Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྷོ་རེ་ཡ་ཐུའི་མངའ་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།

Posted on 2012-09-03 By ཁ་བརྡ་ 4 Comments on བྷོ་རེ་ཡ་ཐུའི་མངའ་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།

ཀརྨ་བསྟན་འཛིན་བརྒྱུད་སྤྱི་འཐུས་རྨོག་རུ་བསྟན་པས།

ཕྱི་ལོ་༢༠༡༢།༩།༢ བོད་ཀྱི་མང་གཙོའི་དུས་ཆེན་ཉིན་ཨུ་རུ་སུའི་མངའ་ཁུལ་བྷོ་རེ་ཡ་ཐུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་བསྐོར་བསྐྱོད་དང་མི་མང་ནས་མཚན་རྟགས་བསྡུ་རུབ་བྱས་ཡོད་འདུག
ཕྱི་ཚེས་༡ ཉིན་མོ་སུ་ཁོའི་བོད་དོན་རྒྱབ་སྐྱོར་བ་བོད་ཀྱི་ཁང་པའི་ཚོགས་གཙོ་ལྕམ་ན་རྒྱ་ལགས་ཀྱིས་བདེན་པའི་མེ་ལྕེ་ཡི་དཔལ་འབར་འཁྱེར་དེ་བྷོ་རེ་ཡ་ཐུར་འབྱོར་ཡོད་པ་དང་། གནམ་ཐང་དུ་འབྱོར་སྐབས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། ཚོགས་གཞོན། དྲུང་ཆེ་གཙོ་བོས་མི་མང་གིས་སྣེ་ལེན་མཇལ་དར་སྒྲོན་ཡོད་པ་རེད།
ཕྱི་ཚེས་༢ ཉིན་བྷོ་རེ་ཡ་ཐུའི་ཨོ་ལན་བོ་དེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭའི་ཚོགས་ཁང་ནས་བདེན་པའི་མེ་ལྕེ་བསྐོར་བསྐྱོད་གདན་འདྲེན་ཞུས་ཡོད་པ་དང་། བསྐོར་བསྐྱོད་ཀྱི་ལས་འགུལ་འདིར་མཁན་པོ་ཆོས་རྡོ་རྗེ་ལགས་དང་། དགེ་བཤེས་བྱམས་པ་འཕྲིན་ལས་སོགས་ཀྱི་གཙོ་བོས་མི་མང་ལྔ་བརྒྱ་ལྷག་ཅིག་མཉམ་འཛོམས་བྱུང་ཡོད་པ་རེད།
བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་བསྟན་འཛིན་ལགས་ཀྱིས་བདེན་པའི་མེ་ལྕེ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་མཁན་པོ་ཆོས་རྡོ་རྗེ་ལགས་དང་། དགེ་བཤེས་བྱམས་པ་འཕྲིན་ལས་སོགས་ཀྱིས་ཀྱང་གསུང་བཤད་གནང་ཡོད་འདུག དེ་རྗེས་བོད་ཀྱི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་སྐུ་པར་མི་མང་ཁྲོད་འགྲེམས་སྟོན་བྱས་པར་མི་མང་གིས་ཚོར་ཤུགས་དྲག་པོས་རྣམ་འགྱུར་བསྟན་ཡོད་པ་རེད།
བདེན་པའི་མེ་ལྕེ་བསྐོར་བསྐྱོད་ཀྱི་མཛད་སྒོ་གྲུབ་རྗེས་མི་མང་ནང་མཚན་རྟགས་བསྡུ་རུབ་བྱས་ཡོད་འདུག ཐེངས་འདིའི་མཛད་སྒོ་འདིར་བདེན་པའི་མེ་ལྕེ་བསྐོར་བསྐྱོད་དང་། བོད་ཀྱི་མང་གཙོ་དུས་ཆེན་ཐེངས་༥༢་པ་སྲུང་བརྩི་བྱས་པ། བོད་ཀྱི་སྲིད་སྐྱོང་བཀའ་བློན་ཁྲི་བ་མཆོག་གིས་སྲིད་སྐྱོང་བའི་མཛད་འགན་བཞེས་ནས་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་སོགས་དུས་ཆེན་གསུམ་འཛོམས་ཀྱི་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་ཆགས་ཡོད་པ་དང་། ས་གནས་བོད་རིགས་ཚོགས་པ་གསར་འཛུགས་རྗེས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་དང་པོ་དེ་ཡང་ཆགས་ཡོད་པ་རེད།

 

གསར་འགྱུར།

Post navigation

Previous Post: ནང་ཆོས་དང་ཚན་རིག (ཚན་རིག་ནང་ཆོས་དང་འཕྲད་པའི་གལ་གནད།)
Next Post: དཀྲོག་གཏམ་གྱི་རྒྱབ་མདུན་དང་བདག་གི་རེ་བ།

Comments (4) on “བྷོ་རེ་ཡ་ཐུའི་མངའ་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།”

  1. ལི་ཐང་དབྱིག་གཉེན་ནས། says:
    2012-09-03 at 3:05 am

    རྩོམ་བསྡུའི་གསལ་བརྡ།
    ༄༅།།མཁྱེན་དཔྱོད་མཆོག་ཏུ་ཡངས་པའི་ཕྱི་ནང་གི་རྩོམ་པ་པོ་ཡོངས་ལ་
    གུས་ཞུ།
    འདི་གའི་<>་ལོ་དེབ་རྩོམ་སྒྲིག་ཁང་གིས་<>་འདོན་ཐེངས་གཉིས་པ་མི་རིང་བར་འདོན་འཆར་ཡོད་པས་ལོ་དེབ་འདིའི་ཁ་བྱང་དང་འབྲེལ་བའི་བཅར་འདྲི་དང་དེ་མིན་སྒྲུང་རྩོམ།འབོལ་རྩོམ།རང་མོས་སྙན་ངགཚིག་ལྷུག་དང་བསྒྱུར་རྩོམ།ནང་ཆོས་རྩེད་རིགས།གྲགས་ཅན་མི་སྣ་ངོ་སྤྲོད་སོགས་མདོར་ན་ཁྱེད་ཅག་གིས་རྩོམ་ལུས་ཁྱད་མེད་ཀྱི་ཐོག་ནས་ངེད་རྩོམ་སྒྲིག་ཁང་དུ་བསྐུར་རོགས་ཞུ།རྩོམ་ཡིག་ལ་ཚད་བཀག་མེད་མོད།རྩོམ་ཡིག་རྣམས་འདི་གར་འབྱོར་ཟིན་རྗེས་སུ་ལོ་དེབ་ཏུ་འགོད་མིན་ངེད་རྩོམ་སྒྲིག་པར་དབང་བས་རྙོག་གླེང་མི་བྱ་བ་ཞུ།དམིགས་བསལ་ཞུ་རྒྱུ་ཞིག་ལ་བྱེས་འབྱོར་བའི་རྩོམ་པ་པོ་ཚོས་དྲྭ་བ་ཁག་ཏུ་བཀོད་ཟིན་པའི་རྩོམ་ཡིག་རྙིང་པ་རྣམས་འདི་ནས་ལོ་དེབ་ཏུ་གཏན་ནས་འགོད་ཀྱི་མིན་པས་དེ་ལུགས་ཀྱི་རྩོམ་ཡིག་གསར་བ་རེ་བསྐུར་གནང་ཡོང་བར་མཁྱེན།འདི་གར་བསྐུར་ཟིན་པའི་རྩོམ་ཡིག་དག་ལོ་དེབ་འདོན་མ་ཚར་བར་དྲྭ་བ་སོགས་གཞན་དུ་མི་འགོད་པ་ཞུ།རྩོམ་བསྡུའི་དུས་ཚིགས་ནི།སྤྱི་ཟླ༩ཚེས༣ནས༡༠པའི་ཚེས༣ནང་ཚུད་དུ་འདི་གར་རྩོམ་སྒྲིག་ཁང་དུ་ངེས་འབྱོར་ཐུབ་དགོས།རྩོམ་སྣོད། chidelchomdelkhang@yahoo.com ལག་ཐོག་ཁ་པར།༨༨༩༢༩༨༥༣༣༡
    ཁ་བརྡ་ལ་རེ་བ་ཞུ་རྒྱུར། གསལ་བརྡ་འདི་དྲྭ་བའི་མདུན་ངོས་སུ་འགོད་རོགས་ཞུ།

  2. ལི་ཐང་དབྱིག་གཉེན་ནས། says:
    2012-09-03 at 3:07 am

    ཆིག་སྒྲིལ་ལོ་དེབ་རེད། <>

  3. མདོ་སྨད་པ་བླུན་པོ་ནས་ says:
    2012-09-03 at 7:08 am

    སྐུ་ངོ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ནས་ཚོགས་པ་གསར་འཛུགས་ཀྱིས་འདི་བཞིན་བོད་དོན་བདེན་པའི་མེ་ལྕེ་བསྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  4. མདོ་སྨད་པ་བླུན་པོ་ says:
    2012-09-03 at 7:10 am

    མུ་མཐུད་དུ་ཚོགས་པ་ཡར་རྒྱས་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད་མུ་མཐུད་དུ་བོད་དོན་དྲིལ་བསྒྲགས་སོགས་ལ་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme