Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་།

Posted on 2012-09-042012-09-04 By ཁ་བརྡ་ No Comments on དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་།

བྷལ་ཇམ་ནས་ལྷག་པ་ཚེ་རིང་གིས།

བྷལ་ཇམ་ནང་འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་ཚོར་ཆེད་དམིགས་ཀྱིས་དབྱར་དུས་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཞེས་པ་ཞིག་བྷལ་ཇམ་རྒྱལ་ས་སྦར་ནས་རླངས་འཁོར་ཆུ་ཚོད་གཅིག་གི་སར་ཡོད་པའི་༧རྫ་དལལ་སྤྲུལ་རིན་པོའི་ཆེའི་ཆོས་ཚོགས་ལ་ཚོགས་པ་རེད། དེ་ཡང་བྷལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ཕྱི་ལོ་༢༠༡༠ནས་བཟུང་བྷལ་ཇམ་ནང་འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་ཚོར་ཆེད་དུ་དམིགས་ནས་ལོ་ལྟར་དུས་ཡུན་བདུན་ཕྲག་གཅིག་གི་རིང་ཟབ་སྦྱོང་ཞིག་ཚོགས་མུས་ལྟར། འདི་ལོའི་ཟབ་སྦྱོང་ཐེངས་གསུམ་པ་དེ་བཞིན་ཕྱི་ཟླ་༨ཚེས་༢༧ནས་ཕྱི་ཟླ་༩པའི་ཚེས་༡བར་ཡིན། ད་ཐེངས་ཀྱི་ཟབ་སྦྱོང་གི་གྲ་སྒྲིག་ལས་དོན་ཟླ་ངོ་གསུམ་གྱི་སྔོན་ནས་གསལ་བསྒྲགས་དང་དགེ་རྒན་ལས་བྱེད་སོགས་དུས་ཚོད་གཏན་འཁེལ་བཟོས་པ་དང་། ཟབ་སྦྱོང་ལ་ཞུགས་མཁན་གྱི་སློབ་མར་མཚོན་ན་ཡང་བྷལ་ཇམ་ཁུལ་གྱི་བོད་ཕྲུག་གཅིག་པུ་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་གང་ནས་ཕེབས་ཀྱང་མཆོག་གི་ཡོད། འོན་ཀྱང་ཚོགས་ཡུལ་ཆོས་ཚོགས་ཀྱི་ལས་རིམ་དང་སྟབས་འཁེལ་ནས་དུས་ཚོད་ཅུང་ཕྱི་པོ་ཆགས་པར་བརྟེན་བྷལ་ཇམ་ནང་གི་བོད་ཕྲུག་མ་གཏོགས་ཁྱིམ་མཚེས་རྒྱལ་ཁབ་གཞན་གྱི་སློབ་མ་གཅིག་ཀྱང་ཕེབས་ཐུབ་མེད། ད་ཐེངས་ཀྱི་ཟབ་སྦྱོང་ནང་བྷལ་ཇམ་གྱི་གྲོང་ཁྱེར་ཆེ་ཁག་བཞི་སྟེ།རྒྱལ་ས་སྦར་སར་དང་ཨན་ཀྲི་ཝུ་ཕན། ཨོ་སི་ཏན་ཏི། ལུ་ཝན་བཟས་ས་གནས་ཁག་བཞི་ནས་སློབ་མ་གྲངས་༣༠མཚན་ཐོ་འབྱོར་ཡོད་ཀྱང་སློབ་མ་ཁ་ཤས་ནད་མནར་སོགས་ཀྱི་རྐྱེན་པས་དངོས་སུ་སློབ་མ་གྲངས་༢༧དང་དགེ་ལས་༨ཟབ་སྦྱོང་ལ་ཕེབས་ཡོད། དེའི་ནང་སློབ་མ་ཆུང་ཤོས་ལོ་༥དང་ཆེ་ཤོས་ལོ་༡༥རེད། ཕྱི་ཚེས་༢༧ཉིན་སློབ་མ་ཚོ་སྦར་སར་གྱི་ལྷོ་ཕྱོགས་མེ་འཁོར་བབ་ཚུགས་ལ་ལྷན་འཛོམས་ཀྱིས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་ཟབ་སྦྱོང་ཚོགས་ཡུལ་ལ་བསྐྱོད། ཕྱི་དྲོ་ཕྱག་ཚོད་༥པར་ཟབ་སྦྱོང་གི་དབུ་འཛུགས་མཛད་སྒོ་ཞིག་ཚོགས། དབུ་འཛུགས་མཛད་སྒོར་ཐོག་མར་དགེ་ལས་སློབ་མ་ཚང་མ་ལྷན་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། བོད་ཀྱི་བསྟན་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་གློད་གཏོང་གནང་མཁན་གྱི་བོད་ཕྱི་ནང་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོར་ཚོར་མྱ་ངན་གུས་འདུད་མཚོན་ངག་བཅས་སྐར་མ་གཅིག་དང་། དེ་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དྲུང་ཆེ་བསོད་ནམས་ཉི་མ་ལགས་ཀྱིས་ཟབ་སྦྱོང་རིང་ཕྱག་ལས་གནང་མཁན་གྱི་དགེ་ལས་དང་། ཉིན་གཅིག་གི་དུས་ཚོད་རེའུ་མིག་སློབ་མ་ཚོར་ངོ་སྤྲོད་གནང་སོང་། དེ་རྗེས་བོད་དགེ་ཡེ་ཤེས་སྨོན་ལམ་ལགས་ཀྱིས་ཟབ་སྦྱོང་རིང་ཀུན་སྤྱོད་འཁྱེར་སྟངས་སྐོར་ལ་བཀའ་སློབ། མཐའ་མར་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཚོགས་གཙོ་བློ་བཟང་དབང་འདུས་ལགས་ཀྱིས་ཟབ་སྦྱོང་དེ་ལྟར་ཚོགས་པའི་དགོས་པ་དང་དམིགས་ཡུལ་སོགས་ལ་འགྲེལ་བརྗོད་གནང་ནས་ཟབ་སྦྱོང་གི་ཉིན་དང་པོ་དེ་མཇུག་སྒྲིལ། ཟབ་སྦྱོང་གི་ཉིན་གཉིས་པ་བཟུང་ལོ་ཚད་ལ་གཞིགས་ཏེ་འཛིན་གྲྭ་གཉིས་ལ་ཁག་བགོས་ཏེ་ནང་ཆོས་དང་།བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ད་ལྟའི་གནས་བབ། བཀྲིས་རྟགས་བརྒྱད་དང་གྲོ་སོ་ཕྱེ་མར་ངོ་སྤྲོད། གློག་ཀླད་ཀྱི་སྤྱིར་བཏང་ཤེས་བྱ། རྒྱལ་དར་དང་རྒྱལ་གླུའི་འགྲེལ་བཤད། བོད་གཞས་བཅས་ཉིན་གྲངས་བཞི་ཡི་རིང་ཞོགས་པ་ཕྱག་ཚོད་༦པ་ནས་བཞེངས་བརྡ་དང་། དེ་ནས་ལུས་སྦྱོང་དང་ཞལ་འདོན། ཞོགས་པ་སློབ་ཐུན་གཉིས་དང་ཉིན་གུང་རྗེས་སློབ་མཐུན་གཅིག་བཅས་ལ་གོང་གསལ་གྱི་ནང་དོན་ཁག་སློབ་ཁྲིད་དང་བགྲོ་གླེང་བྱས། ཕྱི་ཚེས་ ༢༩ ཉིན་ནི་རེས་གཟའ་ལྷག་པ་ཡིན་པས་དེ་ཉིན་བྷལ་ཇམ་གྱི་ཞོགས་པའི་ཕྱག་ཚོད་༩པ་ནས་༡༠བར་ང་ཚོས་བཞུགས་སྒར་དྷ་ས་ཡོད་པའི་བོད་ཀྱི་ནང་བསྟན་སྲི་ཞུ་ཁང་དང་འབྲེལ་ལམ་ཞུས་ནས་ཐད་ཀར་དྲྭ་ལམ་གནམ་ཐིག(skype) ཐོག་ས་སྐྱའི་མཁན་པོ་ཀུན་དགའ་རིན་ཆེན་ལགས་ཆེད་དུ་གདན་ཞུས་ཀྱིས་སྐར་མ་༢༠རིང་སྐྱབས་འགྲོའི་སྐོར་ལ་ངོ་སྤྲོད་དང་དེ་རྗེས་སློབ་མ་ཚོས་དྲི་བ་དྲི་ལན་བྱེད་རྒྱུའི་གོ་སྐབས་སྤྲད་པ་བརྟེན། སློབ་མ་ཚོས་ཚ་ཚ་འུར་འུར་གྱི་རང་གི་དོགས་དྲི་རྣམས་མཁན་པོ་མཆོག་དྲིས་སོང་། ཕྱག་ཚོད་༡༠དང་ཕྱེད་ཀར་བྷལ་ཇམ་ལ་བཅའ་བཞུགས་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ཟབ་སྦྱོང་ལ་འཚམས་གཟིགས་དང་སློབ་མ་ཚོར་བླང་དོར་གྱི་བཀའ་སློབ་ཡང་གནང་སོང་།ཕྱི་ཚེས་༣༡ཉིན་གྱི་དགོང་དྲོ་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཤེས་ཡོན་འགན་འཛིན་ལྷག་པ་ཚེ་རིང་གིས་ཟབ་སྦྱོང་རིང་གི་སློབ་ཁྲིད་དང་སློབ་མ་ཚོའི་སྤྱོད་ལམ་སོགས་ཀྱི་ལས་བསྡོམས་སྟབས་བདེ་ཞིག་དང་། ལོ་ལྟར་ཟབ་སྦྱོང་རིང་གི་བཞུགས་གནས་དང་ཐབ་ཆས་སོགས་གང་སར་མཐུན་འགྱུར་རོགས་རམ་གནང་མཁན་ཆོས་ཚོགས་ཀྱི་འགན་འཁུར་མི་སྣ་དང་། དགེ་རྒན་དང་མར་བྱན་བཅས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་རེ་དང་། སློབ་མ་ཚོར་ཟབ་སྦྱོང་རིང་གང་བསླབས་པ་རྣམས་ཡིག་སྣོད་ཞིག་དང་། ཟབ་སྦྱོང་གི་ཕྱག་ཁྱེར་བཅས་སྤྲད་རྗེས་སློབ་མ་ཚོས་ཟབ་སྦྱོང་སྦྱངས་པའི་མཉམ་གཞས་༼ནོར་བུ་༽ཞེས་པ་ཞིག་ཕུལ་ནས་ཟབ་སྦྱོང་རྒྱལ་ཁའི་མཇུག་བསྒྲིལ། ད་ཐེངས་ཀྱི་ཟབ་སྦྱོང་དེ་ནི་སྔ་ལོ་ལས་ལྷག་པའི་ནང་དོན་ཐད་གྲ་རྒྱས་ལ་སློབ་མའི་གྲངས་འབོར་མང་རུ་ཕྱིན་པ། ལྷག་པར་དུ་ཉིན་རེའི་བྱེད་སྒོ་ཁག་དུས་ཐོག་ལ་དྲྭ་ལམ་ངོ་དེབ་བརྒྱུད་ཁྱིམ་བདག་ཚོས་གཟིགས་ཐུབ་ཀྱི་ཡོད་པས་ཁྱིམ་བདག་ཚོའི་ཚོར་བ་ཡང་དམིགས་བསལ་ཞིག་བྱུང་འདུག ཟབ་སྦྱོང་གི་བྱུང་སོང་རྩི་ཕྲ་ལ་ཆ་མཚོན་ན། སློབ་མ་གྲངས་༢༧ནས་སློབ་མ་༦གི་ཕ་མ་ནི་དུས་རྒྱུན་དུ་ཚོགས་པའི་ནང་དང་བླང་ཀྱིས་དགེ་རྒན་དང་ལས་བྱེད་ཀྱི་ཞབས་ཞུ་སྒྲུབ་མུས་ཡིན་པས་ཁོང་རྣམས་ཕུད་སློབ་མ་སློབ་མ་༢༡ལ་སློབ་མ་རེ་རེའི་ས་ནས་ཡོ་སྒོར་༥༠བསྡུས་པས་ཁྱོན་བསྡོམས་ཡོ་སྒོར་༡༠༥༠བྱུང་། སོང་ལ་མཚོན་ན། རླངས་འཁོར་གླ་ཆ་ཡོ་སྒོར་༡༠༢༠དང་། ཞལ་ལག་དང་དེ་བཞིན་ཙག་ཙིག་གི་སོང་ཡོ་སྒོར་༩༡༣.༤༡སློབ་མའི་བདེ་འཇགས་འགན་སྲུང་ཆེད་ཡོ་སྒོར་༡༢༠་ཕྱིན་ཡོད། ཁྱོན་བསྡོམས་སོང་ཡོ་སྒོར་༢༠༥༣.༤༡ཡིན། མདོར་ན་སློབ་མའི་སར་ནས་བསྡུས་པ་ལས་ལྷག་པ་ཚོགས་པའི་མ་དངུལ་ནས་ཡོ་སྒོར་༡༠༠༣.༤༡ཕྱིན་ཡོད། སྤྱིར་ཚོགས་པའི་ནང་ལས་ཀ་བྱེད་མཁན་ཚང་མ་དང་བླང་ཡིན་ལ་ཚོགས་པའི་མ་དངུལ་ཡང་ལས་བྱེད་ཚོས་ཞལ་ལག་སོགས་བཙོང་ནས་གསོག་འཇོག་བྱས་པ་མ་གཏོགས་ད་བར་ཕྱི་རྒྱལ་གྱི་སྦྱིན་བདག་གཞུང་ནས་དངུལ་རག་པ་དེ་འདྲ་མེད། ད་ཐེངས་ཀྱི་ཟབ་སྦྱོང་ནང་སློབ་མ་ཚོས་དོ་སྣང་ཆེ་ཤོས་ནི་ནང་ཆོས་དང་བོད་ཡུལ་ངོ་སྤྲོད་གཉིས་རེད་འདུག ཟབ་སྦྱོང་སྒྲུབ་རྗེས་སློབ་ཚོར་རང་གི་ཚོར་བ་སྐད་ཆ་དྲིས་སྐབས་སློབ་མ་མང་པོ་ཞིག་གི་སེམས་ནང་ཆོས་ཚོགས་དེ་རང་ཉིད་ཀྱི་ནང་ལྟ་བུའི་ཚོར་སྣང་བྱུང་ཟེར་མཁན་དང་། ལ་ལས་དུས་ཚོད་ཅུང་ཐུང་དྲགས་འདུག་ཟེར་བ་སོགས་ཀྱི་བསམ་ཚུལ་ཡང་གླེང་གི་འདུག

གསར་འགྱུར།

Post navigation

Previous Post: ཧ་ཅང་སེམས་སྐྱོ་བའི་གནས་ཚུལ།
Next Post: རེད ? མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme