Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྱེད་ཚོ་ལ་དགོངས་དག་ཞུ།

Posted on 2012-09-062012-09-06 By ཁ་བརྡ་ 6 Comments on ཁྱེད་ཚོ་ལ་དགོངས་དག་ཞུ།

གསང་གྲོལ་གྱིས་བསྒྱུར།

༼ཨོ་སི་ཊི་ལི་ཡ་རུ་རྟེན་གཞི་བྱས་ཡོད་པའི་རྒྱ་རིགས་ཆིས་ཧྲི་ཐེབས་རྩ་ཁང་གིས་དོན་འགྲུབ་དབང་ཆེན་ལ་རྒྱ་ནག་ཡར་ཐོན་སྐུལ་འདེད་ཀྱི་དམིགས་བསལ་གཟེངས་རྟགས་ཕུལ་བའི་སྐབས་ཀྱི་ཞུ་ཚིག་བོད་བསྒྱུར་མ།༽

བཀུར་འོས་ཏྰ་ལའི་བླ་མ་མཆོག བཀུར་འོས་རྒྱལ་བ་ཀརྨ་པ་མཆོག བཀུར་འོས་སྲིད་བློན་བློ་བཟང་སེང་གེ་མཆོག བཀུར་འོས་སྐུ་མགྲོན་རྣམ་པ་དང་བོད་རིགས་གྲོགས་པོ་ཚོ། དེ་རིང་ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་ནི་བོད་མིའི་དམངས་གཙོ་དུས་ཆེན་ཡིན་ལ། ད་ལྟ་གཟབ་རྒྱས་ངང་མཛད་སྒོ་སྲུང་གཙི་བྱེད་བཞིན་པ་རེད། ངས་བོད་མིའི་དམངས་གཙོའི་ལྟེ་གནས་ངྷ་རམ་ས་ལ་ནས་ཨོ་སི་ཊི་ལི་ཡའི་ཆིས་ཧྲི་རིག་གནས་ཐེབས་རྩ་ཁང་གི་ཚབ་བྱས་ཏེ་ཐེངས་ལྔ་བའི་རྒྱ་ནག་ཡར་ཐོན་སྐུལ་འདེད་ཀྱི་དམིགས་བསལ་གཟེངས་རྟགས་འབུལ་རྒྱུ་ཡིན། བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་འོས་སྦྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། གཟེངས་རྟགས་འདི་བོད་ཀྱི་བརྙན་ལེན་མཁན་དང་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་དང་ཁོང་གིས་ཕབ་པའི་འཇིགས་བྲལ་ཞེས་བའི་གློག་བརྙན་ལ་ཕུལ་བ་ཡིན། དོན་འགྲུབ་དབང་ཆེན་གྱིས་བོད་ནང་གི་བོད་མི་དཀྱུས་མ་བརྒྱ་ལྷག་གི་སེམས་གཏམ་ཟིན་ཐོར་བཀོད་ཡོད་ལ། དེ་ཡིས་བོད་མི་ཚོའི་རེ་འདོད་སྟེ་ཆོས་ལུགས་དད་མོས་རང་དབང་དང་རང་ཉིད་ཀྱི་རིག་གནས་རྒྱུན་འཛིན་གྱི་རང་དབང་། འཚོ་ཐབས་འདེམས་པའི་རང་དབང་བཅས་མཚོན་གྱི་ཡོད་ལ། ཁོང་ཚོས་ཏྰ་ལའི་བླ་མ་ཕྱིར་རང་ཉིད་ཀྱི་ས་ཆ་དང་རང་ཉིད་ཀྱི་གཞིས་ཁྱིམ་ལ་ཕེབས་པའི་དགོས་འདུན་བརྗོད་ཡོད་པ་རེད།
ཆིས་ཧྲི་རིག་གནས་ཐེབས་རྩ་ཁང་གིས་དོན་འགྲུབ་དབང་ཆེན་གྱི་སྙིང་སྟོབས་དང་ཁུར་ལེན་བསམ་བློ་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། ཡིན་ནའང་། རྒྱུ་རྐྱེན་དེ་ལ་བརྟེན་ནས་དོན་འགྲུབ་དབང་ཆེན་ལ་མི་ལོ་དྲུག་རིང་བཙོན་དུ་ཚུད་པའི་ཆག་སྒོ་བྱུང་བ་དང་། ཁ་འཐོར་ཏུ་གྱུར་བའི་ཁྱིམ་ཚང་ཞིག་ཤུལ་དུ་ལུས། ཁོང་གི་ཆུང་མ་ཡིས་ན་ཡང་བརྩེ་བའི་ཁྱོ་ག་ཕྱིར་ལོག་པར་རེ་སྒུག་བྱེད་བཞིན་ཡོད་ལ། ཁོང་གི་བུ་མོ་ཡིས་ཉིན་མཚན་ཀུན་ཏུ་བྱམས་ལྡན་གྱི་ཨ་ཕ་དྲན་ནས་བསྡད་ཡོད། ང་ཚོས་རྒྱ་ནག་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་དོན་འགྲུབ་དབང་ཆེན་ཀློད་གྲོལ་དགོས་བ་དང་འབྲེལ། ཁོང་གི་མཚན་མཐོང་བསྐྱར་གསོ་དང་གུན་གསབ་སྤྲོད་དགོས་བའི་འབོད་སྐུལ་བྱེད་ཀྱི་ཡོད།
བོད་མི་རིགས་ནི་མི་རབས་ནས་མི་རབས་སུ་བོད་ཀྱི་ས་ཐོག་ཏུ་འཚོ་བ་རོལ་བཞིན་ཡོད་ལ། ཁོང་ཚོ་ནི་བློ་གྲོས་ལྡན་པ་དང་གཞུང་དྲང་པ། བྱང་སེམས་ཅན་ཡིན། ཁོང་ཚོ་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཆོས་ལུགས། འཚོ་ཐབས་བཅས་ཡོད། ལོ་རྒྱུས་སྟེང་བོད་མི་རིགས་ཀྱིས་མི་རིགས་གཞན་ཞིག་ལ་བརྙས་བཅོས་བྱས་མྱོང་མེད་པ་རེད། ཡིན་ནའང་དེ་ལས་ལྡོག་སྟེ་རྒྱ་མི་རིགས་ཀྱིས་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་ནང་། དྲག་ཤུགས་དང་དབང་སྟོབས་ལ་བརྟེན་ནས་བོད་མི་རིགས་ཀྱི་སྔོན་ཆད་ཀྱི་ཡོད་ཚད་ལ་བཙན་གྱིས་འགྱུར་བ་གཏོང་སྟེ་དེ་རིང་བར་སླེབས་ཡོད་པ་རེད།
ཨོ་སི་ཊི་ལི་ཡའི་ཆིས་ཧྲི་རིག་གནས་ཐེབས་རྩ་ཁང་ནི་རྒྱ་མིའི་དམངས་ཁྲོད་ཀྱི་ཚོགས་པ་ཞིག་ཡིན་པའི་ཆ་ནས་ང་ཚོ་ངོ་ཚ་སྐྱེས་བ་དང་། གོ་སྐབས་འདི་བརྒྱུད་ནས་ས་ཡ་ཁ་ཤས་ཡོད་པའི་བོད་རིགས་ཕུ་ནུ་མིང་སྲིང་ཚོ་ལ་ང་ཚོས་ལྷག་བསམ་རྣམ་དག་གིས་འགྱོད་བཤགས་དང་བཅས་དགོངས་དག་ཞུ་ཡི་ཡོད། (We are Sorry!) ༢༠༡༢ ལོ་ནི་ཧ་ཅང་སྟབས་མི་ལེགས་པའི་ལོ་ཞིག་རེད། བོད་མི་ལྔ་བཅུ་ལྷག་གིས་རང་ལུས་མེར་བསྲེགས་གནང་པ་དང་། ཁོང་ཚོའི་ཁྲོད་ཀྱི་མང་པོ་ཞིག་ནི་ཚེ་སྲོག་གི་མེ་ཏོག་གཞི་ནས་བཞད་པའི་གཞོན་སྐྱེས་རེད། ཡ་ང་བའི་སྒོ་ནས་རང་ལུས་མེར་བསྲེགས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་པའི་རྣམ་པ་དེ་ཡིས་རང་དབང་ཆེད་སྲོག་འདོར་ཐུབ་པའི་ཁོ་ཚོའི་བསམ་བློ་དེ་མཚོན་གྱི་ཡོད་པ་རེད།
མེ་ལྕེ་ཡིས་བོད་མི་འདི་ཚོའི་ཤ་ཁྲག་གི་ཕུང་བོ་སྲེག་བཞིན་པའི་སྐབས། ང་ཚོ་བོད་མི་ཡོངས་དང་ལྷན་དུ་ཡོད་ལ། ཁོང་ཚོའི་ན་ཟུག་ང་ཚོས་མྱོང་གི་ཡོད། ཚེ་སྲོག་གསོན་པོ་ཞིག་འཆི་བར་སྙེགས་པའི་ན་ཟུག་གི་བརྒྱུད་རིམ་མྱོང་གི་ཡོད་ལ། ང་ཚོའི་སེམས་པ་གདུང་བའི་གཟིར་ཡོད། རྒྱ་མི་རིགས་དང་བོད་མི་རིགས། ད་རུང་རྒྱ་ནག་ནང་ཁུལ་གྱི་གྲངས་ཉུང་མི་རིགས་གཞན་དག་གི་སྨྲ་བརྗོད་རང་དབང་དང་དད་མོས་རང་དབང་ལ་སྙིང་རྗེ་མེད་པར་བཤུ་གཞོག་དང་གནོད་འཚེ་གཏོང་གི་ཡོད་པས། ང་ཚོ་ངེས་བར་དུ་ལག་རྡང་མཉམ་སྤྲེལ་གྱིས་དྲང་བདེན་མིན་པའི་གནས་སྟངས་འདི་ལ་འགྱུར་བ་གཏོང་ཆེད་མཉམ་གཅིག་ཏུ་འབད་བརྩོན་བྱ་དགོས་བ་རེད།
ང་ཚོའི་རེ་བར་གཟེངས་རྟགས་འདིས་བོད་རྒྱ་མི་རིགས་བར་ཕན་ཚུན་རྒྱུས་ལོན་དང་བསམ་ཤེས། གུ་བཤངས་ཀྱི་ཕྱོགས་སུ་གོམ་གང་མདུན་དུ་སྤོས་བར་སྐུལ་འདེད་དང་། དེ་ལྟར་གནང་ཚེ་ད་བཟོད་འདྲ་མཉམ་གྱི་རྨང་གཞིའི་སྟེང་ནས་མི་རིགས་མཐུན་སྒྲིལ་རིམ་གྱིས་མངོན་འགྱུར་ཐུབ་ངེས་རེད།
ང་ཚོས་ངྷ་རམ་ས་ལའི་སྒྲིག་འཛུགས་ཀྱིས་ཐེངས་འདིས་གཟེངས་རྟགས་འབུལ་བ་དང་འཚམས་འདྲིའི་ཆེད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ལྷག་པར་ཏུ་ང་ཚོས་ཏྰ་ལའི་བླ་མའི་ཨོ་སི་ཊི་ལི་ཡའི་སྐུ་ཚབ་སྐུ་ཞབས་དྭགས་པོ་ལགས་དང་ལྕམ་ཟླ་སྒྲོན་གཉིས་ལ་ཐུགས་རྗེ་ཆེ་ཞུ། ཁོང་གཉིས་ཀྱིས་ཞིབ་ཚགས་སྒོས་གོ་སྒྲིག་རོགས་རམ་གནང་བར་བརྟེན་ཐེངས་འདིའི་ལས་འགུལ་མངོན་གྱུར་བྱུང་བ་རེད། ཆིས་ཧྲི་རིག་གནས་ཐེབས་རྩ་ཁང་གིས་གོ་སྐབས་འདི་བརྒྱུད་བོད་རིགས་ཕུ་ནུ་མིང་སྲིང་ཚོ་ལ་སེམས་གཏིང་ནས་དགོངས་དག་ཞུ་བ་དང་། (We are Sorry)ངྷ་རམ་ས་ལར་བཞུགས་པའི་སྙིང་སྟོབས་ཅན་གྱི་མང་ཚོགས་ལ་ཆེས་མཐོའི་གུས་བརྩི་དང་བཅས་ཁྱེད་ཚོ་ནི་རླབས་ཆེན་རེད་ཞུ་བ་ཡིན། (You are Great ! ) ཐུགས་རྗེ་ཆེ།

མ་ཡིག་འབྱུང་ཁུངས་འོད་ཟེར་གྱི་ཟིན་བྲིས་ཡིན། http://woeser.middle-way.net/2012/09/blog-post_4.html

འགྱུར་རྩོམ།

Post navigation

Previous Post: བཙན་བྱོལ་བོད་མི་ཚོ། སྐྱབས་བཅོལ་བ་རེད་དམ་རྒྱལ་ཁབ་ཅིག་གི་མི་སེར་རེད་། (སྔ་མ)
Next Post: རྔ་པ་མ་རེད་རྔ་བ་རེད།

Comments (6) on “ཁྱེད་ཚོ་ལ་དགོངས་དག་ཞུ།”

  1. ཇ་མ་ says:
    2012-09-06 at 9:19 am

    ཡག་པོ་བྱུང་། ཐུགས་རྗེ་ཆེ།

  2. རིན་ཆེན་ says:
    2012-09-06 at 10:15 am

    སྐད་ཆ་ཡག་པོ་བཤད་འདུག །རྣ་བར་སྙན་པར་བྱུང་སོང་།

  3. གཉིས་མེད་སེངྒེ says:
    2012-09-06 at 12:25 pm

    སྐད་ཆ་འདི་ཀྲུང་དབྱང་གི་དཔོན་པོ་ཚོའི་ཁ་ནས་བུད་པ་ཡིན་ན་དགའ་བ་ལ།

  4. འདོད་ལྷ་ཁམས་པ། says:
    2012-09-06 at 12:40 pm

    གསང་གྲོལ་ལགས་ཀྱིས་དུས་དུས་སུ་འདི་འདྲ་བོད་བསྒྱུར་བྱས་ནས་འདིར་འཕངས་པ་ནི་དྲ་གྲོགས་མི་ཉུང་བ་ཞིག་ལ་ལྟོགས་པར་ཟས་དང་དཀོན་པར་ཆུ་རེད།

  5. ཡ་ཐོག་ཚེ་རིང་། says:
    2012-09-07 at 12:06 pm

    རྒྱ་མི་མང་ཚོགས་ཀྱི་ནང་འདི་ལྟར་བསམ་བློ་ཡོད་མཁན་རྣམས་ལ་ང་ཚོས་དགའ་གུས་བྱེད་དགོས་པ་རེད། བསྒྱུར་རྩོམ་མཁན་ལ་ཡང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། མུ་མཐུད་ནས་སྤེལ་རོགས་གནང་།

  6. ཉེར་གཅིག་པའི་ཅོང་བརྡ། says:
    2012-09-07 at 12:36 pm

    ངའི་གྲོགས་པོར་གཟེངས་རྟགས་ཕུལ་བ་ནི་དོན་དང་ལྡན་པ་ཞིག་རེད་འདུག།
    གྲོགས་པོ་ཁྱོད་ནམ་ཡིན་ཡང་ངའི་དཔའ་བོ་དང་དཔེ་མཚོན་ཡིན།
    ཁྱེད་སྐུ་ལུས་བདེ་བར་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme