང་ཞུགས་ཐུབ་སོང་ན། སྐབས་དེར། ངའི་རྒྱབ་གཟུགས་ཀྱི་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྣང་བརྙན་འདི། ཁྱབ་བསྒྲགས་ངེས་པར་དུ་བྱེད་རྒྱུ་ཡིན། སྐབས་དེར། ཁྲིམས་འགལ་ལ་བརྩིས་ནས་ཕྱིར་ཕུད་བཏང་རུང་འགྱོད་པ་རྩ་བ་ནས་མེད། ལྔ་ནས། ང་རང་བོད་ཀྱི་གཞོན་སྐྱེས་ཤིག་ཡིན་དུས། ལས་འགུལ་སྤེལ་སྟངས་ཀྱང་ཁ་ཕྱོགས་ཡོད་པ་ཞིག་དགོས་པ་ཡིན་དུས། ཁབ་གཙགས་རི་མོའི་ལམ་ནས་འཐབ་རྩོད་བྱེད་སྟངས་ཤིག་བདམས་པ་ཡིན།”
དྲི་བ། ཁྱེད་རང་གིས་རིན་མེད་དུ་ཁབ་གཙགས་རི་མོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། སྒྱུ་རྩལ་བ་རྟ་མགྲིན་གྱིས། “༢༠༠༨ ་ནས་བཟུང་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་ཞིག་ཡིན་ན། རིན་མེད་དུ་བྲིས་པ་ཡིན་མོད། རྗེས་སུ་བོད་དོན་མི་ཤེས་མཁན་དང་ཁབ་གཙགས་རི་མོ་ལ་དགའ་མཁན་མང་པོ་སླེབས་སོང་། དེ་འདྲ་ཡིན་དུས། ༢༠༡༠ ་ནས་བོད་དོན་དང་འབྲེལ་བའི་ཁབ་གཙགས་རི་མོ་ཞིག་འབྲི་རྒྱུ་ཡིན་ན། དང་པོ། བོད་དོན་སྐོར་གང་འདྲ་བྱས་ནས་ཤེས་པ་དང་། གཉིས་པ། བོད་དོན་སྐོར་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན། གསུམ་པ། གང་འདྲ་ཞིག་བྱས་ནས་བོད་དོན་སྐོར་འདི་ཁྱབ་བསྒྲགས་བྱེད་རྩིས་ཡོད་ཅེས་སོགས་དྲི་བ་བཏང་ནས། དྲིས་ལན་དེ་ཚོ་ཏག་ཏག་ཅིག་ཐེབས་སོང་ན། གཞི་ནས་ཁབ་གཙགས་རི་མོའི་ཆེ་ཆུང་ལ་མ་ལྟོས་པར་རིན་མེད་ཀྱི་ལམ་ནས་གང་འདོད་འདོད་དུ་འབྲི་གི་ཡོད།”
དྲི་བ། ངག་དབང་ཉི་མའི་རྒྱབ་ཏུ་དཔའ་བོ་འཇམ་དཔལ་ཡེ་ཤེས་སྣང་བརྙན་ཁབ་གཙགས་རི་མོ་འབྲི་དུས་ཚོར་སྣང་ག་རེ་བྱུང་སོང་།
ལན། སྒྱུ་རྩལ་བ་རྟ་མགྲིན་གྱིས། “ཁ་སང་། ངས་ངག་དབང་ཉི་མའི་རྒྱབ་ཏུ་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྣང་བརྙན་ཁབ་གཙགས་རི་མོ་ཞིག་བྲིས་པ་ཡིན། སྐབས་དེར། ངག་དབང་ཉི་མ་གཞོན་སྐྱེས་སེམས་ཤུགས་ཅན་ཞིག་ཡིན་པ། བོད་དོན་འཐབ་རྩོད་ལག་ལེན་དུ་བསྟར་མཁན་ཞིག ད་རུང་། ཁབ་གཙགས་རི་མོ་འབྲི་བཞིན་པའི་སྐབས་སུ། ཁོ་རང་ཟེར་ན། ན་ཟུག་ཤུགས་ཆེན་པོ་གཏོང་གིན་འདུག་ཟེར། ཡིན་རུང་། ཁོ་རང་གིས་ཟེར་ན། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་སྲེག་གཏོང་བའི་སྐབས་ཀྱི་ན་ཟུག་ལ་བསམ་བློ་གཏོང་དུས། ཁོ་རང་གི་ན་ཟུག་དེ་ཅི་ཡང་མ་རེད་ཟེར། དེ་དུས། ངའི་སེམས་སུ། ཁོ་རང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བློས་གཏོང་དང་ཆོད་སེམས་ལ་ངོས་འཛིན་གསལ་བོ་ཡོད་པ་ཤེས་སོང་།”

བཅར་འདྲི།

Post navigation

Previous Post: བོད་ནས་ཡོང་བའི་སློབ་མ་དང་གྲྭ་བཙུན་ཉུང་དུ་སོང་བའི་རྒྱུ་མཚན།
Next Post: རྨི་ལམ་ནང་གི་སྒྲུང་།༼དང་པོ།༽

Comments (19) on “ཁབ་གཙགས་རི་མོས་བོད་དོན་འཐབ་རྩོད།”

  1. གཅེན་པོ། says:
    2012-09-19 at 2:07 pm

    བོད་དོན་ལས་འགུལ་འདྲ་མིན་ཐོག་ནས་སྤེལ་བར་བཀའ་དྲིན་ཆེ།

  2. བསེ་རུ། says:
    2012-09-19 at 2:07 pm

    འདི་ན་ཡང་གསར་གཏོད་ཀྱི་ལམ་ནས་བོད་དོན་ལས་འགུལ་སྤེལ་ཐབས་ཤིག འདི་ནི་སྒྱུ་རྩལ་བ་ཞིག་གི་ངོས་ནས་བཤད་ན། ཆེས་རིན་ཐང་ལྡན་པའི་བྱ་འགུལ་ཞིག་རེད་ལ་མི་རིགས་ཤིག་གི་ངོས་ནས་བཤད་ན། འདི་ནི་རང་ཉིད་ཀྱིས་འདོད་དོན་སྒྲུབ་ཐབས་ཀྱི་ཐབས་ལམ་དམིགས་བསལ་བ་ཞིག་ཀྱང་རེད།

    ང་ལ་མཚོན་ན། ཁབ་བཙགས་རི་མོའམ་ཡི་གེ་བཙགས་དོན་དེ་གསར་པ་གསར་པ་ཞིག་མིན།
    དེ་སྔོན་ང་ཚོ་ཆབ་སྲིད་བཙོན་པ་མང་པོ་ཞིག་གི་ལག་པ་དང་། དཔུང་པ་གཡས་གཡོན། བྲང་ཁོག་སོགས་སུ་ཟེར་བ་སོགས་མི་གཅིག་གི་གཟུགས་པོའི་སྟེང་དུ་འབྲི་སྲོལ་ཡོད་ལ། ཡང་ན། བོད་རང་དབང་ལྟ་བུ་མི་གསུམ་གྱི་ལག་པར་ཚེག་ཁྱིམ་རེ་རེ་བྲིས་ཏེ་ལག་པོ་གསུམ་ཚུར་རུབ་དུས་ལྟ་བུ་གྲུབ་ཡོང་བ་དེ་འདྲ་ཡང་གང་འཚམ་དར་སྲོལ་བྱུང་བ་རེད། ངའི་ལག་པར་ཡང་ད་ལྟ་ཞེས་པའི་ཚིག་དེ་ཡོད། འདི་ནི་རང་མི་རིགས་ལ་བཅངས་པའི་བརྩེ་སེམས་རྣལ་མ་ཞིག་ཡིན་ཁུལ་རེད་ལ། བཙོན་པ་ཚོའི་སེམས་ཀྱི་ན་ཟུག་སེམས་ཁོང་ནས་ཕྱིར་འདོན་པའི་ཐབས་ལམ་ཞིག་ཀྱང་རེད། དེང་སྐབས་ཀྱི་སྐད་ཆ་བཤད་ན་བོད་དོན་སྒྲུབ་སྟངས་ཤིག་ཀྱང་རེད་དོ།།

    ཁྱེད་གཉིས་ཀར་བཀའ་དྲིན་ཆེ་ཞུ་འདོད་བྱུང་ལ། བཅར་འདྲི་བས་འདི་ལྟ་བུར་ཐུགས་སྣང་གནང་སྟེ་འདིར་བཀོད་པར་ཡི་རངས་ཞུ།།

  3. གནམ་གྱི་བུ། says:
    2012-09-19 at 2:10 pm

    དངོས་གནས་ སེམས་ཤུགས་ཤིག་རེད།
    རྗེས་སུ་ཡི་རངས་ད་ཁ་ནས་ལབ་པ་རེད་དེ། སེམས་ནང་གི་ཚོར་བ་ཞིག་དང་བསྡོངས་ནས་ཁ་ནང་ནས་ཐོན་པའི་ཚིག་ཅིག་རེད། མི་ཚད་ཁོང་རྣམ་གཉིས་ལ་ཆོད་སེམས་ཆེན་པོ་འདུག་ འདི་ཡང་ཧ་ལས་པ་ཞིག་རེད།
    ངག་དབང་ཉི་མའི་བསམ་དེ་ཡང་དེ་བཞིན་དུ་འགྲུབ་པར་ཤོག་་ཟེར་སྨོན་ལམ་ཡང་རྒྱག་གི་ཡོད། ཁོང་ངོ་ནས་ལ་རྒྱ་དང་སྤོབས་དང་ལྡན་པའི་བོད་རིགས་གཞོན་ནུ་དཔའ་བོ་ཞིག་རེད་འདུག

  4. ཐོར་རྒོད་པ་སྤྱན་ཆབ། says:
    2012-09-19 at 2:16 pm

    སྤྱིར་བཏང་བྱ་བྱེད་ལས་གསུམ་པོ་ངོ་མ་ཡག་གི་བསམ་སོང་། དཀའ་དྲིན་ཡོད། ཡིན་ན་ཡང་། འདི་གའི་ཁ་སྐད་ཡིག་ཐོག་དུ་སླེབས་ཡོང་གིན་པ་སྐོར་ཞིག་ནམ་ཞར་ལ་ཡིད་ཀྱི་ཟབ་སར་འཛུལ་ཞིང་ཞེ་སེམས་དཀྲུགས་པར་བྱེད་པས་ན་ད་ལན་འདིར་ཅུང་ཞུའོ། མ་གཞི་འདི་འདིའི་ཕྱོགས་ཀྱི་ཟིན་བྲིས་པ་ཕལ་མོ་ཆེར་ནད་གཞི་དེའི་རིགས་ཡོད་པས་ན། གོ་བའི་སེམས་ཡོད་ཅིང་ཡར་རྒྱས་སུ་གོམས་པར་མོས་པ་དག་ལ་ཕན་པར་སྙམ་ནས་འདི་བཞག་པའོ།། དཔེར་ན། དེ་ལྟར་ཡིན་དུས་དང་དེ་ཡོད་དུས་ཟེར་བའི་དུས་དེ་དག་གིས་དུས་ཚོད་སྟོན་གྱིན་མེད་ལ་རྒྱུ་མཚན་སྟོན་གྱིན་ཡོད་པས། ཡིན་པས་དང་ཡོད་པས་ཞེས་བྲིས་ན་རེད་སྙམ། ཡང་ལ་ཤས་ཀྱིས་དུས་ཚོད་རང་སྟོན་པའི་སྐབས་ཀྱང་འདུག་པ་མཁྱེན་དགོས། བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་ཁོ་ན་ལས་ནང་སྙིང་དང་དོན་དག་གཞན་གང་ཡང་མེད་ལགས།

  5. གངས་ཟླ says:
    2012-09-19 at 5:46 pm

    ཡག་པོ་འདུག་སེམས་ཤུགས་རང་རེད་རྗེས་སུ་ཡིད་རངས་ཞུ་ལོས་དགོས་ལ་ལོས་ཞུ།

  6. ཟླ་སྒྲོན། says:
    2012-09-19 at 8:11 pm

    ཨ་ཙི་ཞེད་སྣང་ལ། ཧཧཧ་རྩེ་མོ་ལོ།།

  7. མངའ་རིས་ཕྲིན་ལས། says:
    2012-09-19 at 9:46 pm

    ངག་དབང་ཉི་མ་ལགས། ཁྱོད་ཀྱི་རྒྱབ་ཏུ་བྲིས་པའི་རི་མོ་ནི་བཙན་བྱོལ་སྤྱི་ཚོགས་ནང་བོད་རང་བཙན་རྩོད་མཁན་གྱི་གཞོན་ནུ་ཚོགས་པའི་ཚོགས་མི་དཔའ་བོ་ཞིག་གི་སྐུ་ལུས་བོད་རང་བཙན་ཆེད་དུ་མེར་སྒྲོན་ཏེ། བོད་རང་བཙན་དགོས་པའི་ཞལ་ཆེམ་སྐད་འབོད་གནང་བཞིན་པའི་སྣང་བརྙན་ཞིག་རེད། དེ་ནི་དབུ་དང་འགལ་བས་ཡང་༧གོང་ས་མཆོག་ཐུགས་དཀྲུག་པའི་ལས་འགུལ་རེད་ཟེར་ན་ཁྱེད་རང་ལན་གང་རྒྱབ་རྩིས་ཡོད་གྲ་སྒྲིག་ངེས་པར་དུ་དགོས་གལ་ཆེ། དེང་སང་རང་བཙན་གླེང་ན་་་་་་་་་་་་་་་

  8. སྙིང་མིག says:
    2012-09-19 at 10:15 pm

    ཡག་པོ་རེད།

  9. འཇམ་གཅེས says:
    2012-09-19 at 11:15 pm

    ཨ་་་ལེ་འཇམ་དཔལ་ཡེ་ཤེས་ཀྱིས་བོད་རང་བཙན་དགོས་པའི་ཁ་ཆེན་ཡི་གེ་ཞིག་ཀྱང་ཡོད་པ་འདྲ།

  10. ཆུ་ཐིགས། says:
    2012-09-20 at 12:33 am

    རང་ཉིད་བོད་ཕྲུག་ཞིག་ཡིན་པས་ཆ་ནི། འདི་ལྟར་ལས་དོན་དག་ལ་ཡིད་རིང་བསྔགས་བརྗོད་ཡོད། ཡིན་ན་ཡང་། ནང་པའི་ཆོས་ནས་བཤད་ན་སོ་སོའི་ལུས་པོ་ཐོག་ལ་རི་མོ་བྲིས་ཡ་འདི་ཚུལ་དང་མ་མཐུན་པ་ཞིག་དང་སྡིགས་པ་ཟག་གི་ཡོད་ཚུལ་འདུག །

  11. གཉིས་མེད་སེངྒེ says:
    2012-09-20 at 12:54 am

    ལུས་ལ་རི་མོ་བཙགས་པ་དེ་རྡོ་ལ་རི་མོ་བརྐོས་པ་ལས་ཚེགས་ཆེ་ལ་རྔམ་སྟོན་ཡང་ཆེ། གཞིས་ལུས་བོད་མི་ཚོའི་དཀའ་སྡུག་འཛམ་གླིང་ནང་གསལ་སྟོན་བྱ་རྒྱུ་དེ་བཙན་བྱོལ་བའི་ལས་འགན་གཙོ་བོ་ཡིན་སྟབས་ལས་འགུལ་འདི་ཡག་པོར་མཐོང་།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-09-20 at 1:53 am

    ་་་་་་
    ལན། ངག་དབང་ཉི་མས། “ངའི་མིང་ལ་ངག་དབང་ཉི་མ་ལབ་ཀི་ཡོད། ་་་་་་་
    འདི་ལ་ངས་ནི།
    ཁྱེད་རང་གི་ མིང་ལ་ ག་རེ་ ཟེར་བགྱིད་ ཡོད།
    ངའི་ མིང་ལ་ ཉི་མ་ ཟེར་བགྱིད་ ཡོད།
    འདི་ལྟ་བུར་མི་དགོས་སམ།

  13. ཀརྡོ་གཉེར་ཕྱག་པ་ says:
    2012-09-20 at 2:05 am

    ཁོའི་ མིང་ལ་ ག་རེ་ ཟེར་བགྱིད་ འདུག
    ཁོའི་ མིང་ལ་ ཉི་མ་ ཡིན་ཟེ་ ལབ་བགྱིད་ འདུག

  14. ལུང་རྟོགས། says:
    2012-09-20 at 2:12 am

    ཡག་པོ་རེད་

  15. སྨིན་སྣང་མཛེས། says:
    2012-09-21 at 2:09 am

    སྒྱུ་རྕལ་བ་ཞིག་གི་ངོས་ནས་བཤད་ན་རང་ཉིད་སྒྱུ་རྩལ་གྱི་ཕྱོགས་གང་ཞིག་ལ་་འདུན་པ་དང་དོན་གཉེར་ཡོད་ན་དེ་ལ་འབད་པ་བྱས་ན་ནུས་པ་ཞིག་ཐོན་རྒྱུ་ཡིན་པ་ནི་གདོན་མི་ཟ་་བས་རྟ་མགྲིན་སྒྱུ་རྕལ་གྱི་སྒྱུ་རྕལ་གྱི་ལམ་་ནས་བོད་དོན་གླེང་བ་འདི་ཡང་ཡི་རིང་བའི་གནས་སུ་འཁུམས་སོ།

  16. Gonpo says:
    2012-09-21 at 2:19 am

    ཡ

  17. ཀརྡོ་གཉེར་ཕྱག་པ་ says:
    2012-09-21 at 2:28 am

    ངའི་མ་དྲིན་ཆེན་དེས། ཁབ་གཙག་རི་མོ་མི་ཡི་ལུས་ལ་བྲིས་ན། མི་དེ་ལ་འཆི་དུས་འཕོ་མི་ཐེབས་ཞེས་རྣམ་རྟོག་དང་ཞེད་སྣང་བྱེད། དེ་ལ་ཁུངས་ཡོད་མེད་མི་ཤེས་ལ། རྣམ་རྟོག་ཙམ་ཡིན་པའི་རེ་བ་ཡང་ཡོད། གང་ལྟར་ཡང་ཀུན་སློང་དང་ལས་འགུལ་བཟང་ངོ་།

  18. པ་སངས་ཆོས་དབྱངས། says:
    2012-09-21 at 8:36 am

    དཔེ་ཡག་པོ་འདུག
    བཅར་འདྲི་བྱེད་སྟངས་ཡག་གི
    ཐུགས་རྗེ་ཆེ།
    དངོས་གནས་གསར་འགོད་པ་ཞིག་གི་ཁྱད་ཆོས་ཚང་འདུག
    གང་ཡིན་ཟེར་ན། གནད་འགག་རྐྱང་བ་མ་གཏོགས་ཚིག་རྙོག་ཅི་ཡང་མི་འདུག

  19. ནོར་ལོངས་ཚང་ says:
    2012-09-23 at 3:32 am

    རྒྱུ་རྩལ་བ་རྟ་མགྲིན་གྱི་ལས་འགུལ་ལ་རྒྱབ་སྐྱོར་ཞུ། ལས་འགུལ་ནི་རང་ཕྱོགས་ནས་གང་ཡང་སྤེལ་བའི་ནུས་པ་ཡོད་ན་སྤེལ་ན་ཆོག། ཡག་པོ་རེད་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme