Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་ཊི་ལན་ཊ་རུ་བསྔོ་སྨོན།

Posted on 2012-09-022012-09-02 By འབྲོང་བུ་ཟླ་བ་ཚེ་རིང་ 4 Comments on ཨེ་ཊི་ལན་ཊ་རུ་བསྔོ་སྨོན།


དེ་རིང་སྤྱི་ཟླ་དགུ་བའི་ཚེས་གཅིག་ཉིན་ཨ་རི་ཨེ་ཊི་ལན་ཊ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་དག་གི་ཆེད་དུ་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་སུ་སྨོན་ལམ་ཚོགས་སོང་།

སྤྱི་ཟླ་དགུ་བའི་ཚེས་གཅིག་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་བའི་ཐོག འབྲས་སྤུངས་བློ་གསལ་གླིང་གི་དགེ་བཤེས་རྣམ་པ་དང་དགེ་འདུན་པ་རྣམས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཚན་རིག་སློབ་སྦྱོང་བྱེད་བཞིན་པའི་དགེ་འདུན་པ། སློབ་ཕྲུག ས་གནས་བོད་མི། བོད་དོན་རྒྱབ་སྐྱོར་བ་དང་ཆོས་ཚོགས་ཀྱི་ཚོགས་མི་བཅས་ཁྱོན་བསྡོམས་མི་ལྔ་བཅུ་ཙམ་ལྷན་འཛོམས་ཀྱིས་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་མཆོད་མེར་སྒྲོན་མཁན་དཔའ་བོ་དཔའ་མོ་དག་གི་ཆེད་དུ་བསྔོ་སྨོན་མཆོད་འབུལ་གྲ་རྒྱས་བ་ཤིག་བྱས་སོང། བསྔོ་སྨོན་མཆོད་འབུལ་འདི་གོ་སྒྲིག་ཞུ་མཁན་ས་གནས་བོད་མི་ཚོ་རེད།

གསར་འགྱུར།

Post navigation

Previous Post: གར་ཞ་མཁའ་འགྲོ་གླིང་།
Next Post: བོད་པའི་ཤེས་ཡོན་ཅན་དང་བོད་དོན།

Comments (4) on “ཨེ་ཊི་ལན་ཊ་རུ་བསྔོ་སྨོན།”

  1. མངའ་རིས་ཕྲིན་ལས། says:
    2012-09-02 at 1:09 am

    བསྔོ་སྨོན་ཚོགས་གནང་བ་ཡི་རངས་དང་བསྔགས་བརྗོད་ཞུ། ང་ཚོའི་རང་དབང་ལུང་པར་གནས་པའི་དོ་བདག་དང་རྒྱབ་སྐྱོར་བ་ཚང་མས་བསྔོ་སྨོན་གཅིག་པོས་བསྟན་སྲིད་མི་རིགས་ལ་ཕན་པ་དཀའ་མོ་རེད། ལྷག་དོན་གཞིས་ལུས་རང་རིགས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཅེས་པའི་ལུས་སྲོག་མེ་ལ་སྒྲོན་གནང་བ་ནི་བོད་དུ་བསྔོ་སྨོན་བྱེད་མཁན་མེད་མས་བྱས་པ་ཞིག་མིན། ཁོང་རྣམས་ཀྱི་མངོན་འདོད་ནི་བོད་མི་རིགས་བདེ་སྡུག་དེ་འཛམ་བུ་གླིང་སྒང་ལ་གསལ་བཤད་བྱ་རྒྱུ་དེ་ཡིན་པས་ཁྱེད་རྣམས་ཀྱི་བསྔོ་སྨོན་ཚབ་ཡུལ་དེའི་བརྙན་འཕྲིན། རླུང་འཕྲིན། གསར་ཤོག་སོགས་གསར་ལམ་རྣམས་ལ་མ་ཁྱབ་པ་མེད་པའི་གསར་འགོད་འདུ་འཛོམ་རེ་ཙམ་གོ་སྒྲིག་གནང་ཐུབ་ཚེ་མིག་སྨན་མིག་ཐོག་ཏུ་སྨིན་པ་ཞིག་ཡོང་ས་རེད། དེ་མིན་གཞུང་དང་སྒེར་སུའི་ལས་འགུལ་སྤེལ་ཀྱང་ཚང་བསྔོ་སྨོན་རྐྱང་བྱས་པས་ཁོང་རྣམ་པའི་བསམ་པ་རྫོགས་ཐུབ་མིན་ཐེ་ཚོམ་རེད། མ་གཞི་ལས་འགུལ་སྤེལ་བ་ཙམ་ལ་ཡི་རངས་དང་བསྔགས་བརྗོད་ཞུ། གོང་རྣམས་བསམ་ཚུལ་ལས་སྐྱོན་བརྗོད་མིན།

  2. རིན་ཆེན says:
    2012-09-02 at 5:45 am

    བསྔོ་སྨོན་ཞུ་བ་ཡག་པོ་རེད། ཡིན་ནའང་བོད་ཀྱི་བདེན་མཐའ་མངོན་རྒྱུ་ལ་བསྔོ་སྨོན་བྱས་ནས་ནུས་པ་གང་ཡང་འཐོན་མི་སྲིད། ཅི་བྱས་ན་བསྔོ་སྨོན་ཚོགགས་པ་དེ་ཞལ་འདེབས་ཅུང་རག་རྒྱུའི་ཆེད་དུ་ཡིན་སྲིད། བསྔོ་སྨོན་དང་ཞབས་རིམ་སྒྲུབ་ནས་ཕན་ནུས་ཡོད་ན་ལྔ་བཅུ་ང་དགུ་ལོར་རང་བཙན་ཤོར་དགོས་པའི་རྒྱུ་མཚན་ཅི་ཡང་མེད་། རྒྱ་དམག་ཆབ་མདོ་འབྱོར་དུས་བོད་ཀྱིས་གཏོར་མ་འཕངས་པའི་གནས་ཚུལ་སོགས་ཤེས་ངེས་རེད། ཤེས་ཡོན་འཐབ་རྩོད་ཀྱིས་རྒྱལ་ཁ་ལེན་དགོས་པ་ལས་སྨོན་ལམ་གསོལ་འདེབས་དང་བཀའ་དགོངས་དང་ལེན་བྱེད་ནས་བོད་ཀྱི་བདེན་དོན་གནམ་ནས་ཟག་པའི་རེ་བ་མ་བྱོས། སྤྱིར་བོད་ནི་རེ་བ་ལ་དགའ་བ་ཞིག་རེད། གཏམ་དཔེ་ལ་བོད་རེ་བས་ཕངས་ཞེས་ཟེར། ད་ནི་ཚང་མས་མཁྱེན་དགོས་པ་ཞིག་ལ་གསོལ་འདེབས་དང་སྨོན་ལམ་ལ་སྐྱབས་མ་བཅའ་བར་འཛམ་གླིང་རྒྱལ་སྤྱི་ཐོག་མངོན་ཐུབ་པ་ཞིག་གནང་དགོས་པ་ནི་ཕྱི་མ་དྲག་ན་སྔ་དྲག་གོ།

  3. མངའ་རིས་ཕྲིན་ལས། says:
    2012-09-02 at 6:05 am

    དེ་དེ་བཞིན་ནོ་ཆོས་ནི་གང་ཟག་རང་ཉིད་ཀྱིས་ཉམས་སུ་བླང་ནས་ཐར་པ་ཐོབ་དགོས་པ་ལས། སྤྱི་ཚོགས་གཅིག་གི་ཆོས་བྱེད་ཟེར་བ་ནི་སྔོན་མ་ནས་ནོར་བ་རྒྱུན་འཇམ་དུ་སོང་བས་རེད། དེ་འདྲའི་འབྲས་བུ་མཆིས་ཚེ་བོད་རྒྱལ་ཁབ་ཟླ་བའི་གྲོང་ཁྱེར་ནང་སླེབས་སྔ་ཤོས་དེ་ཡིན་དགོས་ས་རེད། ཡང་ན་བོད་པ་ཚང་མཉམ་དུ་ཐར་པའི་གོ་འཕང་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་པ་འདྲ།

  4. རིན་ཆེན says:
    2012-09-02 at 9:39 am

    སྔ་མི་དྲག་ཅེས་བཅོས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme