Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་བཙན་པོའི་ལོ་རྒྱུས་ཐ་མ་ཉན་རྗེས།

Posted on 2012-09-032012-09-03 By ཁ་བརྡ་ 10 Comments on བོད་བཙན་པོའི་ལོ་རྒྱུས་ཐ་མ་ཉན་རྗེས།

འབྲོང་ངུར་ཕོ་ཉ།

སྙན་གྲགས་ཕྱོགས་ཀྱི་ཐ་གྲུར་ཁྱབ་ཅིང་མཛད་པའི་འོད་སྟོང་འཕྲོ་བའི་བོད་བཙན་པོ་ཚང་ཞེས་ལོ་ངོ་སྟོང་ཕྲག་ཅིག་ཙམ་འཛམ་གླིང་གི་ཡང་རྩེ་རུ་དབང་སྒྱུར་ཞིང་ཉིན་རེ་ལས་ཉིན་རེར་སྟོབས་འབྱོར་དང་མངའ་ཐང་རྒྱས་པ་སྟེ། སྟོད་རྒྱ་གར་དང་སྨད་རྒྱ་ནག་ལྟ་བུ་ཤར་ཕྱོགས་གླིང་ཆེན་བདག་པོ་དེ་དག་དང་དཔུང་པ་མཉམ་གཤིབ་ཐུབ་པ་དང་ཆབ་དཔལ་རིག་གསུམ་གང་ཐད་ནས་སུས་ཀྱང་འགྲན་ཟླ་དཀའ་བ་ཞིག་ཏུ་ངེས་ནའང་། བློ་བུར་ནང་ཁུལ་དུ་ཆབ་སྲིད་འགལ་ཟླ་རྣོ་ངར་ཅན་གཅིག་རྗེས་གཉིས་མཐུད་བྱུང་བ་ལ་བརྟེན་ནམ་མཁའི་འཇའ་བཞིན་མཐོང་ཡུལ་དུ་མེད་པར་ཡལ་སོང་། བོད་ཀྱི་ལོ་རྒྱུས་ཐོག་ཉེས་ཅན་མི་སྣ་རུ་བགྲང་ཤིང་བཙན་པོའི་རྒྱལ་རབས་བཞི་ཅུ་ཞེ་གཉིས་པར་གྲགས་པ་ཡོངས་གྲགས་སུ་ཁྲི་དར་མ་འུ་དུམ་བཙན་པོ་ནི་སྤྱི་ལོ་ ༨༡༥ ལོར་སྐུ་འཁྲུངས་ཤིང་སྤྱི་ལོ་ ༨༤༡ ལོར་རྒྱལ་སྲིད་ཀྱི་ཁྲིར་ཕེབས་པ་དང་སྤྱི་ལོ ༨༤༢ ལོར་སྐུ་བཀྲོང་པར་བཤད། གླང་དར་མ་ཞེས་པའི་མིང་འདི་དུས་རབས་བཅུ་གཅིག་ནང་བཙན་པོ་འདས་རྗེས་ལོ་ཉིན་བརྒྱ་ཡི་རྗེས་སུ་བཏགས་ཞེས་འདོད། མཁས་པ་ཁ་ཅིག་ནས་དར་མ་ཟེར་ན་དྷརྨ་ཞེས་པ་ཟུར་ཉམས་པ་དང་དོན་དུ་ཆོས་ཀྱི་རྒྱལ་པོ་ཞེས་སྐབས་དེར་འབོད་ཀྱི་ཡོད་ཚོད་སྨྲས། བཙན་པོའི་སྲིད་དབང་ཉམས་པའི་རྗེས་སུ་ཁོང་ལ་ཆོས་འབྱུང་ཕལ་ཆེར་ནང་ལ་བདུད་ཀྱི་སྤྲུལ་པ་ཡིན་རབས་ཀྱང་མང་དུ་མཐོང་རྒྱུ་ཡོད་པ་ལྟར་ལགས་མོད། ཏུན་ཧོང་གཏེར་ཡིག་སོགས་ལས་བཙན་པོའི་བསྔོ་ཡིག་ཅེས་པ་དང་འབྲི་ལྷ་ཁང་དང་ཕུག་པོ་ཆེའི་ལྷ་ཁང་བཅས་བཞེངས་ཚུལ་འཁོད་འདུག་པས་སྡིག་རྒྱལ་ཞིག་ཡིན་མིན་ཁོ་བོ་ཐེ་ཚོམ་ཡུལ་དུ་གྱུར། རྩ་བའི་ལོ་ངོ་གཅིག་གི་རིང་ཡབ་མེས་ཀྱི་ཕྱག་སྲོལ་ཕལ་ཆེར་རྒྱུན་སྐྱོང་བྱས་ཡོད་ནའང་རབ་བྱུང་སྒྲུབ་ཆོག་གི་ཐད་ལ་སྟངས་འཛིན་ནམ་བཅོས་སྒྱུར་ཆེན་པོ་ཞིག་བྱས་ཡོད་པ་དེ་ནི་སྐབས་དེའི་སྤྱི་ཚོགས་ལ་ལྟ་དུས་འོས་མཚམས་ཤིག་ནའང་དགེ་འདུན་པ་དང་སྐབས་འཚོལ་སྲིད་དོན་མི་སྣས་ངོ་ལོག་བྱས་པར་དྲག་གནོན་བྱ་རྒྱུ་ཆོས་ཉིད་ཅིག་ཡིན་པ་ལྟར་ཡང་གློ་བུར་དུ་བྲན་ཀ་དཔལ་གྱི་ཡོན་ཏན་ལྟ་བུ་ཆོས་ལུགས་པའི་མི་སྣ་དང་འགྲོ་དང་སྦས་ལྟ་བུ་ཆབ་སྲིད་པའི་ཚབ་མཚོན་སོགས་ཀྱི་ནང་ཁུལ་འགལ་བ་ཛ་དྲག་ཅན་དུ་གྱུར་བཞིན་ཡོད་སྐབས་ལྷ་ལུང་དཔལ་རྡོར་གྱིས་འདྲེ་ལག་དེ་དངོས་སུ་བོད་བཙན་པོའི་སྟེང་དུ་བསྐྱངས་པ་དེ་ནམ་ཡང་ལོ་རྒྱུས་ཐོག་ནས་ཡལ་མི་ཐུབ་པའི་ཉེས་པ་ཞིག་ག་ལ་མིན། དེར་བརྟེན་བོད་སེལ་བུ་འཐོར་བ་དང་སྟོབས་ཤུགས་ཉམས་པ་སོགས་ཐན་ལྟས་མར་ངོའི་ཟླ་བའི་རྗེས་སུ་འགྲོ་བའི་ཉེས་པ་ཡོད་ཚད་དར་མ་འུ་དུམ་བཙན་པོ་ཁོ་ནས་མགོར་མི་འགེལ་བར་མངའ་བདག་རལ་པ་ཅན་དང་ཆོས་དཔོན་ཉང་ཏིང་འཛིན་བཟང་པོ་བཅས་དང་ཁོང་པའི་སྐབས་ཀྱི་ཆོས་དཔོན་བྲན་ཀ་དཔལ་གྱི་ཡོན་ཏན་དང་སྲིད་དཔོན་འགྲོ་དང་དབས་དང་ལྷག་པར་ལྷ་ལུང་དཔལ་རྡོར་བཅས་ལ་ཉེས་པ་ཧ་ཅང་ཆེན་པོ་ཡོད་པ་ཤེས་ན་ལོ་རྒྱུས་ལ་རིན་ཐང་བརྙེད་པ་དང་གཅིག་སྒྲིལ་མེད་པ་སོགས་ཀྱི་ཉེས་པ་ལ་ང་ཚོས་སློབ་སྦྱོང་བྱ་རྒྱུ་མང་པོ་འདུག་སྙམ། ༢༠༡༢། ༩། ༣།ལ

སྣ་ཚོགས།

Post navigation

Previous Post: གནམ་འོག་གི་མགྱོགས་བྲིས།
Next Post: ཧ་ཅང་སེམས་སྐྱོ་བའི་གནས་ཚུལ།

Comments (10) on “བོད་བཙན་པོའི་ལོ་རྒྱུས་ཐ་མ་ཉན་རྗེས།”

  1. མིང་མེད་རྡོ་རྗེ་ says:
    2012-09-03 at 1:01 pm

    དེའི་སྐབས་ཀྱི་རྒྱལ་བློན་ཚོའི་ཡང་སྲིད་འཁྲུལ་བྲལ་དིང་སང་རྙེད་ཐུབ་བམ། ཧ་ཧ། རྩེད་མོ་གཅིག་པུ་མིན་ནོ།

  2. མགོན་པོ་ཕྱག་གཉིས་པ། says:
    2012-09-03 at 3:07 pm

    བོད་ཀྱི་སྟོབས་ཤུགས་ཉམས་པ་དེ་རྒྱལ་བློན་འགའ་ཤས་ཤིག་ལ་ཐུག་ཡོད་པ་ཞིག་ཨེ་ཡིན། དེའི་སྐབས་ཀྱི་སྲིད་འཛིན་ལམ་ལུགས་དང་ས་ཁོངས་དབྱེ་བགོས་བྱེད་སྟངས། རྒྱལ་པོ་གཅིག་ལ་རྒྱབ་རྩ་དང་སྟོབས་འབྱོར་གཅིག་ལས་གཅིག་ལྷག་པའི་བཙུན་མོ་དུ་མ་ཡོད་པ་དང་། ཞང་སྣ་ཆེན་པོ་དག་གིས་རང་གི་གཉེན་ཚན་དུ་གཏོགས་པའི་རྒྱལ་སྲས་ཁོ་ནར་རྒྱལ་ཁྲི་ཐོབ་པར་འབད་པ། མི་མཐུན་པའི་རྒྱལ་པོའི་འཁོར་གྱི་ནང་རྒྱལ་སྲས་དག་གི་གོ་གནས་ཀྱི་ཆེད་དུ་ཕན་ཚུན་གྲི་བཙུགས་ནས་གསོད་རེས་བྱེད་པ། ད་དུང་ཆོས་ལུགས་ཀྱི་འགལ་ཟླ་ཡོད་པ་སོགས་འགལ་བ་སྣེ་མང་ཞིག་འཛོམས་མེད་དམ་སྙམ།
    གླང་དར་མའི་སྐབས་ཀྱི་རྙོག་དྲ་དེ་གླང་དར་མའི་སྔོན་གྱི་རྒྱལ་རབས་ཁག་ལ་བལྟས་ཡོང་ན་དེ་ནི་གསར་པ་ཅང་མིན་པར་སྔོན་མ་ནས་རྙོག་དྲ་དེ་རིགས་ཡོད་ཡོད་པ་ཞིག་རེད། སྟབས་ཉེས་པ་ཞིག་ལ་དེའི་ཐོག་གླང་དར་ནི་ཁོ་རང་ནག་ཆང་ལ་དད་ཅིང་ཆགས་པ་ཆེ། རང་བཞིན་གྱོང་ཞིང་སྤྱི་བརྟོལ་ཚ། རྔོན་ལ་དགའ་ཞིང་ལེགས་པའི་བྱ་བ་ཐམས་ཅད་ལ་མི་མགུ་བས་རྒྱལ་སྲིད་ལ་སྐྱོན་ཆེར་བྱུང་ཞེས་དེའི་སྐབས་ཀྱི་རྒྱའི་ལོ་རྒྱུས་སུ་གསལ་བ་ལྟར་སྔོན་མ་ནས་བསགས་ཡོང་བའི་ངན་འབྲས་མང་པོ་ཞིག་སྣེ་འཛོམས་ཏེ་བྱུང་བ་ཞིག་ཡིན་པ་འདྲ། རྒྱལ་པོ་དང་་རྒྱལ་སྲས་བཀྲོངས་པའི་གནས་ཚུལ་དེའི་སྔོན་ཡང་རིམ་པར་བྱུང་ཡོད་པ་རེད་དེ། རྩོད་གླེང་དང་གསོད་རེས་སོགས་བརྒྱུད་ནས་གང་ལྟར་མཐར་རྒྱལ་རྒྱུད་འཛིན་མཁན་ཞིག་ཁྲིར་འཁོད་ཐུབ་ཙམ་འབྱུང་གི་ཡོད་པ་རེད། གླང་དར་བསད་རྗེས་དེ་ལྟར་མ་བྱུང་བར་ཕྱོགས་ཁག་གཉིས་སུ་ཆད་དེ་དམག་རྒྱག་རེས་བྱས་པའི་ཐོག་མི་མང་ནང་ཁེང་ལོག་བྱུང་སྟེ་མཐའ་མཇུག་སྲིད་འཛིན་ལམ་ལུགས་ཀྱི་གཞི་རྩ་བརྟན་པོ་མེད་པའི་བཙན་པོའི་རྒྱལ་ཁབ་དེ་ཐོར་ཞིག་ཏུ་འགྲོ་དགོས་བྱུང་བ་རེད། དེའི་སྐབས་ཀྱི་བཙན་པོའི་རྒྱལ་ཕྲན་དང་དཔོན་ཕྲན། བློན་ཁམས་རྣམས་རྒྱལ་པོའི་ལས་བྱེད་པ་མིན་པར་རྒྱལ་པོ་ཆུང་ཆུང་རེ་རེ་ཡིན་པ་རེད། རང་ཉིད་ལ་རང་གི་ས་ཁོངས། དམག་མི་བཅས་ཡོད་པ་རེད། བཙན་པོའི་སྟོབས་ཤུགས་ཉམས་ཞན་དུ་ཆགས་སྐབས། གལ་སྲིད་འགལ་རྐྱེན་རེར་ཕྲད་པ་ཡིན་ན་ངོ་ལོག་དང་ཐོར་ཞིག་ཏུ་འགྲོ་ཆོག་ཆོག་ལྟ་བུར་ཡོད་པ་རེད། དེ་ལྟར་ངོ་ལོག་ཆུང་བའི་རིགས་ནི་སྲོང་བཙན་ནས་གླང་དར་བར་མཚམས་ཆད་མྱོང་ཡོད་པ་མ་རེད།

  3. མིག་བརྒྱད་པ། says:
    2012-09-03 at 8:27 pm

    གླང་དར་གྱི་བསམ་བློ་དང་རིག་གནས་གསར་བརྗེ་པ་གཉིས་ལ་ཁྱད་པར་ཅང་མེད། དོན་དུ་ནང་བསྟན་རྩ་མེད་བཏང་ནས་ས་བདག་བྱེད་རྒྱུ་དེ་རེད། ཁོང་ལ་བྱས་རྗེ་མ་དམིགས་དམིགས་པར་མི་འགྱུར་རོ། །བྱས་རྗེས་གང་ཡོད་པ་དེ་ནི་སྡིག་བློན་གྱི་ཁ་ལ་རྒྱུགས་ནས་ཡབ་མེས་ཀྱི་ཤུལ་བཞག་རྩ་མེད་བཏང་སོང་བ་དེ་རེད། གཞན་གྱི་རིག་གནས་ནང་འདྲེན་བྱེད་པའི་སྙིང་སྟོབས་མེད། དེར་བརྟེན་བོད་སིལ་བུར་ཐོར་བའི་རྒྱུ་རྐྱེན་གཙོ་བོ་ནང་བསྟན་རྩ་མེད་གཏོང་བའི་བསམ་བློའི་སྲིད་ཇུས་དེ་རང་ཡིན་པ་ལས་གཞན་གང་ཡང་མ་ཡིན། གལ་ཏེ་ཁོང་གིས་བོད་གཅིག་སྒྲིལ་གཏོང་འདོད་ཡོད་ནི་མ་རེད། དེ་མེད་ནོ་མཁས་པ་དང་བཙུན་པ་མང་པོ་སྲོག་ཆད་བཙོན་དུ་བཅུག །ལྷ་རྟེན་ཆོས་གསུམ་མེར་བསྲེགས་ཆུ་ལ་བསྐྱུར་ནས་ཤུལ་མེད་དུ་སོང་བ་ན་དམིགས་ཡུལ་འགྲུབ་སོང་བ་རེད། དེ་ནི་ཁོང་གི་བྱས་རྗེས་རེད།
    ལོ་ངོ་གཅིག་སྟོང་སྔོན་གྱི་འུ་དུམ་བཙན།།
    ང་དགུའི་རྗེས་ཀྱི་རིག་གནས་གསར་བརྗེ་པས།།
    ཤཱཀྱ་ཐུབ་པའི་ཆོས་ལུགས་དགྲར་མཐོང་ནས།།
    བོད་ཡུལ་འཕུང་ལ་སྦྱོར་སྟངས་གཅིག་མཚུངས་ཡིན།།

    ལྷ་སྲས་དར་མས་ས་བདག་བྱེད་འདོད་དང་།།
    དམར་པོས་ཡར་རྒྱས་ཁ་གཡང་སྒྲོག་པ་གཉིས།།
    ངོ་བོ་གཅིག་ལ་རྣམ་པ་ཐ་དད་པས།།
    བོད་ཡུལ་འཕུང་ལ་སྦྱོར་སྟངས་གཅིག་མཚུངས་ཡིན།།

    དར་མས་རང་གི་མི་ལ་སྡུག་ཉེས་བཏང་།།
    གུང་གིས་བོད་ཀྱི་བདག་དབང་བཙན་གྱིས་འཕྲོག།
    བྱེད་ལུགས་བྱེད་སྟངས་མི་འདྲ་ཙམ་ཞིག་གིས།།
    བོད་ཡུལ་འཕུང་ལ་སྦྱོར་སྟངས་གཅིག་མཚུངས་ཡིན།།

  4. བོད་ལ་ཞེན། says:
    2012-09-03 at 10:48 pm

    རྣམ་པ་ཚོ་ལ་ཞུ་རྒྱུ། བཙན་པོ་གླང་དར་སྐབས་ཀྱི་འཐབ་རྩོད་ཀྱི་གཞི་ནི་ཆོས་ཁས་ལེན་དང་མི་ལེན་གྱི་མ་རེད། རྩོད་གཞི་ངོ་མ་ནི་བཙན་པོའི་གསེར་ཁྲིའི་ཆེད་དུ་རེད། བཙན་པོ་གླང་དར་གྱི་ཆོས་བསྣུབས་པ་ཡང་བོད་ལ་ཡར་རྒྱས་འགྲོ་བའི་ཆེད་དུ་མིན་པར་རང་གིས་བཀྲོངས་པའི་བཙན་པོ་གོང་མ་ཁྲི་རལ་པའི་ཕྱོགས་གཏོགས་རྣམས་རྩ་མེད་བཟོ་བའི་འཆར་གཞི་ལྡན་པའི་ལས་འགུལ་ཆེན་པོ་ཞིག་རེད། གལ་སྲིད་ཁོང་གི་ལས་འགུལ་ལམ་དུ་སོང་ཡོད་ཚེ་རང་ལ་ཁ་གཏད་སུ་ཡང་མེད་པར་གསེར་ཁྲི་བརྟན་པོ་ཞིག་ཡོང་ཚོད་ཡིན་ཀྱང་ལམ་དུ་མ་འགྲོ་བ་རེད། འོ་ན་གསེར་ཁྲིའི་ཆེད་ཆོས་བསྣུབས་དགོས་པའི་རྒྱུ་མཚན་གང་རེད་སྙམ་ན། དེ་ནི་རྒྱུ་མཚན་ལས་སླ་པོ་རེད། བཙན་པོ་ཁྲི་རལ་གྱིས་ཆོས་དང་ཆོས་པ་རྣམས་ལ་བསྙེན་བཀུར་ཧ་ལས་པ་གནང་སྟབས་ཆོས་པ་རྣམས་རང་གཞིན་གྱིས་བཙན་པོ་ཁྲི་རལ་ལ་སྙིང་ཉེ་བ་ཡོད་སྟབས་བཙན་པོ་གླང་དར་གྱི་སྙིང་ནད་དུ་འགྱུར་བ་རེད། བཙན་པོ་གླང་དར་གྱིས་བཙན་པོ་ཁྲི་རལ་བཀྲོངས་རྗེས་ཐོག་མ་ཆོས་པ་རྣམས་ངོ་མི་ལོག་པའི་ཆེད་རང་ཉིད་ཀྱིས་ཀྱང་ལྷ་ཁང་བཞེངས་པ་དང་ཆོས་པ་ལ་བསྙེན་བཀུར་སོགས་གང་ཐུབ་བྱེད་པ་རེད། འོན་ཀྱང་དེ་ལྟར་འཇམ་པོས་བཙན་པོ་བཀྲོངས་པའི་འཁོན་བསལ་མ་ཐུབ་སྟབས་རྩུབ་པོའི་སྒོ་ནས་རྩ་མེད་བཟོ་བརྩིས་གནང་བ་རེད། དེས་ན་ལོ་རྒྱུས་ངོ་མ་ནི་ཆོས་པ་རྣམས་ཀྱིས་བཤད་པ་ལྟར་བཙན་པོ་གླང་དར་བདུད་སྤྲུལ་ཡིན་སྟབས་ཆོས་བསྣུབས་པ་མ་རེད་ལ་བོན་པོ་རྣམས་ཀྱིས་བཤད་པ་ལྟར་བོད་ལ་ཡར་རྒྱས་ཡོང་བའི་ཆེད་དུའང་་མ་རེད། མདོར་ན་རང་ཉིད་ཀྱི་གོ་སའི་ཆེད་ཁོ་ན་རེད།

  5. བཀྲ་ཤིས། says:
    2012-09-04 at 5:35 am

    ཞབས་མཆན་ཚོས་བཤད་པ་ལྟ་བུ་རེད། ལོ་༡༠༠༠་་ཡར་སྔོན་གི་རྒྱལ་རབས་མ་ཉམས་ནས་བསྡད་རབས་འཛམ་གླིང་ཐོག་ཡོད་མི་སྲིད་པ་རེད། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ད་སྐབས་ཀི་ལོ་རྒྱུ་༦༠ཡར་མར་རེད་མོ། མ་གཞི་རྒྱ་ནག་གསང་བའི་ལས་ཁུང་གི་ཕོག་ཟན་ཁག་གཅིག་གི་བོད་པའི་རིག་མེད་པ་བཟོ་ནས་སྐད་ཆ་འདི་འདྲ་བཟོས་པ་རེད་མ་གཏོགས་གནའ་སྔ་མོ་འཛམ་གླིང་ཚང་མས་རྒྱ་རབས་བརྗེ་བོ་ནས་ཡོངཤ སྟག་རེད། གཅིག་བསད་ནས་གཅིག་ལངས་། གཅིག་མེད་པ་བྱས་གཅིག་ལ་ཤོར་ནས་འཁོར་ལོ་བསྐོར་ནས་ཡོང་ནི་རེད་མ་གཏོགས་་མནའ་ལོ་༡༠༠༠་་སྔོན་གྱི་གནའ་རབས་དེ་ད་རུངལྷག་ཡོད་ས་ཞིག་སུ་ཡང་ཡོད་མི་སྲིད་པ་རེད།
    བཙན་པོ་གསོད་ན་གསོད་ཆོག་ནི་ཟིག་རེད། བླ་མ་གསོད་ན་གསོད་ན་ཆོག་ནི་ཟིག་རེད་ཧ་ལས་རྒྱུ་ཅང་མེད་ནི་ཟིག་རེད། དར་མས་ཕ་མ་གཅིག་པའི་སྤུན་མཆེད་བསད་པ་རེད་དེ་དུས་ཐོབ་ཐང་གི་རྙོག་དྲ་ཆེ་བའི་སྒང་ཞིག་རེད་མོ་་སུས་ཟེར་ཤེས།

  6. རྣ་བ་བརྒྱདཔ་ says:
    2012-09-04 at 3:55 pm

    མཁས་པ་མིག་བརྒྱད་པ་ཡི་བདེན་གསུངས་ལ། ལུང་དང་ལོ་རྒྱས་རྒྱུ་མཚན་རྒྱབ་ལྗོང་མང། དེ་མིན་ཁུང་ལུང་མེད་པའི་འདོད་ཚུལ་རྣམས། ཚད་ལྡན་ལོ་རྒྱས་ཀུན་གྱིས་དགྲ་རུ་སྣང།

  7. མིང་མེད་རྡོ་རྗེ་ says:
    2012-09-04 at 11:58 pm

    ༢༽ མགོན་པོ་ཕྱག་གཉིས་པ་ལགས་ཀྱིས།
    ་་་་ གླང་དར་མའི་སྐབས་ཀྱི་རྙོག་དྲ་དེ་གླང་དར་མའི་སྔོན་གྱི་རྒྱལ་རབས་ཁག་ལ་བལྟས་ཡོང་ན་དེ་ནི་གསར་པ་ཅང་མིན་པར་སྔོན་མ་ནས་རྙོག་དྲ་དེ་རིགས་ཡོད་ཡོད་པ་ཞིག་རེད། སྟབས་ཉེས་པ་ཞིག་ལ་དེའི་ཐོག་གླང་དར་ནི་ཁོ་རང་ནག་ཆང་ལ་དད་ཅིང་ཆགས་པ་ཆེ། རང་བཞིན་གྱོང་ཞིང་སྤྱི་བརྟོལ་ཚ། རྔོན་ལ་དགའ་ཞིང་ལེགས་པའི་བྱ་བ་ཐམས་ཅད་ལ་མི་མགུ་བས་རྒྱལ་སྲིད་ལ་སྐྱོན་ཆེར་བྱུང་ཞེས་དེའི་སྐབས་ཀྱི་རྒྱའི་ལོ་རྒྱུས་སུ་གསལ་བ་ལྟར་སྔོན་མ་ནས་བསགས་ཡོང་བའི་ངན་འབྲས་མང་པོ་ཞིག་སྣེ་འཛོམས་ཏེ་བྱུང་བ་ཞིག་ཡིན་པ་འདྲ། ་་་་་་་
    ཞེས་དང་།
    ་་་་་་་་་་བཙན་པོའི་སྟོབས་ཤུགས་ཉམས་ཞན་དུ་ཆགས་སྐབས། གལ་སྲིད་འགལ་རྐྱེན་རེར་ཕྲད་པ་ཡིན་ན་ངོ་ལོག་དང་ཐོར་ཞིག་ཏུ་འགྲོ་ཆོག་ཆོག་ལྟ་བུར་ཡོད་པ་རེད། དེ་ལྟར་ངོ་ལོག་ཆུང་བའི་རིགས་ནི་སྲོང་བཙན་ནས་གླང་དར་བར་མཚམས་ཆད་མྱོང་ཡོད་པ་མ་རེད། ཟེར།

  8. མིང་མེད་རྡོ་རྗེ་ says:
    2012-09-05 at 12:00 am

    ༣༽ མིག་བརྒྱད་པ་ལགས་ཀྱིས།
    སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ གི་ཆུ་ཚོད་ ༢༠ སྐར་མ་ ༢༧
    གླང་དར་གྱི་བསམ་བློ་དང་རིག་གནས་གསར་བརྗེ་པ་གཉིས་ལ་ཁྱད་པར་ཅང་མེད། དོན་དུ་ནང་བསྟན་རྩ་མེད་བཏང་ནས་ས་བདག་བྱེད་རྒྱུ་དེ་རེད། ཁོང་ལ་བྱས་རྗེ་མ་དམིགས་དམིགས་པར་མི་འགྱུར་རོ། །བྱས་རྗེས་གང་ཡོད་པ་དེ་ནི་སྡིག་བློན་གྱི་ཁ་ལ་རྒྱུགས་ནས་ཡབ་མེས་ཀྱི་ཤུལ་བཞག་རྩ་མེད་བཏང་སོང་བ་དེ་རེད། ་་་་་་་་་་་ཟེར།

  9. འདྲེ་ནག་མགོ་དགུ་ says:
    2012-09-05 at 9:39 pm

    མངའ་བདག་ཁྲི་རལ་ཆོས་ལ་དད་ཆེས་པས་་བློན་པོས་བཀྲོངས་པ་དང་། འུ་དུམ་བཙན་ཆོས་ལ་གནག་ཆེས་པས་དཔལ་རྡོར་གྱིས་བཀྲོངས་པ་རེད། དངོས་གནས་བྱས་ན་དང་བོ་མངའ་བདག་ཁྲི་རལ་གྱི་མཛད་རྗེས་མང་བོ་ལ་མངོན་པར་བསྟོད་འོས་ཀྱང་། ཁོང་གིས་རབ་ཏུ་བྱུང་བ་ཚོར་ཤིན་ཏུ་མཐོང་ཆེན་གནང་བ་དེས་མཐའ་མར་རང་གི་སྲོག་ཀྱང་ཤོར་དགོས་བྱུང་ཞིང་། དེས་འུ་དུམ་བཙན་ལ་བཙན་པོ་བྱ་རྒྱུའི་གོ་སྐབས་བསྐྲུན་ཡོད་ལ།
    འུ་དུམ་བཙན་ནི་ཆོས་ལུགས་ལ་ཞེ་སྡང་བའི་བློན་པོ་རྣམས་ཀྱིས་རྒྱབ་སྐྱོར་ཁྲོད་ནས་རྒྱལ་སྲིད་ཐོབ་པ་ཞིག་ཡིན་པ་ཁོ་རང་གིས་ཤེས་བཞིན་ཡོད་ལ། རང་གི་གཅུང་རྐྱེན་བཀྲོངས་རྐྱེན་ཡང་ཆ་ཚང་ཤེས་ཀྱིན་ཡོད་པས། ཁོས་ནང་ཆོས་བསྣུབ་རྒྱུ་ནི་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་ཡོང་རྒྱུའི་ཆེད་དུ་ཡིན་ཡང་། མཐར་རང་ཉིད་དང་བཙན་པོའི་སྲིད་དབང་བཅས་ལ་སྦྱར་བ་རེད།

  10. མིང་མེད་རྡོ་རྗེ་ says:
    2012-09-05 at 10:54 pm

    མངའ་བདག་ཁྲི་རལ་ཆོས་ལ་དད་ཆེས་པས་བློན་པོ་ཆོས་གནག་པ་ཚོས་མཆོད་ཆང་ཕུ་ཞོར་དུ་ལྟག་པ་བཅུས་ནས་བཀྲོངས།
    དར་མ་འུ་དུམ་བཙན་ནི། ཁྲི་རལ་གྱི་གཅེན་པོ་ཡིན་ན་ཡང་། ཁོ་རང་ཆུང་དུས་ནས་ནག་ཆང་ལ་དད་ཅིང་ཆགས་པ་ཆེ། རང་བཞིན་གྱོང་ཞིང་སྤྱི་བརྟོལ་ཚ། རྔོན་ལ་དགའ་ཞིང་ལེགས་པའི་བྱ་བ་ཐམས་ཅད་ལ་མི་མགུ་བས་རྒྱལ་སྲིད་མ་ཐོབ་པ་དང་།
    ཕྱིས་སུ་གཅུང་ཁྲི་རལ་བཀྲོངས་ནས་རྒྱལ་སྲིད་ཐོབ་ཀྱང་། རྒྱལ་པོ་ཆོས་བསྣུབས་པ་སོགས་ནང་ཆོས་ལ་གནག་ཆེས་པས། གྲུབ་ཐོབ་ལྷ་ལུང་དཔལ་རྡོར་རྗེས་རྒྱལ་པོའི་སྤྲེལ་བར་མདའ་འཕེན་ནས་བཀྲོངས་པ་རེད། །ཟེར།
    རིགས་བརྒྱུད་ཉམས་དུས་བུ་ངན་སྐྱེ། ཞེས་པའི་གཏམ་དཔེ་དང་མི་མཚུངས་སམ། །ཨ་ཁ། ང་ཚོའི་བཙན་པོའི་གདུང་བརྒྱུད། ཆད་སྟངས་ལ་གཟིགས་དང་། །ད་ལྟའི་བལ་པོའི་གདུང་བརྒྱུད་ཆད་སྟངས་ལས་དྲགས་ཙམ་མི་འདུག་གམ། ཀྱེ་མ་ཧོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme