ངྷ་རམ་ས་ལའི་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་བཞུཊ་སྒར་ངྷ་སའི་དྲན་གསོའི་དཔའ་བོའི་རྡོ་རིང་མདུན་ཐང་དུ་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་ཞུས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་མཆོག་དང་། བཀའ་ཤག་སྐུ་ཚབ་ཏུ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དམིཊ་བསལ་སྐུ་མགྲོན་དུ་བཀའ་ཟུར་དང་སྤྱི་འཐུས་ཐུབ་བསྟན་ལུང་རིཊ་མཆོག་གཙོས། སྤྱི་འཐུས་དང་སྤྱི་ཟུར། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། སེར་སྐྱ་མང་ཚོཊ་དང་སློབ་ཕྲུག་བཅས་ཁྱོན་མི་ ༥༠༠ ལྷག་འཛོམས་ཏེ་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཡོད།
རྒྱས་པ་དྲ་འབྲེལ་འདི་བརྒྱུད་གཟིགས་རོགས། http://bod.asia/2012/09/
ཁ་བརྡ་ཚང་ལགས། ཤར་ཁུག་གི་གང་བཤད་ལ་གསན་པ་ཡིན་པ་འདྲ། དེ་མིན་ན་ངའི་མཆན་ནག་བསུབས་བཏང་དགོས་པའི་རྒྱུ་མཚན་ཐུང་ཙམ་ཡོད་པ་ཞུ།
ཤར་ཕྱོགས་ཁུག་རྟས་བོད་མི་རིགས་ཀྱི་ལར་ཞེན་སྙིང་ཁོངས་ན་རུམ་ཞིང་། དོན་དམ་གྱི་ཕྱག་རྗེས་གཟིགས་མོར་བཤམས་དུས་བློ་བཟང་ཆོས་འབྱོར་ཟེར་བ་ནི་ཨ་མའི་བུ་ཡིན་པ་ཤེས། རྗེས་སུ་ཡི་རང་ཞུ།
དབུ་མའི་ལམ་མི་མང་ལས་འགུལ་ཁང་ཞེས་པའི་ཚོགས་པ་ནི། སྤྱི་ཚོགས་ནང་དཀྲུག་ཤིང་རྒྱག་མཁན་གྱི་ཚོགས་པ་ཞིག་ལས། ཕན་ཐོགས་སྐར་མ་ཡོད་པ་ཞིག་མ་རེད། ཁོང་ཚོས་དུས་རྟག་ཏུ་༸གོང་ས་མཆོག་གི་བཀའ་སློབ་ཁ་ལ་ཁྱེར་ནས་བོད་མི་ནང་ཁུལ་དུ་སྡིགས་ར་སྐུལ་སྤྱད་བྱེད་བཞིན་པ་ཚང་མས་ཧ་གོ་དགོས།
ཁ་བརྡ་ཚང་། སྨྲ་བརྗོད་རང་དབང་གི་ཁྲིམས་ཤེས་ན་བཟང་། འདི་ཨ་རི་རེད་རྒྱ་ནག་མ་རེད། ཁྱེད་ཅག་གི་ལས་སྟངས་འདི་རྒྱ་དམར་གཞུང་དང་འདྲ་སེ་འདུག་་་་ཕྱོགས་གཅིག་གི་བསམ་ཚུལ་མ་གཏོགས་བཀོད་མི་ཆོག་པ་ཡིན་ནམ།
གཉིས་ཕན་དབུས་མའི་ལམ་པ་ཚོར་རྒྱབ་སྒྱོར་ཡོད་དོ། །
ཐོག་མར་གཟུགས་པོ་ཡོངས་ལ་ཞུ་རྒྱུར། གུས་པ་བོད་ཡིག་གི་དག་ཆ་ཡག་པོ་མེད་པས་དགོངས་པ་གནང་རོགས།
གུས་པས་རང་ཉིད་ཀྱི་བསམ་ཆར་ཏོག་ཙམ་ཞུ་འདོ་བྱུང་། གུས་པ་ལམ་དབུ་མ་ལ་བརྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཡིན་ན་ཡང་ལམ་དབུ་མ་མ་གཏོགས་མ་དགོས་ག་ལ་ཡིན། ཡིན་ན་ཡང་། དུས་དང་འཚམ་པའི་ལམ་ཀ་འདིན་མདམས་པ་ཡིན། ད་འགྲོ་རན་སོང་། རྗེས་མ་མཛལ་ཡོང་།
ཐོག་མར་གཟུགས་པོ་ཡོངས་ལ་ཞུ་རྒྱུར། གུས་པ་བོད་ཡིག་གི་དག་ཆ་ཡག་པོ་མེད་པས་དགོངས་པ་གནང་རོགས།
གུས་པས་རང་ཉིད་ཀྱི་བསམ་ཆར་ཏོག་ཙམ་ཞུ་འདོ་བྱུང་། གུས་པ་ལམ་དབུ་མ་ལ་བརྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཡིན་ན་ཡང་ལམ་དབུ་མ་མ་གཏོགས་མ་དགོས་ག་ལ་ཡིན། ཡིན་ན་ཡང་། དུས་དང་འཚམ་པའི་ལམ་ཀ་འདིན་མདམས་པ་ཡིན། ད་འགྲོ་རན་སོང་། རྗེས་མ་མཛལ་ཡོང་།
དབུ་མའི་ལམ་གྱི་ཉིན་མོ་དེ་སྤྱི་ཟླ་༩ ཚེས་ ༡༦ ཉིན་ཡིན་པ་དགོས་པ་དེ་ག་རེ་ཡིན་ནམ། རྒྱས་པ་དྲ་འབྲེལ་འདི་བརྒྱུད་གཟིགས་རོགས་ཞེས་པ་དེར་སྣུན་ན་ཡང་གང་ཡང་འཆར་རྒྱུ་མི་འདུག