Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནམ་འོག་གི་མགྱོགས་བྲིས།

Posted on 2012-09-032012-09-03 By ཁ་བརྡ་ No Comments on གནམ་འོག་གི་མགྱོགས་བྲིས།

མགར་འཇམ་དབྱངས།

མེར་གྱིས་ལྟེམས་པའི་རྒྱ་མཚོར་སྔོན་མོར་འཐིམ་ལ་ཉེ་བའི་གྲུ་ཆུང་ཞིག །
ལོ་དང་ཟླ་བར་ཞག་དང་ཉི་མར་རེ་བའི་ངོ་གདོང་སྐམ་ཅིང་རིད། །
དྲག་ཏུ་འཕྱོ་བའི་རླབས་དང་བསྟུན་པའི་སྙིང་གི་འཕར་རྩ་རྟབ་པོར་གྱུར། །
མིག་མདངས་ལྷག་མའི་ཕམ་ཉེས་ཁྲོད་དུ་རྒྱང་མཐའི་ས་མཚམས་རབ་རིབ་ཅིག །
སྨྱུ་གུའི་རྩེ་རུ་དྲོད་ཐིགས་སྨིན་པའི་དབུལ་བོའི་ཚོགས་ཤིག་འཁོན་ཅིང་རྩོད། །
ཆང་དང་བུ་མོའི་འཕོངས་ཚོར་དུངས་པའི་སྐུ་ངོ་རྒྱག་པ་གཉིད་དུ་ཡུར། །
འཆི་བདག་འཇིགས་པོས་གདན་ཞུ་འབྱོར་བའི་ཨ་མ་རྒན་མོ་རེ་བ་བྲལ། །
ཉོག་ཏུ་སོང་བའི་མེས་པོའི་ཁྱིམ་གཞིར་མི་རྐང་ཤོར་བའི་ཚོར་སྣང་སྟེར། །
ཚུལ་འཆོས་འཐུག་པོས་ཧྲིལ་གྱིས་བསྡམས་པའི་མཐོ་སྒང་གྲོང་ཚོ་འཇིགས་ཤིང་ཡེར། །
ངོ་གདོང་དྲེད་པོའི་དཔུང་གི་ཚོགས་ཤིག་གཡག་རོག་འགྲོས་ཀྱི་ངོམ་སོ་བྱེད། །
བདེ་ཐང་མིན་པའི་སྐད་ཆ་སྦོམ་པོས་མཁའ་དབུགས་གཙང་མའི་རྒྱུ་བ་གཅོད། །
སྦམ་མདོག་ཤོར་བའི་མི་རྐྱང་རེ་གཉིས་ཉི་ཤེལ་འོག་ཏུ་ལྐོག་ལྟར་བྲེལ། །
ཆེན་པོའི་ཚོགས་ཀྱིས་ཁ་ཕོ་ཞིག་གིས་ཧེ་བག་ཤོར་བའི་མི་ཞིག་བཟོས། །
གནམ་དང་ས་ཡི་ཚད་ཐིག་བར་དུ་དྲང་སྙོམས་མིན་པའི་མགོ་འཕང་མཐོང་། །
ཕཌ་སྒྲ་རྫིག་པོས་རྒྱུ་ཆེན་བཟོས་པའི་འཁོར་དང་ཟ་ཟའི་རོལ་རྩེད་མང་། །
ཚིགས་ཐུབ་མིན་པའི་དད་འདུན་མོག་པོར་གས་ཆག་གཏོང་བའི་ཆོམ་པོ་མང་། །
ནམ་ཟླ་རྩུབ་པོར་ཡུན་རིང་བཀྱེས་པའི་སྦྲ་རྒན་ནག་པོ་རྒས་ཤིང་འཁོགས། །
པགས་རྩག་འཐུག་པོའི་ཚི་དྲེག་བར་ན་ཡོད་ཚད་གཏམས་པའི་ཆོག་ཤེས་ཤིག །
ནོར་གནག་རྗེས་ཀྱི་ལྕི་འདམ་ཁྲོད་དུ་ཀྰ་ལའི་ཚེ་སྲོག་འཇིགས་པས་བྲེལ། །
སྒོ་ཁྱི་བཙན་པོས་ལུང་སྟོང་སྐྱོམ་པའི་གདོད་མའི་རྣམ་པ་བརྟན་ཅིང་ལྷིང་། །
འཇིགས་རུང་སྤྲིན་པའི་འཕག་འཚག་ཅིག་གིས་ཟླ་བའི་འོད་མདངས་མོག་པོར་བཏང་། །
ཁུ་སིམ་མཚན་མོའི་ལྷིང་འཇགས་དཀྲོག་པའི་མྱོས་གླུ་ཐན་ཐུན་རྣ་བར་གཟན། །
རྨི་ལམ་མཛའ་མོར་རེ་བཞག་བོར་བའི་གླལ་རྒྱིང་རིང་བོ་བསྟུད་མར་ཤོར། །
ཆེན་པོ་མལ་ཁྲིའི་སྒང་གི་མི་ལ་མཚན་ཐུན་གཅིག་གི་གོད་ཆག་ཅིག །

རྩོམ་རིག

Post navigation

Previous Post: རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་ལ་འབྱོར་བར་ངོ་རྒོལ།
Next Post: བོད་བཙན་པོའི་ལོ་རྒྱུས་ཐ་མ་ཉན་རྗེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme