Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་སྐྱོང་ཨེ། ཡང་བསྐྱར་བསམ་བློ་ཐོངས།

Posted on 2009-07-212009-07-21 By དགེ་རབ་ 3 Comments on རང་སྐྱོང་ཨེ། ཡང་བསྐྱར་བསམ་བློ་ཐོངས།

ཨེ་ལིའོ་ཊི་ སྤེར་ལིང་། (Elliot Sperling)
—————–
ད་དུང་ཡང་རྒྱ་ནག་གིས་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་རྩེད་མོ་རྩེ་བཞིན་པ་འདིའི་ཐད་དཔང་རྟགས་ཤིག་དགོས་ཀྱི་ཡོད་ན། ཉེ་ཆར་གྱི་གནད་དོན་དག་གིས་གནས་སྟངས་ཧ་ཅང་གསལ་པོ་བཟོས་ཡོད་པ་རེད། སྔ་ལོའི་སྤྱི་ཟླ་ ༡༡ པའི་ནང་བོད་མི་ཚོས་རྒྱ་ནག་ལ་འཆར་གཞིའི་ཡིག་ཆ་ཞིག་སྤྲད་པ་རེད་ལ། དེའི་དགོས་དོན་ནི་༧རྒྱལ་བ་རིན་པོ་ཆེའི་བོད་རང་སྐྱོང་གི་ཐད་བཞེད་ཕྱོགས་ནི་ད་ལྟ་ཡོད་བཞིན་པའི་རྒྱ་ནག་གི་མི་རིགས་རང་སྐྱོང་ཁྲིམས་ལུགས་དང་ཆ་ཚང་མཐུན་པ་ཞིག་ཡིན་པ་སྟོན་རྒྱུའི་ཆེད་དུ་ཡིན་པ་རེད། ཡིག་ཆ་དེ་ངར་པོ་དང་བཅས་ཕྱིར་སློག་བྱས་ཤིང་ཕྱོགས་གཉིས་བར་གྱི་གྲོས་མོལ་དེ་སྐད་ཅོར་དང་བཅས་མཚམས་བཞག་པ་རེད།

ཕྱི་ཟླ་ ༦ ཚེས་ ༢༢ ཉིན་བཙན་བྱོལ་བོད་མིའི་ལས་བྱེད་དག་མཉམ་འཛོམས་ཀྱིས་ཁོང་ཚོའི་ལངས་ཕྱོགས་གསལ་པོ་བཟོ་རྒྱུའི་གསལ་བསྒྲགས་ཤིག་གི་མ་ཟིན་བཟོ་རྒྱུ་དང་། དེའི་རེ་བ་ནི། ལམ་ཁ་འགག་པ་དེ་ཚོ་བསངས་ཡོང་གི་རེད་ཅེས་པའི་གནས་ཚུལ་ཐོན་འདུག གསལ་བསྒྲགས་གསར་པ་དེ་ནི་བོད་མི་ཚོས་རྒྱ་ནག་གི་རང་སྐྱོང་ཁྲིམས་ཡིག་ཁག་གཞི་རྩ་ལ་བཞག་ནས་མཐུན་ལམ་ཞིག་རྙེད་འདོད་ཡོད་པ་དེ་སྟོན་ཆེད་དམིགས་པ་ཞིག་རེད། སྟབས་ཉེས་པ་ཞིག་ལ། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་དང་འབྲེལ་བ་བྱས་པའི་རྨོངས་པ་དེ་དག་ད་ཆ་ཁ་སྐྱེངས་པའི་ཞིབ་ཆ་དང་བཅས་འགྲེམས་སྟོན་བྱས་པ་ཡོད་པ་རེད།

༧རྒྱལ་བ་རིན་པོ་ཆེའི་གྲོས་མོལ་སྐུ་ཚབ་གཙོ་བོ་སྐལ་བཟང་རྒྱལ་མཚན་དང་རྒྱ་རི་བློ་གྲོས་གཉིས་ལས་བྱེད་གཞན་དང་ལྷན་དུ་འཛོམས་ནས་རང་གིས་སྒོམ་པའི་རྒྱ་ནག་གི་ཁེ་ཕན་ཅན་གྱི་ལངས་ཕྱོགས་ཤིག་འདོན་ཐབས་བྱས་པ་དང་། ཧཱར་ཝར་ཌི་ནས་སློབ་སྦྱོང་སྤྲད་པའི་མཁས་པ་བློ་བཟང་སེང་གེ་ཡིས་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དེ་དག་རང་གི་ཁྲིམས་ཀྱི་ཞིབ་འཇུག་དང་སྦྱར་ནས་བསྐྱར་འདོན་བྱེད་ཀྱིན་འདུག ཡིན་ན་ཡང་གནས་ཚུལ་ངོ་མ་ནི། མི་འདི་དག་ཚང་མ་ནི་རྒྱ་ནག་གི་ས་གནས་མི་རིགས་རང་སྐྱོང་སྐོར་ལ་རྒྱ་ཡིག་ནང་རྩོམ་ཡིག་དང་དཔེ་དེབ་བརྒྱ་ཕྲག་མང་པོའི་འགྲེལ་བཤད་ཀྱི་ཕུང་པོ་ཞིག་གྲུབ་པ་དེ་ཚོའི་ཐད་ལག་ལེན་གྱི་ཐོག་ནས་ཡིག་རྨོངས་ཡིན་པ་རེད། ༼ཁོང་ཚོ་ནི་༽རྒྱ་ནག་གི་ཆབ་སྲིད་གནད་ཅན་ཁག་གི་མཐའ་སྐོར་དུ་ཧ་ལམ་མིག་བཙུམས་ནས་མཆོངས་ལྡིང་བྱེད་བཞིན་པས་ན། ༼གོང་གསལ་༽འདིས་ཀྱང་༧རྒྱལ་བ་རིན་པོ་ཆེའི་མི་མང་ཚོ་ལ་བསུན་གཙེར་བྱུང་ཡོད་པའི་སྣང་བ་ཞིག་རྩ་ནས་མི་འདུག

༢༠༠༨ ལོའི་དཔྱིད་ཀ་ནས་བཟུང་རྒྱ་ནག་གིས་ དུས་རབས་བཅུ་གསུམ་པའི་སོག་པོའི་དབང་བསྒྱུར་གྱིས་བོད་འདི་རྒྱ་ནག་གི་ཆ་ཤས་སུ་བསྒྱུར་ཞེས་པའི་ཡོངས་གྲགས་ཀྱི་རྩོད་པ་དེ་གཡུགས་ནས། ཤུགས་ཇེ་ཆེ་དང་ཇེ་རྩུབ་ཀྱི་ཐོག་ནས་བོད་འདི་ “མིའི་འགྲོ་བ་བྱུང་བ་”ནས་བཟུང་རྒྱ་ནག་གི་ཆ་ཤས་ཡིན་པ་བཤད་དེ་ལོ་རྒྱུས་ཀྱི་རྩོད་གླེང་ལ་ལན་འདེབས་བྱས་སོང་། འདིས་ལོ་རྒྱུས་ནི་རྒྱ་ནག་གི་བདག་དབང་རྩོད་གླེང་འདི་འཇལ་བྱད་དྲང་བདེན་ཅན་ཞིག་མིན་པའི་རྣམ་འགྱུར་སྟོན་པ་རེད་ལ། དེར་བརྟེན་ད་དུང་རྒྱ་ནག་ཏུ་གླེང་སློང་གསར་པ་ཞིག་ཐོན་པ་དེས་རང་སྐྱོང་སྐོར་གྱི་ཁྲིམས་ཡིག་དེ་ཚོ་ཡང་གཞུང་ལ་ཁ་གཏད་གཅོག་རུང་བའི་ཚད་ལྡན་གྱི་འཇལ་བྱད་ཅིག་ཏུ་བརྩི་མི་རུང་བ་སྟོན་གྱི་འདུག ལྡོག་ཕྱོགས་ནས་བཤད་ན། དེ་དག་ནི་གཞུང་དང་ཚོགས་པ་ཁག་གི་ལག་ཆ་ཞིག་སྟེ། རང་གི་འདོད་པའི་ཆབ་སྲིད་ཀྱི་དགོས་འདུན་སྐོང་མི་ནུས་པ་ཤར་ཚེ་སྣོན་འཕྲི་བྱེད་རུང་བ་ཞིག་རེད།

ཟླ་བ་ ༤ པའི་ནང་། ༧རྒྱལ་བ་རིན་པོ་ཆེའི་དབང་འཛིན་པ་ཚོས་ཤེས་མེད་པ་འདྲ་བ་ཞིག་ལ། ཡང་ཡང་གྲངས་ཉུང་མི་རིགས་ཀྱི་མི་འབོར་དང་གྲངས་བཤེར་གྱི་སྐོར་ལ་རྩོམ་ཡིག་འབྲི་མཁན་གྱི་མཁས་པ་མཱ་རོང་གིས་ ལོ་རྒྱུས་ཀྱི་ཐོག་བྱུང་མྱོང་བའི་དོན་ཞིག་སྟེ། ས་གནས་མི་རིགས་རང་སྐྱོང་གི་སྲིད་དབང་གཡུགས་དགོས་ཞེས་པ་དང་འདྲ་བའི་ཚད་ལས་བརྒལ་བའི་བསམ་འཆར་ཞིག་བཏོན་པ་རེད། མཱ་རོང་ལྟར་ན། དཀའ་ངལ་ངོ་མ་ནི་རྒྱ་ནག་གི་རང་སྐྱོང་ཁྲིམས་ཡིག་དེ་དག་ནི་སཱི་ཏ་ལིན་རིང་ལུགས་པའི་ལམ་སྲོལ་ནས་བྱུང་༼ཨུ་རུ་སུའི་ནང་དེར་ཁ་ཕྲལ་བ་དང་རང་བཙན་བྱེད་པའི་ཐོབ་ཐང་ཡང་ཚུད་ཡོད་པ་རེད།༽ཡོད་པ་དང་། གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་འབོར་ཆེ་བ་དེའི་ཆ་ཤས་ཤིག་ཡིན་པའི་བསམ་ཚུལ་ལས་གྱེས་སྲིད་པའི་ལམ་ལུགས་ཤིག་ལ་རྒྱ་ནག་འདི་གཞི་བཅོལ་ཡོད་པ་དེ་རེད་ཟེར། ད་ནི་ཡ་མཚན་པའི་དུས་ཚོད་མཉམ་འཁེལ་ཞིག་ལ། ཉེ་ཆར་གྱི་ཤིན་ཅང་གི་ཟིང་སློང་དེས་ཁོའི་སྒྲུབ་འདོད་པ་དེ་གནད་དོན་ཇེ་ཆེར་བཏང་ཡོད་པ་རེད།

མཱ་རོང་གིས་བཤད་པ་ལྟར་ན། མི་རིགས་ཀྱི་ཁྲིམས་ཡིག་དེ་དག་གིས་གྲངས་ཉུང་མི་རིགས་རྣམས་ལ། མི་རིགས་གཞན་རྣམས་རང་གི་ས་ཁུལ་ནས་སྤུད་པ་དང་། རང་གི་སྐད་ཡིག་གི་ཁེ་ཕན་ལེན་པ། དཔལ་འབྱོར་གྱི་ཐོབ་ཐང་རང་བདག་ཏུ་སྒྲོག་པ། རང་ཅག་ནི་གཞན་དག་དང་མི་འདྲ་བར་སྟོན་པའི་ལོ་རྒྱུས་རང་བཞིན་ཅན་གྱི་ངེས་ཤེས་དང་། ཆོས། ལག་ལེན་རྣམས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་བཅས་ལ་སྐུལ་སློང་བྱེད་པ་རེད་ལ། དེ་ཚོ་ཚང་མ་སཱི་ཏཱ་ལིན་གྱི་ “མི་རིགས་”ཀྱི་འགྲེལ་བཤད་དང་མཐུན་པར་ཡོད་པ་རེད། མཱ་རོང་ལ་མཚོན་ན། འདི་ནི་དཀའ་རྙོག་གི་རྩ་བ་དེ་ཡིན་ལ། དེ་ཡང་ད་ལྟའི་ལམ་སྲོལ་འདིས་གྲངས་ཉུང་མི་རིགས་རྣམས་ལ་ཁོང་ཚོ་ཡང་རྒྱ་ནག་གི་མི་ཡིན་པའི་ཚོར་བ་གཏན་ནས་མེད་པའམ་ཡང་ན་ཅུང་ཟད་ཙམ་ཞིག་འཇོག་མི་ཐུབ་པ་རེད། ཁོས་བཤད་དོན་ལ། ལུང་པ་གཞན་གསུམ་ཁོ་ནས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་བྱེ་བྲག་པ་ལ་འདི་དང་འདྲ་མཚུངས་ཀྱི་ལམ་སྲོལ་བཀོལ་མྱོང་བ་དེ་དག་ནི། ཨུ་རུ་སུ་དང་། ཡུ་ཀོ་སི་ལ་ཝི་ཡ། ཅེ་ཁོ་སི་ལ་ཝི་ཡ་བཅས་ཡིན་པ་རེད། ལོ་རྒྱུས་ཀྱི་འཁོར་ཕྱོགས་དེ་ཚོ་ནི་ཡག་པོ་བྱུང་མི་འདུག་ཅེས་མ་བཤད་པར་མཇུག་སྒྲིལ་འདུག

འདི་དང་མི་མཐུན་པ་ལ། ཨ་རི་དང་རྒྱ་གར་གྱིས་ལྡོག་ཕྱོགས་ཀྱི་དཔེ་མཚོན་བེད་སྤྱོད་ཅན་སྤྲོད་པ་རེད། དམིགས་བསལ་གྱིས་ཇཱ་ཝ་ཧར་ལཱལ་ ནེ་ཧ་རུ་ཡིས་ཚོགས་ཁག་སྣ་ཚོགས་ཀྱི་མི་སྣ་རྣམས་ “རྒྱ་གར་རྒྱལ་ཁབ་” ཀྱི་ཆ་ཤས་ཤིག་ཡིན་པའི་ཚོར་བ་བསྐྱེད་དགོས་པའི་སྐོར་བརྗོད་ཡོད་པ་རེད་ལ། དེ་དང་དུས་མཚུངས་སུ་མི་རིགས་དང་རྒྱལ་ཁབ་བར་གྱི་རྩོད་རྙོག་རྣམས་དེ་ཚོའི་ནང་ཁུལ་དུ་རབ་རིབ་ཏུ་བཞག་པ་རེད། ཨ་རི་ལ་མཚོན་ན། བྷ་རག་ ཨོ་བྷ་མ་སྲིད་འཛིན་དུ་འདེམས་པ་དེས་ཏག་ཏག་དེ་བསྟན་ཡོད་པ་རེད། གང་ཡིན་ཟེར་ན། ཁོའི་སྟེགས་བུ་དེ་ནི་ཨ་རི་བ་ཡོངས་ཀྱི་ཁེ་ཕན་ཆེད་དུ་ཡིན་པ་དང་མི་རིགས་དབྱེ་འབྱེད་ཀྱི་ཁེ་ཕན་དེའི་དྲི་མ་མེད་པ་རེད། ལུང་པ་འདི་གཉིས་ཀྱི་གང་ལ་ཡང་ས་གནས་གྲངས་ཉུང་མི་རིགས་རང་སྐྱོང་གི་སྒྲོམ་གཞི་མེད་པ་རེད།

མཱ་རོང་གིས་ཟླ་ ༤ པའི་ནང་བསླངས་པའི་རྩོད་པ་དེ་ནི་རྒྱ་ནག་གི་བོད་ཀྱི་སྲིད་ཇུས་ལ་ཧ་ཅང་གནད་ཆེན་པོ་ཡིན་པ་རེད། ཡིན་ན་ཡང་དྷ་རམ་ས་ལའི་ནང་གི་མི་སུ་གཅིག་གིས་ཀྱང་དོ་སྣང་བྱུང་ཡོད་ཚོད་མི་འདུག རྒྱ་ཡིག་གི་ཡིག་ཆ་ཕོན་ཆེ་བ་དྲ་རྒྱའི་ཐོག་ཡོད་པ་རྣམས་ལ་ལྟ་ཀློག་ཐུབ་པ་ཡོང་ཆེད་གློག་ཀླད་ཡིག་སྒམ་ཉོ་རྒྱུའི་ཆེད་དུ་མཐུན་རྐྱེན་རྣམས་གཏོང་རྒྱུའི་ཚབ་ཏུ། ཟླ་བ་ ༥ པའི་ནང་༧རྒྱལ་བ་རིན་པོ་ཆེས་ ཧྥི་ལོ་ཪི་ཌ་རྒྱལ་སྤྱིའི་སློབ་གྲྭ་ཆེན་མོའི་ནང་གི་ཆོས་ལུགས་ཀྱི་སློབ་སྦྱོང་ལ་རྒྱབ་སྐྱོར་ཆེད་ཨ་སྒོར་ ༡༠༠༠༠༠ གཏོང་རྒྱུའི་ཐུགས་ཐག་བཅད་པ་རེད། ཡིན་ན་ཡང་། ཨ་རིའི་ནང་གི་ཆོས་ཀྱི་སློབ་མ་དེ་དག་ནི་དྷ་རམ་ས་ལ་ཡིས་གལ་ཆེར་བརྩི་དགོས་པ་ལྟ་བུའི་དཀའ་ངལ་གྱི་གྲས་སུ་ལྷུང་བ་ཞིག་རྩ་བ་ནས་མིན་པ་རེད།

༧རྒྱལ་བ་རིན་པོ་ཆེའི་ཕྱི་དྲིལ་ལྷན་ཁང་གི་དྭགས་པོ་བསོད་ནམས་ཀྱིས་ཟླ་དྲུག་པའི་ཟླ་མཇུག་ཙམ་ལ་གསར་འགོད་ཡན་ལག་ཅིག་ལ་བརྗོད་རྒྱུ་ལ། བོད་མི་ཚོ་ནི་ “རྒྱ་ནག་གི་རྩ་ཁྲིམས་དང་། ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ཡིག་གི་སྒྲོམ་གཞིའི་ནང་གཉིས་ཕན་གྱི་ཐོག་ནས་འདུམ་སྒྲིག་བྱེད་རྒྱུའི་འདོད་པ་ཡོད་”ཅེས་བརྗོད་འདུག གྲོགས་པོ་ཚོ། དེ་ལ་བཀྲ་ཤིས་བདེ་ལེགས་ཡོད་དཱ།

————————————–

རྩོམ་པ་པོས་ཨ་རིའི་ཨིན་ཌི་ཡཱ་ན་སློབ་གྲྭ་ཆེན་མོར་བོད་རིག་པའི་སློབ་སྦྱོང་གི་དབུ་འཁྲིད་བྱེད་བཞིན་ཡོད།

༼རྩོམ་འདི་ནི་ རྒྱ་གར་དུས་བབ་-The Times of India ནས་ཕབ་བཤུས་ཀྱིས་བསྒྱུར་བ་ཡིན། འགྱུར་ནོར་བ་དང་ཆད་པ་ཡོད་ན། ཟུར་གསལ་འབྲེལ་ཐག་ན་ཡོད་པའི་དབྱིན་ཡིག་གི་མ་ཕྱི་ལ་གཟིགས་ནས་བཅོས་རོགས། དགེ་འདུན་རབ་གསལ་གྱིས་བསྒྱུར།༽
Autonomy? Think Again

འགྱུར་རྩོམ།

Post navigation

Previous Post: འཇམ་དབྱངས་ནོར་བུས་སླར་ཡང་བོད་རང་བཙན་ཁུངས་སྐྱེལ་བྱས།
Next Post: བལ་ཡུལ་ནས་མཐོང་བའི་ཉི་འཛིན།

Comments (3) on “རང་སྐྱོང་ཨེ། ཡང་བསྐྱར་བསམ་བློ་ཐོངས།”

  1. ཟླ་བ་དོན་འགྲུབ says:
    2009-07-22 at 5:49 am

    གཞོན་སྐྱེས་མཁས་པ་དགེ་འདུུན་རབ་གསལ་ལགས་ནས། ལན་གཅིག་མ་ཡིན་པར་གནད་འགག་ཅན་གྱི་རྩོམ་ཡིག་མང་པོ་ཞིག་བསྒྱུར་ནས་སྤེལ་སོང༌། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡག་ཡིན།

  2. ལུང་རྟོགས says:
    2009-07-22 at 6:19 am

    ང་ཚོ་ཕམ་ཡོད་པའི་སྐབས་འདིར་སུས་ཀྱང་ཁ་རྒྱག་པ་བཤད་ཆོག་གི་རེད། གང་ལྟར་བོད་ཀྱི་གནད་དོན་འདི་བོད་མི་རང་ཉིད་ཀྱིས་སེལ་དགོས་པའི་གནད་དོན་ང་ཚོས་ངེས་པར་ཏུ་གཏོགས་དགོས། རྒྱ་གཞུང་གིས་དེང་སྐབས་ཁོ་ཚོའི་་ཡར་རྒྱས་ཀྱི་དབང་ཤུགས་ངོམས་བཞིན་པའི་སྐབས་འདིར་ཕྱི་རྒྱལ་ཁ་ཤས་ཀྱིས་ང་ཚོའི་འཐབ་རྩོད་ལ་མཐོང་ཆུང་བྱེད་ཁུལ་བྱས་འདུག་པ་དེ་ཚོ་ཚང་མ་རང་ཉིད་གནས་སྟངས་དེ་འདྲའི་འོག་མེད་པའི་སྐད་ཆ་རྐྱང་རྐྱང་རེད། ཡིན་ན་ཡང་། དངུལ་སྒོར་མང་པོ་ཨ་རིའི་སློབ་གྲྭ་ཆེན་མོར་ཕུལ་བ་དེ་ག་འདྲ་ཡིན་ནམ་སྙམ་པ་ཞིག་འདུག གང་ཡིན་ཟེར་དེང་སྐབས་བོད་ནང་སློབ་གསོའི་ཐོག་དཔལ་འབྱོར་གྱི་དཀའ་ངལ་ག་ཚོད་འཕྲད་ཀྱི་ཡོད་མེད་དེ་རེད།
    གནད་དོན་གལ་ཆེ་ཤོས་ནི་རྒྱ་མི་རིགས་དང་གཞུང་སུ་གང་ཡིན་ཀྱང་བོད་མིའི་བདེ་སྡུག་ལ་བསམ་ཤཻས་བྱེད་མཁན་ཡོད་པ་མ་རེད། དེ་ང་ཚོས་ཤེས་དགོས་པ་རེད།

  3. དགེ་འདུན་རབ་གསལ་ says:
    2009-07-22 at 1:43 pm

    བརྩེ་བའི་ལུང་རྟོགས་ལགས།
    ཐོག་མར་ངེད་ཀྱིས་ “ང་ཚོ་ཕམ་ཡོད་པའི་སྐབས་འདིར་སུས་ཀྱང་ཁ་རྒྱག་པ་བཤད་ཆོག་གི་རེད།”ཞེས་པ་གསལ་བཤད་ཅིག་ཞུས་ཆོག་པ་ཞུ། ང་ཚོ་ཕམ་པ་དེ་ནི་ང་ཚོ་གཅིག་པུའི་ཐོག་ནས་བྱུང་བ་ཞིག་མ་རེད་སྙམ། ང་ཚོ་ཕམ་པ་དེ་ཡང་ཆེ་ས་ནས་འཛམ་གླིང་དང་ཆུང་ས་ནས་ང་ཚོའི་མཐའ་འཁོར་གྱི་རྒྱལ་ཁབ་ཚོའི་ཤུགས་རྐྱེན་ཞིག་ལ་ཡང་རྒྱ་ཆེར་བརྟེན་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད་བསམས། རྒྱ་གར་གཙོ་བོ་བྱས་པའི་ང་ཚོའི་གཡས་གཡོན་རྒྱལ་ཁབ་མང་ཆེ་བ་ནི་ ང་ཚོའི་ལུང་པ་ཤོར་པའི་དུས་དེ་འདྲ་ཞིག་ལ་རྒྱལ་ཁབ་བཙུགས་པ་དང་ཡང་ན་རང་བཙན་བྱས་པ་ཤ་སྟག་རེད། དེར་བརྟེན་ང་ཚོས་མ་འོངས་པའི་སྐོར་བཤད་སྐབས་ཀྱང་ “ཁ་རྒྱག་པ་”མ་ཡིན་པར། རྒྱལ་ཁབ་གཞན་དང་། ལྷག་དོན་ཁྱིམ་མཚེས་རྒྱལ་ཁབ་ཀྱི་གནས་བབ་བསྡུར་ནས་བསམ་ཞིབ་བྱེད་རྒྱུ་ཡང་གལ་ཆེན་པོ་རེད་ལ། མི་རིགས་ཤིག་གི་གནད་དོན་ཡིན་སྟབས། ལྟ་ཚུལ་སྣ་ཚོགས་དང་དེ་ཡང་གཡས་གཡོན་རྒྱབ་མདུན་ཚང་མ་ནས་འདི་ལ་ལྟ་བའི་བསམ་ཚུལ་དང་རྩོད་པ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་བ་ལ་བསྡུར་ནས་བོད་དོན་ལ་ལྟ་བ་འདི་ཡང་དོན་དེ་འདྲ་ཞིག་སེམས་བཞག་ནས་ངས་བསྒྱུར་བ་ཡིན། མུ་མཐུད་ནས་དགོངས་འཆར་གནང་རོགས། དེ་རིང་གི་གསར་འགྱུར་གྱི་ནང་ན། སྐུ་ཚབ་གཉིས་ཁ་སང་ཁྲིན་ཏུའུ་ནས་རྒྱ་གཞུང་གི་མི་སྣ་ལ་ཐུག་ནས་ཚུར་ལོག་པའི་སྐད་ཆ་ཞིག་འདུག དེ་ཡང་རིམ་གྱིས་གསལ་ཁ་ཡོང་གི་རེད། ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme