Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྔ་པ་ཀིརྟི་དགོན་དུ་ཡང་བསྐྱར་རང་ལུས་མེར་སྲེག་གི་གནས་ཚུལ་སྐོར།

Posted on 2012-08-272012-08-28 By ཁ་བརྡ་ 29 Comments on རྔ་པ་ཀིརྟི་དགོན་དུ་ཡང་བསྐྱར་རང་ལུས་མེར་སྲེག་གི་གནས་ཚུལ་སྐོར།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ ཉིན་གྱི་བོད་ནང་གི་ཞོགས་ཀའི་དུས་ཚོད་ ༨།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་མཁར་དུ་ཡོད་པའི་ཀིརྟི་དགོན་པའི་ཤར་ཕྱོགས་ཀྱི་སྒོ་ཆེན་འགྲམ་ནས་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་། རང་ལོ་ ༡༨ ཙམ་ཡིན་པ་དང་། རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ཚེ་པོ་ཚང་གི་བུ་(མི་སྐྱ་)དམ་ཆོས རང་ལོ་ ༡༧ ཙམ་ཡིན་པ་ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག སྐབས་དེར་ཐག་རིང་ཙམ་ནས་མཐོང་འདུག་པར་ཁོང་གཉིས་གོམ་པ་ཉི་ཤུ་ཙམ་ལ་མེ་འབར་བཞིན་དུ་རྒྱུག་ཡོད་པ་དང་། མཐར་ཐང་ལ་འགྱེལ་ཡོད་འདུག མེ་ལྕེའི་དབུས་ནས་ཀི་སྒྲ་ཙམ་ནས་འབོད་ཚིག་ག་རེ་བསྒྲགས་ཡོད་མེད་གསལ་པོ་ཤེས་རྟོགས་མ་ཐུབ། དེ་རྗེས་ཉེན་རྟོག་པ་སོགས་སླེབས་ཏེ་ཁོང་གཉིས་ཀྱི་ལུས་ལ་ཡོད་པའི་མེ་བསད་ནས་རྔ་པའི་སྨན་ཁང་དུ་ཅུང་ཙམ་རིང་བཞག་རྗེས་འབར་ཁམས་ལ་ཁྲིད་ཡོད་འདུག

དགོང་མོ་ཤེས་རྟོགས་བྱུང་བར་ཁོང་གཉིས་ཀ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གཉིས་ཀྱི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་ཅིང་ནང་མིར་སྤྲད་ཡོད་མེད་ཤེས་རྟོགས་མ་ཐུབ། གནས་ཚུལ་དེ་བྱུང་རྗེས་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱི་ཤག་གཅིག་པ་གྲྭ་བློ་བཟང་དཔལ་ལྡན་ཉེན་རྟོག་པས་འཁྲིད་ཡོད་འདུག

བློ་བཟང་སྐལ་བཟང་གི་ཕ་མིང་ལ་ཚེ་ཁོ་རྡོ་རྗེ་དང་། མ་མིང་སངས་རྒྱས་སྒྲོན། སྤུན་ཆེ་བ་ཚེ་ཁོ་བཀྲ་ཤིས་བཅས་ནང་མི་གསུམ་ཡོད་འདུག གཅའ་ཞང་རྭ་རུ་བའི་ཚེ་པོ་ཚང་གི་དམ་ཆོས་ཀྱི་ཕ་མིང་ལ་མདོ་ཤིས་བློ་བྷེ་དང་། མ་མིང་ལ་ཚེ་པོ་ཡིན་ཞིང་ཕ་མ་གཉིས་ཁ་ཁ་བྱས་ཏེ་ཁོང་ཨ་མ་དང་མཉམ་དུ་ཡོད་ཅིང་། ཤུལ་དུ་ཨ་མ་གཅིག་པུ་ལས་ནང་མི་གཞན་མེད། ཁོང་ནི་གྲྭ་བློ་བཟང་སྐལ་བཟང་གི་ཚ་བོ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་རྔ་པའི་མ་མའི་བཙུན་དགོན་ནས་རང་ལུས་མེར་སྲེག་གིས་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་ཆོས་སྒྲོན་གྱི་ཕ་མ་གཅིག་པའི་སྤུན་ཆུང་བ་ཡིན་ཞིང་། བསྟན་འཛིན་ཆོས་སྒྲོན་ཨ་ཕའི་ཁྱིམ་དུ་ཡོད་སྟབས་མིང་སྲིང་གཉིས་ཁྱིམ་ཁ་ཁ་བྱས་ནས་ཡོད། ཁོང་དེ་སྔོན་རྔ་པ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་རྗེས་སུ་སྐྱ་སར་བབ་ནས་ཨ་མ་དང་མཉམ་དུ་འབྲོག་ལས་བྱས་ནས་བསྡད་ཡོད་འདུག

འབྲོག་སྡེ་རྭ་རུ་བ་ནི་རྔ་པ་རྫོང་མཁར་གྱི་ཤར་ཕྱོགས་སུ་སྤྱི་ལེ་ ༧༠ ཙམ་གྱི་སར་ཡོད་ལ། ཕྱི་ལོ་ ༡༩༥༩ ལོའི་ཡར་སྔོན་དུ་རྨེའུ་རུ་གཤོག་ཀ་བདུན་གྱི་ནང་ཚན་གྱི་གཤོག་ཀ་གཅིག་ཡིན་མོད། རྗེ་སུ་རྒྱ་གཞུང་གིས་བཅད་བཟུང་བྱས་རྗེས་གཅའ་ཞང་ཟེར་བའི་ཁོངས་སུ་བསྡུས་ཡོད་པའི་འབྲོག་སྡེ་ཞིག་ཡིན་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ ལ།

གསར་འགྱུར།

Post navigation

Previous Post: མ་བཟོད་པའི་དབྱངས།། ༼ གླུ་བ་ཕུལ་བྱུང་ལ་ཕུལ།༽
Next Post: ཨཱ་བ་ཏཱར་《阿凡达》བརྒྱུད་ནས་མཐོང་བའི་རྒྱ་ནག་གིས་བོད་རིགས་དམར་གསོད་བྱེད་ཚུལ།

Comments (29) on “རྔ་པ་ཀིརྟི་དགོན་དུ་ཡང་བསྐྱར་རང་ལུས་མེར་སྲེག་གི་གནས་ཚུལ་སྐོར།”

  1. dorjee says:
    2012-08-27 at 10:07 pm

    བོད་ནང་བོད་པ་ཚོས་མུ་མཐུད་དུ་རང་ལུས་མེར་བསྲེགས་ཀྱི་འགན་འཁྲིར་སུས་ཁུར་གནང་རོགས

  2. བདེན་རྒྱབ། says:
    2012-08-27 at 10:46 pm

    ཨོཾ་མ་ཎི་པདྨེ་ཧཱུཾ། དཔའ་རྒོད་ཁྱོད་གཉིས་ཀྱི་བྱས་རྗེས་ནི་ངོ་མའི་གཟི་བརྗིད་ཆེ་བ་ཞིག་རེད། ཁྱེད་གཉིས་ལ་སེམས་ཁོངས་རུས་གཏིང་ནས་སྨོན། ཡང་གནས་ཚུལ་མཁོ་སྤྲོད་པ་གཉིས་ལ་ཞུ་རྒྱུར། ཐོག་མར་༼རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་༽ཞེས་དང་ཡང་འཇུག་ཏུ་ནི་༼མེ་ལྕེའི་དབུས་ནས་ཀི་སྒྲ་ཙམ་ནས་འབོད་ཚིག་ག་རེ་བསྒྲགས་ཡོད་མེད་གསལ་པོ་ཤེས་རྟོགས་མ་ཐུབ།༽ཟེར་ན་འདི་རང་ཅག་དངོས་ཡོད་གནས་ཚུལ་ཤེས་འཁན་བོད་མི་ཚོས་ལྟས་ན་ཅང་མི་སྐྱོན་ཡང་ཕྱོགས་གཅིག་ནས་དེང་སང་ཕྱི་རྒྱལ་བོད་ཡིག་ཤེས་འཁན་ཚོ་དང་བོད་རྒྱ་གཉིས་ཀའི་ལོགས་ན་གནས་འཁན་ཞིག་གིས་དཔྱད་ཚེ་གནས་འཕྲིན་ཁྱོག་བཤད་བྱས་པའི་དོགས་པ་མི་བྱེད་པའི་ངེས་པ་སུ་ལའང་མེད། ཕྱོགས་གཞན་ནས་བཤད་ན་བོད་ཡིག་འདི་ཐོག་གི་གསར་འགྱུར་འདི་དབྱིན་རྒྱ་སོགས་སྐད་རིགས་གཞན་པར་སྒྱུར་འཁན་ཚོས་འདི་ལ་གཞི་བཅོལ་ངེས་ཡིན་པས་འཇུག་འབྲས་གཅིག་མཚུངས་སུ་སྣང་། མ་ཟད་ཡང་དམ་ཆོས་ཀྱི་ཕ་ཚེ་འཁོ་རྡོ་རྗེ་ཡིན་པར་ནོར་བཤད་བྱས་འདུག ༼རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ཚེ་ཁོ་རྡོ་རྗེ་ཚང་གི་བུ་(མི་སྐྱ་)དམ་ཆོས༽ མདོར་ན་གནས་འཕྲིན་མ་སྤེལ་གོང་ཐོག་མར་དེ་ངོ་མ་ཡིན་མིན་དང་མ་ཤེས་ན་གསལ་བཤད་བྱེད་དགོས་ལ་ཡི་གེའི་དག་ཆ་དང་བརྗོད་བྱ་སོགས་ལ་ཞིབ་ཚགས་དཔྱད་པར་མཛོད། དེ་མིན་ཅང་ངའི་ཁ་མང་རྒྱུ་མེད། གནས་ཚུལ་མཁོ་སྤྲོད་གནང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། བདེན་རྒྱབ་ཀྱིས།

  3. khawa says:
    2012-08-28 at 12:02 am

    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།

  4. འདྲེ་ནག་མགོ་དགུ་ says:
    2012-08-28 at 12:31 am

    ཡ་དྲ་གྲོགས་ཚོ། ང་ཚོ་འདི་ལྟར་རྫོགས་འགྲོ་དགོས་པ་ཡིན་ནམ། ད་ཐབས་ཤེས་གཞན་དག་ཅང་མེད་སོང་བ་
    རེད་པས། དམིགས་བསལ་ཚོགས་ཆེན་འཚོགས་གྲབས་ཡོད་པས། ང་ཚོ་ལ་ཐབས་ཤེས་བཟང་བོ་ཅི་ཞིག་བཏིང་རྒྱུ་ཡོད། ཕྲན་གྱིས་བལྟས་ན་འཐབ་རྩོད་གང་ཞིག་ཡིན་ཡང་མིག་མངས་རྩེ་བ་ནང་བཞིན་ཨང་དང་བོ་དེ་རང་ཉིད་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཞིང་། དེ་ནས་ཕར་རྒོལ་བྱ་རྒྱུ་དེ་རེད། འོན་ཀྱང་ད་ལྟ་ང་ཚོས་རང་ཉིད་མེད་པར་བཟོས་ཏེ་ཕ་རོལ་བོ་ལ་རྨ་ཅུང་ཟད་བཟོ་རྒྱུའི་ཐབས་ཇུས་དེ་ཙམ་ཞིག་རེད། འདི་ནི་ཐབས་ཇུས་ཡག་
    པོ་ཞིག་གཏན་ནས་མ་རེད་བསམ། ཡིན་ཡང་དཔའ་བོ་དཔའ་མོ་དེདག་གི་བཀའ་དྲིན་རྗེས་སུ་དྲན་ཞིང་ཁོང་
    ཚོའི་བློས་གཏོང་དེ་དག་ལ་རྗེས་སུ་ཡི་རང་ཞུ་བཞིན་མཆིས།

  5. ལོག་སྨྲ་ཚར་གཅོད། says:
    2012-08-28 at 12:43 am

    རབ་འབར་མེ་ལྕེས་ས་གཞི་སྲེག་འདྲའི་མི་ཡུལ་དམྱལ་ཁམས་གསོན་པོ་རུ།
    ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཡུལ་གྱི་ཉམ་ཐག་གདོང་དམར་མི་རིགས་ཁྲོད།
    དྲག་ཆར་འབེབས་འདྲའི་མཚོན་ཆ་འོག་ནས་ཞུམ་མེད་མགོ་བོ་གྱེན་བཏེགས་ཏེ།
    མེ་ལྕེ་དྲག་པོའི་ཀློང་ན་འགྱིང་པའི་གངས་ཅན་བོད་ཀྱི་དཔའ་རྒོད་རྣམས།
    མཐོང་བའི་མོད་ལ་གཤིན་རྗེ་ཡིན་ཡང་འཇིག་སྣང་ལག་ནས་མཚོན་ཆ་ཤོར།
    གྲུ་འཛིན་རི་བོ་གསུམ་པ་གཉིས་མེད་རྡ་སྟེང་པུས་མགོའི་རི་བོ་ན།
    ལྷར་བཅས་འཕགས་མཆོག་སྤྱན་རས་གཟིགས་ཀྱང་སྤྱན་ཆབ་བསིལ་བའི་དུས་སྐབས་སུ།
    རྒྱལ་ཤཀྱའི་རྒྱལ་པོ་གཙོ་འཁོར་དང་བཅས་གངས་རིའི་ལྗོངས་སུ་ལན་གཅིག་གཟིགས།
    ཤཱ་རིའི་མོོ་འགལ་མཆོག་ཟུང་གཉིས་ཀྱང་འཁར་བསིལ་དཀྲུགས་ཏེ་ད་ཚུར་བྱོན།
    གཱུ་རུ་པདྨས་ཟངས་མདོག་དཔལ་རིར་མཁའ་འགྲོར་དབུ་ཐུགས་མ་འཁོར་བ།
    ལ་མོར་བྱོན་ལ་ཁྲི་སྲོང་བཙན་པོའི་རྗེ་འབངས་རྩ་སྟོང་ཉེ་བར་གཟིགས།
    རྒྱལ་བ་ཀརྨས་རྟག་ཏུ་ཕྱག་གཡས་དབུ་ཞྭ་ཤོར་དོགས་མ་མཛད་ནས།
    སྐྱེས་རབས་དུ་མས་སྒོམ་སྒྲུབ་མཛད་པའི་ལག་རྗེས་གྲུབ་རྟགས་ད་རེས་སྟོན།
    ས་སྐྱ་གོང་མས་ཤམ་ཐབས་དཀར་པོས་པུས་མགོ་གཡོགས་ནས་མ་བཞུགས་པ།
    གངས་ཅན་པ་རྣམས་ཉམ་ཐག་གནས་ལས་སྐྱོབས་པའི་ནུས་པ་ངོམས་དུས་ཡིན།
    དགེ་ལྡན་པ་རྣམས་རྩོད་པ་ཁོ་ནས་ཆགས་སྡང་གྲོགས་སུ་མ་སྒྲུབས་པ།
    གངས་ཅན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རང་བཙན་རིགས་པའི་ལམ་ནས་སྒྲུབས།
    འཇམ་དཔལ་དཔའ་བོས་ཕྱག་གཡས་རལ་གྲི་རྣོ་ངར་སྤྱོད་པའི་དུས་ལ་བབས།
    ཕྱག་ན་རྡོ་རྗེས་སྡིགས་མཛུབ་དང་བཅས་ལན་གཅིག་རྡོ་རྗེ་དགྲ་ལ་བསྣུན།
    དབྱངས་ཅན་ལྷ་མོས་པི་ཝང་བརྡུངས་ནས་བྷོ་ཊིའི་འབོད་སྒྲ་དབྱངས་སུ་གྱེར།
    ཏཱ་རེ་ལ་སོགས་སྒྲོལ་མ་ཉེར་གཅིག་ཉམ་ཐག་བོད་ཀྱི་འཇིགས་པ་སྐྱོབས།
    ཀོོ་ཤི་ཀ་དང་ཚངས་པ་ལ་སོགས་མཐུ་ཆེན་རྣམས་ཀྱང་གཟིམས་ལས་ལོངས།
    ཕྱག་དྲུག་མགོན་པོས་གྲི་གུག་ཐོད་ཕྲེང་ཌ་རུ་མྱུར་དུ་རྒྱ་ལ་དཀྲོལ།
    དམ་ཅན་ཆོས་རྗེས་དོལ་རྒྱལ་བསྒྲལ་ཏེ་རྒྱ་འདྲེ་ཀུན་ལ་དབྱུག་ཏོ་གཞུས།
    དམག་ཟོར་རྒྱལ་མོས་དྲེའུ་རྟ་བཞོན་ཏེ་ཡེ་ཤེས་མེ་ལྕེའི་ཀློང་འགྱིང་ནས།
    མེ་སྤུངས་འབར་བའི་གངས་ཅན་བོད་ཀྱི་དཔའ་རྒོད་ང་གསུམ་གྲོགས་སུ་བྱོན།
    ཁ་གདངས་མཆེ་གཙིགས་རྒྱ་རོ་ཟོས་ལ་ཨ་ལའི་གད་མོ་འབྲུག་སྟོང་སྒྲོགས།
    པེ་ཧར་རྒྱལ་དང་ག་གདོང་ལ་སོགས་གཞུང་བསྟེན་དགྲ་ལྷ་ཡོད་དོ་ཅོག
    ཨརྒྷཾ་ལ་སོགས་མཆོད་གཏོར་བཞེས་ཙམ་འཕྲིན་ལས་བཅོལ་བའི་དོན་མིན་པས།
    མ་འགྱངས་ལྷ་དམག་བྱེ་བ་འཁྲིད་དེ་རང་རང་མདའ་དང་གོ་མཚོན་ཐོགས།
    པེ་ཅིང་སོང་ལ་ཧུའུ་ཅིང་ཐའོ་སོགས་དཔོན་ངན་དགུ་ཡི་མགོ་ལག་ལོངས།
    ཞིང་བཅུ་ཚང་བའི་བསྟན་དགྲ་རྒྱ་དམར་ད་ལྟ་མྱུར་དུ་ཐལ་བར་རློགས།
    བསྟན་མ་བཅུ་གཉིས་ལོང་མདོག་མ་བྱེད་གངས་ལྗོངས་བོད་ཀྱི་གཏེར་ཁ་སྲུང་།
    ཚེ་རིང་མཆེད་ལྔ་འོན་མདོག་མ་བྱེད་མཐོ་སྒང་རྩ་ཆེའི་འཁོར་ཡུག་སྲུང་།
    གངས་དཀར་ཡུལ་གྱི་སྣོད་བཅུད་རྒུད་ཚོགས་རང་བཙན་ངོ་སོ་ཡ་ལ་བསྟོད།

  6. ལུང་རྟོགས། says:
    2012-08-28 at 1:55 am

    མ་ཎི་ཚིག་གཉིས་ཀྱིས་ཕན་མིན་བདག་གིས་མི་ཤེས།།
    སྨྲེ་ངག་སྐྱོ་པོ་ཞིག་འདོན་ཡང་དགོས་པ་མི་འདུག།  
    སྙིང་ཁྲག་དམར་པོ་འདི་ས་དང་མ་འདྲེས་བར་དུ།།
    དཔའ་རྒོད་ཁྱེད་ཚོ་ཡི་ཞབས་རྗེས་ནམ་ཡང་འཚོལ་ངེས།།

  7. གནམ says:
    2012-08-28 at 4:17 am

    རྒྱལ་གཅེས་དཔའ་བོ་འདི་ཚོ་རྒྱལ་གྱུར་ཅིག།

    ཁ་ཤས་ཤིག་གི་སྙན་ངག་འབྲི་སྤྱད།
    ཁ་ཤས་ཤིག་གི་མ་ནི་འདོན་སྤྱད།
    ཁ་ཤས་ཤིག་ལ་སེམས་སྡུག་བཟོ་སྤྱད།
    ང་ལ་མཚོན་ན་ཞེ་སྡང་སྐྱེས་སྤྱད།།

    རྒྱལ་ཁབ་ཞིག་གི་ལོ་རྒྱུས་འབྲི་སྤྱད།
    མི་རིགས་ཤིག་གི་བདེ་སྡུག་འཚོལ་སྤྱད།
    རྒྱ་གདོན་བཙན་གནོན་ཕྱི་ལ་སྟོན་སྤྱད།
    ང་ལ་མཚོན་ན་སེམས་ཤུགས་སྐྱེས་སྤྱད།

    ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ།
    ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ།
    ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ།
    ཨོཾམཎིཔདྨེཧཱུྃ། ཨོཾམཎིཔདྨེཧཱུྃ།

  8. མིག་བརྒྱད་པ། says:
    2012-08-28 at 4:18 am

    ལུས་ཀྱི་སྒྲོན་མེ་གཅིག་བུས་ནི།།
    མུན་པའི་ཁམས་ནི་ཟ་མི་ནུས།།
    དེ་བས་བསྐལ་བ་ཇི་སྲིད་པར།།
    ཤེས་རབ་སྒྲོན་མེ་སྦར་དུ་གསོལ།།

    གངས་ཅན་རི་ཡི་དཔའ་རྒོད་རྣམས།།
    མེ་ལ་མཆོང་བ་མཐོང་བའི་ཚེ།།
    ནམ་མཁའི་ལྷ་མོ་སེམས་འཁྲུགས་ནས།།
    ཁྱེད་ལ་བསྟོད་པ་བྱེད་མི་སྲིད།།

    ལས་དབང་བཙན་པོའི་སྟོབས་ལ་ནི།།
    སུས་ཀྱང་བཟློག་པར་བྱེད་མིན་པས།།
    དེ་བས་དགེ་ལ་ནན་ཏན་ཏུ།།
    བརྩོན་པར་བྱེད་པ་རྒྱལ་བས་གསུངས།།

    དད་པ་བརྟན་པའི་རི་བོ་ལ།།
    མེ་ཏོག་སྣ་ཚོགས་ཆུ་ཕྲན་འཁོར།།
    ཉི་འོད་གདུག་པའི་ཁ་རླངས་ཀྱིས།།
    སྐད་ཅིག་བསྲེགས་པའི་ཚུལ་ལ་བལྟོས།།

    བདེན་པའི་མེ་དཔུང་ཚ་ཤུགས་ཀྱིས།།
    སྤྲིན་གྱི་མ་མ་དྲོད་བསྐྱེད་དེ།།
    ཆུ་ཁུར་མཁའ་ཡི་གླང་པོ་ལས།།
    རེ་བའི་ཟེགས་མའི་ཆར་རྡུལ་བཀྲམས།།

    འོན་ཀྱང་ད་ལྟའི་མུན་ནག་ཁམས།།
    མཚན་མོའི་དུས་ཀྱི་ཟླ་བ་ལ།།
    ཁྲག་དང་ཐིག་པའི་ཆུ་འཛིན་གྱིས།།
    འོད་ཀོར་བསྒྲིབས་པ་སྙིང་ལ་གཟན།།

  9. འདྲེ་ནག་མགོ་དགུ་ says:
    2012-08-28 at 4:49 am

    བོད་ཀྱི་གཏམ་དཔེར་བྱ་མ་དཀྲོགས་པར་སྒོ་ང་ལེན་ཐབས་ཟེར་བ་ལྟར། ང་ཚོས་དང་བོ་ཉིད་ནས་ཀླ་ཀློར་
    ཁ་གཏད་གཅོག་ཐབས་ཡག་ཤོས་དེ་ནི། ཁོ་རང་ཚོའི་ཁྲིམས་ལུགས་ཀྱི་གསེབ་ནས་ང་ཚོར་ཁེ་ཕན་ལེན་པའི་
    ཐབས་ཇུས་བཏིང་རྒྱུ་དེ་གནས་སྐབས་རིང་ཡག་ཤོས་ཤིག་རེད་སྙམ། འོན་ཀྱང་ད་ལྟ་ན་ཀླ་ཀློ་འདི་ཚང་འདྲོགས་ནས་སྨྱོན་པ་ནང་བཞིན་ཟིན་པས་ང་ཚོས་བྱ་བ་གང་ཞིག་བརྩམས་ཀྱང་། རྒྱ་དོགས་པས་ཕུང་་ཟེར་བ་ལྟར་ཁོ་བ་ཚོས་བཀག་འགོག་བྱེད་ངེས་ཡིན་པས། ད་ཇི་ལྟར་བྱས་ན་བཟང་། དགོངས་ཚུལ་ལེགས་པར་གསུངས་ཤིག

  10. གྲི་ནག་ཡུ་དམར། says:
    2012-08-28 at 5:25 am

    འདིར་འཛོམས་པའི་དྲ་གྲོགས་ལུང་རྟོགས་སོགས་ནས་དྲང་གཏམ་རེ་ཤོད་དང་། ད་ཅི་བྱས་ན་ཡག་ས་རེད། ང་སེམས་བསམ་པའི་སྟེང་ནས་ཕངས་ཀྱིན་འདུག འདི་ལྟར་གཏན་ཚིགས་གཡོ་བ་མེད་པ་ཞིག དཔའ་ངར་ཞུམ་པ་མེད་པ་ཞིག ཡང་ནས་བསྐྱར་དུ་མེ་ལ་སྒྲོན་བཞིན་པའི་འཐབ་རྩོད་འདི། རྒྱལ་སྤྱིའི་ཁྲེལ་གཞུང་དང་རྒྱ་ནག་གི་གདུག་རྩུབ། དེ་བཞིན་རྡ་སའི་དགོས་དམིགས་ཕྱོགས་གང་ནས་བལྟས་ན། ད་གཟོད་བླ་ན་མེད་པ་དང་གོང་ན་མེད་པའི་ཐབས་ཇུས་རྨད་དུ་བྱུང་བ་ཞིག་རེད་དམ།

  11. གཡུ་འབྲུག་དཀར་པོ། says:
    2012-08-28 at 6:05 am

    ང་རང་འབྲུག་པ་ཡིན་ཙང་བོད་ཀྱི་སྲིད་དོན་སྐོར་གང་ཡང་མི་ཤེས་ལ་སྨྲ་རྒྱུའི་འོས་འབབ་ཀྱང་མེད། དེ་ལ་བརྟེན་ནས་ད་བར་དུ་ངས་བོད་ཀྱི་སྲིད་དོན་སྐོར་གྱི་རྩོམ་ཡིག་ལ་མཆན་བུ་ཡིག་ཕྲེང་གཅིག་ཙམ་ཡང་བཏབ་མ་མྱོང་། དེ་རིང་ངས་ང་རང་གི་བསམ་ཚུལ་ཙམ་ཞིག་ཞུ་འདོད་བྱུང་བས་རྣམ་པ་ཚོའི་དགོངས་པ་དང་འགལ་ན་བཟོད་པར་གསོལ། ངའི་བསམ་ཚུལ་ནི་ངས་བྱས་ན་སྐྱབས་བཅོལ་བོད་གཞུང་ངམ་སྒྲིག་འཛུགས་ཀྱི་བཀའ་བློན་གྱིས་དབུས་པའི་བོད་མི་སྒྲིག་འཛུགས་ལས་ཁུངས་ཀྱིས་གཞུང་འབྲེལ་ཐོག་ནས་ཚེ་སྲོག་མེ་ལ་བསྒྲོན་པའི་དོན་རྐྱེན་གང་དང་གང་ཡིན་སྐོར་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ། དེའི་སྙན་ཞུ་ཞིག་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་དེ་རྒྱ་ནག་གཞུང་ལ་ཕུལ་ན་ལེགས་པར་མཐོང་། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་སྤེལ་བ་ཙམ་གྱིས་ཁེ་ཕན་གང་ཡང་སྒྲུབ་མི་ནུས། མང་དུ་ཞུ་རྒྱུ་འདུག་ཀྱང་ཐུགས་ལ་ཕོག་ཐུག་འབྱུང་དོགས་པས་དེ་ཙམ་ཡིན། དེ་ལ་ཐུགས་བསམ་བཞེས།

  12. བླ་སྨྱོན་ says:
    2012-08-28 at 6:41 am

    གངས་ཅན་བོད་ཀྱི་བླ་མ་ལྷ་སྲུང་ཡུལ་ལྷ་གཞི་བདག་ཐམས་ཅད་ཀྱིས།

    ལོག་སྨྲ་ཚར་གཅོད་རེ་ལྟོས་ཇི་བཞིན་རྒྱ་ནག་དཔོན་རྣམས་ཚར་གཅོད་ནས།

    དོལ་རྒྱལ་བསྟེན་ན་བོད་མི་ཡིན་རུང་ཁྱེད་རྣམས་བསྒྲལ་བའི་དུས་ལ་བབ།

    བོད་ལ་མེར་སྲེག་ལས་ལ་ཞུགས་པའི་བོད་མི་རྣམས་ཀྱི་གྲོགས་མཛོད་ཅིང་།

    དེང་གི་དུས་སུ་མགོ་གཉིས་རྣམས་ཀྱིས་རང་བཙན་ཡིན་ཞིང་བསྒྲགས་གཏམ་སྤེལ།

    དངོས་དངུལ་ཕྲན་བུ་བསྡུ་རུབ་ཆེད་དུ་ལས་འགུལ་འདྲ་མིན་གང་སར་བརྩམས།

    བོད་ཀྱི་བདེན་དོན་ཕལ་ཆེར་འགའ་ཡི་ཚོང་རྫས་ལྟ་བུར་གྱུར་བའི་སྐབས།

    བླ་མ་ལྷ་སྲུང་མཐུ་ནུས་ཡོད་ན་ནང་རུལ་དེ་དག་བསྒྲལ་མཛོད་ཅིང་།

  13. སེམས་བཟང says:
    2012-08-28 at 6:49 am

    རང་ལུས་མེ་སྲེད་གཏང་བ་ནི་སེམས་ཤུགས་དང་བློ་ཁོག་མི་རིགས་ལ་ཤ་ཞེན་ཡོད་པ་དཔལ་བོ་དངོས་སུ་རེད་ཡིན་རང་ལུས་མེ་བསྲེགས་གཏང་ནས་བོད་ཀྱིས་གནས་གཏང་ལ་་འགྱུར་བ་འགྲོ་མི་ཐུབ་པ་ཤེས་གི་ཡོད་མ་རེད་ད་དུང་རེབ་རྒྱབ་ནས་རང་ལུས་མེ་སྤར་ནས་འདུག་ཡོད་པ་རེད་མི་གྲངས་༥༠ལྷག་གྲོངས་ཚར་བ་རེད་། ་དྲང་པོ་བཤད་ན་བོད་ནང་ཁུལ་ལ་སློབ་སྦྱོང་དང་དཔལ་འབྱོར་གིས་གནས་གཏང་
    ལ་ཧ་ཅང་ཆེན་ཆུང་ཡོད་པའི་གནས་གནས་ལ་རྟེན་ནས་གནས་ཚུལ་འདི་རིགས་བྱུང་བ་རེད་
    བོད་རིགས་སུ་ཡིན་ན་ཡང་སོ་སོ་རང་དབང་དང་རང་བཙན་མི་དགོས་མཁན་སུ་གང་ཡོད་མ་རེད་། ་མདོ་སྨད་ཁ་ཤས་ལ་རང་ལུས་མེ་སྲེད་གཏང་ནས
    ཨ་རིས་དམགས་མི་བོད་ལ་དམགས་རོགས་ཡོང་གི་ཡོད་རེད་ཟེར་ནས་མི་ཚང་མའི་ནམས་མཁའ་ལ་ལྟས་ནས་གནམ་གྲུ་
    སྒུག་སྡོད་པ་དང་བློ་བཟང་སེང་གེ་ཨོ་སྦ་མ་གཉིས་སློབ་གྲོགས་ཡིན་པ་དང་ཁོང་གིས་རོགས་པ་བྱེད་གི་རེད་ཟེར་བ་སོགས་སྒྲགས་གཏམ་སོགས་ལ་ཡིད་ཆེས་བྱེད་
    ཐོས་རྒྱ་མཐོང་རྒྱ་ཆུང་དྲགས་པ་རྐྱེན་གྱིས་རེད་། དབུས་གཙང་྄ཕྱོགས་ལ་རང་བཙན་མི་དགོས་པ་མ་རེད་སྟེ་མི་ཚང་མ་སློབ་སྦྱོང་དང་རྒྱ་སྤྱིར་གནས་གཏང་ཧ་གོ་བའི་རྐྱེན་གྱིས་གནས་ཚུལ་འདི་རིགས་བོད་ལ་གྲུབ་འགྲས་མི་྄ཐུབ་པ་ཧ་གོ་གི་རེད་དེ་བྱེད་ནས་འདི་འདྲ་མང་པོ་མ་བྱུང་བ་རེད་།  གངས་ཅན་བོད་ཀྱིས་བླ་ཆེན་དང་མི་ཆེན་
    རྣམས་པ་བྱམས་དང་སྙིང་རྗེ་ཡོད་ན་མེ་བསྲེགས་འདི་རིགས་མཚམས་འཇོག་གི་འབོད་བཀུར་ཞུ་རོགས་གནང་། བོད་མི་ཉམས་ཆུང་རྣམས་ལ་ཐུགས་རྗེ་གཟིགས་རོགས་གནང་་་་་་་་་་་་་་་་་་་་ག་དུས་ཡིན་ཡང་བྱམས་དང་སྙིང་རྗེ་་་་བྱམས་དང་སྙིང་རྗེའི་དུས་ལ་བབ་འདུག་་་་་་བླ་ཆེན་རྣམས་་་་མ་གོ་འདུག་དང་མ་མཐོང་འདོག་མ་བྱེད་རོགསསསསསསསའ

  14. ཤུག་པ། says:
    2012-08-28 at 9:27 am

    གོང་གི་མཆན༡༡པ་འབྲུག་པ་བ་ལགས།
    ཉིད་ཀྱི་དགོངས་ཚུལ་དེ་ལྷུག་པོར་བརྗོད་པའི་རེ་བ་ཞུ་བཞིན་ཡོད། མ་གཞི་ནས་བོད་དང་འབྲུག་གཉིས་ལག་པའི་ཕྱི་ནང་ལྟ་བུ་རེད། སོང་ཙང་ཁྱེད་ལ་བོད་དོན་གླེང་བའི་འོས་བབ་ཡོད་རེད། ཉིད་ཀྱི་ལྟ་བ་དེ་གཞན་དག་ལ་འཚམས་མ་སོང་ན་ཡང་ཁྱེད་རང་བོད་ལ་ཤ་ཚ་བའི་གཏམ་ཡིན་པར་ངེས་འཛིན་ཞུ་གི་རེད།

  15. མྱི་དཀར says:
    2012-08-28 at 10:46 am

    མཆན་༡༢བ་ལ་ཞུ་རྒྱུ་ཁྱེད་རང་གི་དེ་ག་རེད་དེ་སྲུང་མའི་སྐང་བཤགས་འདྲ་མ་རེད་བེ་་བོད་དོན་འདྲ་བཤད་འཁུལ་ཡིན་རྒྱུ་རེད

  16. ཀུན་བཟང་ཉི་མ་ says:
    2012-08-28 at 10:53 am

    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།
    ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ།ཨོཾ་མ་ཎི་པདྨེ་ཧཱུྃ

  17. རིན་ཆེན says:
    2012-08-28 at 2:36 pm

    ཧ་ཧ་ཧ་་་་་དྲ་གྲོགས་ཚོ་གཟིགས་དང་། ལོག་སྨྲ་ཚར་གཅོད་དང་བླ་སྨྱོན་གཉིས་རྒྱ་མི་ལ་ཁ་གཏད་ལངས་ཁུལ་གྱི་བོད་ཀྱི་བསྟན་སྲུང་རྣམས་ལ་བཀའ་བཀོད་གནང་འདུག མ་ཟད་དོལ་རྒྱལ་གྱི་མིང་དེ་ཡང་དེར་བཏོན་འདུག རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་དོན་དུ་ཚེ་སྲོག་བློས་གཏོང་མཁན་གྱི་སེར་སྐྱ་རྣམས་ཀྱི་ཆེད་བསྔོ་སྨོན་གནང་ཞུར་དོལ་རྒྱལ་གྱི་མིང་བཏོན་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ད་དུང་བླ་སྨྱོན་ནས་དོལ་རྒྱལ་བསྟེན་མཁན་ཡིན་ན་བོད་མི་ཡིན་རུང་བོད་ཀྱི་བླ་ལྷ་རྣམས་ཀྱིས་བསྒྲལ་དགོས་ཞེས་བྲིས་འདུག ངས་ཅུང་ཟད་དཔྱད་ན་མི་དེ་དག་རིགས་ཀྱིས་གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཁུལ་བྱེད་ནས་བོད་མི་ནང་ཕན་ཚུན་དཀྲུག་བཤིག་རྒྱག་རྒྱུ་ཡི་གཡོ་ཇུས་ངན་པ་ཞིག་རེད་མི་འདུག་གམ། དེང་སང་བོད་པའི་སྤྱི་ཚོགས་སུ་དོལ་རྒྱལ་ཁ་ལ་ཁྱེར་ནས་རང་གི་ཁེ་ཕན་སྒྲུབ་ས་དང་གཞན་མི་དགའ་མཁན་ལ་གནོད་བསྐྱལ་སའི་ལག་ཆ་ཞིག་གྱུར་མི་འདུག་གམ། ལས་བྱེད་རྣམས་དང་། དགོན་སྡེ་ཁག་དང་། ཟ་ཁང་དང་ཚོང་ཁང་མཐའ་ན་མི་སྒེར་གྱི་མི་དགའ་མཁན་རྣམས་ཡར་རྒྱས་ཀྱི་རྣམ་པ་མངོན་ཚེ་ལམ་སང་དོལ་རྒྱལ་དང་འབྲེལ་བ་ཡོད་ལུགས་རྫུན་བཟོ་བྱས་ནས་མངོན་ལྐོག་ཏུ་ཁྲོམ་བསྒྲགས་བྱས་དང་བྱེད་བཞིན་པ་ནི་ཆེ་ཡ་མཚན་ཞིག་མ་རེད་དམ། ཉེ་ཆར་ཁ་ཆེ་ཚོས་བོད་མི་རྣམས་ལ་བརྙས་བཅོས་བཏང་བ་མཐོང་ཚེ་དོལ་རྒྱལ་བསྟེན་རུང་མ་བསྟུན་རུང་བོད་མི་ནང་ཕན་ཚུན་དེ་འདྲ་གནང་དགོས་དོན་ཞིག་ཨེ་ཡོད་སྙམ། འོན་ཀྱང་ངས་དེ་འདྲ་བཤད་དུས་ཁྱོད་ཚོས་ང་ལ་རྒྱ་དགའ་དང་དོལ་བསྟེན་ཞིག་ལབ་ངེས་རེད། གཏམ་དཔེ་ལ་་་་གཏམ་དྲང་པོ་བཤད་ན་མི་དགའ། ལག་དབྱུག་པ་ཐོག་ན་ཁྱི་མི་དགའ་ཟེར་བ་ལྟར་མ་རེད།།

  18. རིན་ཆེན says:
    2012-08-28 at 2:48 pm

    མི་མི་དགའ་ལ་བསྒྱུར་རོགས།

  19. སྐྱུྐྱུྱུྱུ་རྩི་ནས། says:
    2012-08-28 at 7:38 pm

    དཔའ་རྒོད་དཔུང་དང་དཔུང་པ་ངོམ་བཞིན་དུ།
    རིན་ཆེན་སྐུ་སྲོག་མི་རིགས་ཆེད་དུ་བཏང་།
    རིན་ཆེན་གསེར་ལས་ལྷག་པའི་མཛད་རྗེས་རྣམས།
    གསེར་གྱི་ཡི་གེར་བཀོད་ནས་ཟི་ཐོ་བཀོད།

  20. ལུང་རྟོགས། says:
    2012-08-29 at 6:37 am

    ཨ་མདོ་བ་ལ་སློབ་སྦྱོང་ཡོད་མ་རེད་ལ་ཐོས་རྒྱ་མཐོང་རྒྱ་ཆུང་བས་རང་ལུས་མེར་བསྲེགས་བཏང་བ་རེད། དབུས་གཙང་བ་ལ་སློབ་སྦྱོང་ཡོད་པ་རེད་ལ་རྒྱལ་སྤྱིའི་གནས་ཚུལ་ཧ་གོ་བས་རང་ལུས་མེར་སྲེག་གཏོང་མཁན་མང་པོ་མ་བྱུང་བ་རེད། ཧཧཧཧཧཧཧཧཧཧཧ ངོ་མ་ཧཧཧཧཧཧ མཆན་ཨང་༡༣ པ་འདིས་སྐད་ཆ་བཤད་སྟངས་ལ་བལྟོས་དང་།

  21. ཟུར་མིག་ says:
    2012-08-29 at 11:10 am

    ཐོག་མར་རྒྱལ་གཅེས་དཔའ་བོ་རྣམ་གཉིས་ལ་མྱ་ངན་དང་གུས་འདུད་གྲངས་མེད་ཞུ།
    མཆན་༥པ་སྟེ། གོང་དུ་ལོག་སྨྲ་ཚར་གཅོད་གྱི་རྩོམ་འདི་ཐེངས་མང་དྲ་ཐོག་ནས་མཐོང་མྱོང་། ད་འདི་འདྲ་ཞིག་ཡང་ནས་ཡང་དུ་དྲ་ལམ་དུ་བཀོད་བསྡད་པ་ལས་གསར་པ་ཅང་མེད་པ་འདྲ།

  22. རྡོ་རྗེ་ཚེ་རིང says:
    2012-08-29 at 9:06 pm

    རྔ་བ་རྫོང་དང་ལྷག་པར་དུ་ཀི་རྟི་དགོན་པར་རང་ལུས་མེར་སྲེགས་ཀྱི་གནས་ཚུལ་ཆེ་ཤོས་ཛ་དྲག་བྱུང་བ་རེད་།རྒྱུ་མཚན་ག་རེ་ཡོད་།ཀི་རྟི་བླ་མ་དང་འབྲིལ་བ་ཡོད་ནམ་།

  23. རྡོ་རྗེ་ནག་པོ says:
    2012-08-30 at 4:33 am

    དྲ་གྲོགས་ལུང་རྟོགས་གིས་བཤད་ཚུལ་ནི་ནོར་བ་རེད་།རང་ལུས་མེར་བསྲེགས་དེ་བོད་བརྒྱུད་ནང་བསྟན་ཀྱི་རྒྱུན་ལྡན་དང་འགལ་བ་རེད་།ཆོལ་ཁ་གསུམ་བོད་གཞིས་ཁོ་ཐག་ཡིན་།རང་ལུས་མེར་བསྲེགས་མཁན་ནི་ང་ཚོ་ཚང་མའི་སྤུན་ཟླ་རེད་།ང་ཚོ་ཚང་མས་མཉམ་དུ་རང་ལུས་མེར་བསྲེགས་མཚམས་འཇོག་ལ་འབོད་སྐུལ་གནང་རོགས་ཞུ་།

  24. གངས་ལྷ་མེ་ཏོག says:
    2012-09-04 at 4:58 am

    བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་རྒྱུ་མཚན་ནི་རྒྱ་གཞུང་གིས་དྲག་གནོན་སྲིད་ཇུས་ལ་མ་བཟོད་པར་ངོ་རྒོལ་བྱེད་ཀྱི་ཡོད་པས་འདིས་འབྱུང་རྩ་རྒྱ་གཞུང་ལ་ཐུག་གམ་། ད་རུང་གོང་ས་མཆོག་དང་རང་གཞུང་གི་སྲིད་སྐྱོང་སོགས་ཀྱིས་ལས་འགུལ་མཚམས་འཇོག་ཀྱི་འབོད་སྐུལ་མ་གནང་རག་ལས་ཡོད་་།

  25. ཀུན་དགའ says:
    2012-09-06 at 2:54 am

    གངས་ལྗོངས་ཕ་ནུ་ཚོ་་་་་་་རྨོངས་གཉིད་ལས་སད་དང་་་་་་ཁྱེད་རང་ཚོས་ལས་ཀ་དེ་ནི་་་་་་རང་གཞན་གཉིས་ཕུང་དང་འདི་ཕྱི་གཉིས་ཕུང་ལས་གཞན་ཕུན་ཐོག་གང་ཡང་མེད་པའི་ཁར་་་་ད་དུང་༧གོང་ས་མཆོག་ལ་འཛམ་གླིང་མི་དམངས་ཚོས་མཐོང་ཆུང་བྱེད་སའི་ཡུལ་དུ་གྱུར།བཙན་བྱོལ་བོད་མི་ཚོ་ནི་སུན་སྣང་སྐྱེསབཞིན་མཆིས།
    བློ་སེང་གཙོས་བརྡ་སའི་དཔོན་ངན་ཚོར་ཕྱི་གླིང་འགོ་ཁྲིད་ཚོ་མཇལ་ཕྲད་བྱེད་ཡག་གི་ལག་ཆས་ཙམ་ལས་དོན་དངོས་ཐོག་བོད་དོན་ལ་ཕུན་ཐོག་ཏིལ་འབྲུ་ཙམ་ཡང་མེད་པ་མ་ཟད་་་་རྒྱ་ནག་ནས་དམ་དྲག་ཤུགས་ཆེར་བཏང་དང་གཏོང་བཞིན་ཡོད།
    གོང་ས་མཆོག་བོད་ལ་ཕེབས་ཡག་ལ་འགོག་རྐྱེན་ཆེས་ཤོས་མེར་སྲེག་ལས་ཀ་དེ་ཆགས་ཡོད།ད་དུང་ཀརྟི་བླ་མས་བརྡ་སའི་དཔོན་ངན་ཚོའི་མདུན་དུ་ཞེ་པོ་འཇོན་ཡོད་མདོག་མདོག་བྱེད་བཞིན་ཡོད་་་་རྣམ་རྟོག་སློང་མཁན་རང་རེད་་་ད་དུང་ལུས་གྲ་ཆས་ཤིག་གྱོན་གྱི་འདུག་་་འདུལ་བ་མ་ཤེས་མཁན་སྤོར་ཏོག་གཡག་སྙིང་ཅན་ནང་པའི་ཆོས་ཀྱི་ཞབས་འདྲེན།གསོད་ཕམ་ལ་བཅོལ་རྫོགས་ཡོད་པ་དེ་ད་བར་མ་ཚོར་རམ་་་་་མདོར་བསྡུས་ནས་བཤད་ན་་་་མེར་སྲེག་ལས་ལས་ཀ་འདིས་་་་རང་དབང་བཙོང་ནས་མནར་གཅོད་དང་ཉེས་པ་དང་་་་བོད་རྒྱ་ཞི་མོལ་གྱི་ལམ་བུ་གཅོད་བྱེད་ཀྱི་རལ་གྲི་་་་་གོང་ས་མཆོག་ལ་ཞི་བདེའི་རྟགས་མ་ཡར་བསྡུས་ནས་དྲག་དམག་གི་སྤྱི་ཁྱབ་ལ་བསྐོས་ཡོད།།

  26. བློ་བཟང་སེང་གེ says:
    2012-09-06 at 9:44 am

    གོང་གི་ཀུན་དགའ་ཀྱི་བཤད་ཚུལ་ངོ་མ་བདེན་པ་ཡིན་། གཞིས་ཁྱིམ་ནང་ནས་སྤུན་ཟླ་རྣམས་ཀྱིས་མུ་མཐུད་དུ་རང་ལུས་མེར་བསྲེགས་སྟེ་ད་ལྟ་ནས་གྲོངས་འབོར་ལྔ་བཅུ་ལྷག་བརྒལ་བར་བྱུང་ཟིན་། བོད་པ་ཡིན་ན་སེམས་སྐྱོ་བར་བྱུང་བ་འདུག་། ང་ཚོ་ཚང་མས་མཉམ་དུ་ངེས་པར་དུ་རང་ལུས་མེར་བསྲེགས་མཚམས་འཇོག་ལ་འབོད་སྐུལ་གནང་རོགས་ཞུ་།

  27. གངས་ལྷ་མེ་ཏོག says:
    2012-09-08 at 9:42 am

    ཨ་ཁ་ཁ་། ཡང་ མུ་མཐུད་དུ་རང་ལུས་མེར་སྲེག་གཏོང་་ན་ཀིརྟི་དགོན་པའི་དགེ་འདུན་པ་ཇེ་ཉུང་དུ་བཏང་ཐལ་། རང་གི་ཚེ་སྲོག་ལ་མནར་གསོད་ན་བོད་བརྒྱུད་ནང་བསྟན་ཀྱི་རྒྱུན་ལྡན་དང་མི་མཐུན་པ་། དེས་ན་ང་ཚོའི་མི་རིགས་མཐའ་མཇུག་དུ་ནམ་ཡང་ཤོར་ངེས་ཡིན་།

  28. རྔ་བ་སེང་གེ says:
    2012-09-08 at 10:09 am

    ངའི་ཕ་ཡུལ་ནས་ཡང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ཐོན་བྱུང་། རྔ་བ་བོད་མི་ཡིན་ན་ཤིན་ཏུ་སེམས་སྐྱོ་བས་འདུག་། ཁོང་ཚོས་རང་ལུས་མེར་བསྲེགས་དེས་དོན་ཕན་སྤུ་ཙམ་ཡང་མེད་གི་། ང་ཚོ་ཚང་མས་ངེས་པར་དུ་རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས།

  29. སེམས་སྐྱོ་བ says:
    2012-09-09 at 1:14 am

    བོད་དོན་ཆེད་རང་ལུས་མེར་བསྲེགས་མཁན་བཞིན་པའི་ལོ་གཞོན་ནུ་རྐྱང་རེད་། ལོ་འདིའི་གཞོན་ནུ་སློབ་གཉེར་བྱེད་པའི་སྐལ་བཟང་གོ་སྐབས་ཡིན་། གལ་ཏེ་ཚེ་སྲོག་བློས་བཏང་ན་ཕན་ཐོན་ནམ་གྲུབ་འབྲས་དུ་ཐོབ་མ་ཐུབ་ཐལ་། རང་རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་དེ་རིག་གནས་སྦྱོང་བས་འབད་བརྩོན་ངེས་དགོས། རྗེས་སུ་བོད་ཀྱི་ལས་དོན་ལ་འབུལ་གནང་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme