Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆར་གྱིས་སྦར་བའི་མེ།

Posted on 2012-08-26 By ཁ་བརྡ་ 4 Comments on ཆར་གྱིས་སྦར་བའི་མེ།

བསོད་ནམས་རྒྱལ།
——–
ཆར་དུས་སུ་ངའི་མིག་ཟུང་སྒེའུ་ཁུང་ཁ་ན་ཡོད།
ཆར་དུས་སུ་ངའི་སེམས་པ་ལོ་མའི་སྟེང་དུ་ཡོད།——-ཁ་བྱང་གི་འགྲེལ།

ཆར་བ་བབས།། སེམས་པ་སྐྱོ།། ལོ་མ་བྲན།། ངོ་གདུང་བརླན།།

རླུང་བུ་ལྡིང་།། སྐྲ་ལོ་གཡོས།། ཆར་སྒྲར་བླགས།། གླུ་མ་གོ།

སྨུག་པ་འཐིབས།། མིག་རྒྱ་བསྒྲིབས།། རྒྱང་མི་མཐོང་།། གམ་མ་གསལ།།

འོད་ཟེར་དྲན།། རྒྱང་རིང་དྲན།། སང་ཉིན་དྲན དགོད་སྒྲ་དྲན།།

ཆར་བ་བབས།། གྲོག་ཚང་ཁུར།། རླུང་བུ་གཡུགས།། བྱིའུ་ཚང་གཏོར།།

ཡལ་འདབས་གཡོ།། ལོ་མ་ཟགས།། བླ་སེམས་བསྒུལ།། ཡིད་མཚོ་དཀྲིགས།།

གཉིད་མ་ཁུགས།། ཟས་མ་ཞུ།། གྲོད་ཁོག་བཤའ་།། སྐྱུག་མེར་ལངས།།

ཨ་མ་དྲན།། རྩམ་པ་དྲན།། རྩྭ་ཐང་དྲན།། རི་ཆུ་དྲན།།

གནམ་ངོ་རུབ།། སེམས་རྒྱ་བཀླུབས།། གཤོག་འགྱུར་ཡལ།། རང་དབང་བརླགས།

ཆར་བ་ཐིགས།། སེམས་པ་ཕུག། བགྲོད་ལམ་བཀག། དོན་མ་འཁྱོངས།།

ཆར་ཆུ་བཞུར།། རྒྱ་མཚོ་བསྙོགས།། དར་ལྕོག་ཐེད།། རྫ་རི་བཤིག།

ཉི་འོད་བསྐལ།། ཉིན་མཚན་འཁྱགས།། རང་དབང་དྲན།། གངས་རི་དྲན།།

གནམ་ས་འདྲེས།། གློག་དམར་འཁྱུགས། ས་གཞི་བརྫིས།། ལྷུན་པོ་ཉིལ།།

ཆར་རླུང་འཚུབ།། མེ་ཏོག་ཁུར།། གནོད་འཚེ་འཕེལ།། བརྩེ་བ་བྲི།།

དཀར་ནག་ལྡོག། བདེན་པ་བཀུམས།། ཞི་བདེ་བཅོམ།། མི་གཤིས་རྒུད།།

ཉི་ཟླ་དྲན།། གཏན་ཚིགས་དྲན།། བདེ་སྐྱིད་དྲན།། ཡ་རབས་དྲན།།

ཆར་བ་བབས།། གཤེར་གྱིས་ཁེངས།། ཡིད་སེམས་མུག།། སྡོད་མ་ཚུགས།།

མེ་ལ་སྒྲོན།། མཆི་མས་གཡོགས།། གནམ་ལ་ཅེར།། འོད་མ་མཇལ།།

སེམས་པ་འབར།། གྲིབ་བསིལ་བཙལ།། ལོ་མས་བྲལ།། ཕུགས་མ་རྙེད།།

དཔའ་བོ་དྲན།། དྲོད་ཁོལ་དྲན།། ལྗོན་པ་དྲན།། ཕ་ས་དྲན།།

ཆར་བ་བབས།། དྲོད་ཁ་ཉམས།། ལོ་མ་ཐོར།། རླུང་གིས་ཁུར།།

མཆི་མ་འཁོར།། སེམས་འཕང་ཞུམ།། ཞེ་བློ་སྨྲེང་།། ཁོ་ཐག་ཆད།།

ཟེགས་མ་འཕྱོ།། མཐོང་ལམ་བཅད།། གོམ་སྣེ་འཁྱོགས། མདུན་ལྗོངས་མོག།

ཡར་ཀླུང་དྲན།། སྲོང་བཙན་དྲན།། ལྷ་ས་དྲན།། རང་ཁྱིམ་དྲན།

ཆར་བ་བབས།། ནམ་མཁའ་བཤུམས།། ས་གཞི་བཀབ།། རི་ཀློང་བཏུམས།།

དྲན་གདུང་ལྕི།། གཞི་ན་སྒུག། བྱེས་ཀྱིས་འཁྲེང་། ལོ་ཟླ་རྫོགས།།

ཆར་ཆུ་ཐོར།། གང་སར་འཁྱམས།། གཞི་མ་རྙེད།། ལོག་ན་བསམ།།

སེམས་ཁ་འཁྲིགས།། གདོང་མདུད་བརྒྱབས།། འཚུབ་ཆ་ལངས།། ལམ་ཁ་བོར།།

ཆར་བ་བབས།། ཚོར་བ་སྦངས།། རྨི་ལམ་འཁྲིགས།། ཉིན་མོ་དྲན།།

སྒྲོག་གིས་བསྡམས།། ལྕགས་ཀྱིས་སློག། མདའ་ཡིས་བསད།། གསོན་པོ་དྲན།།

ཕ་ཁྱིམ་བསྐྱུར།། མཐའ་ལ་མྱུལ།། ཉི་ཟླ་ཉམས།། མེས་པོ་དྲན།།

ཚེར་མ་ཟུག། རྐང་པ་རྨས།། ཁྲག་དམར་འཛགས།། ལམ་ཆེན་དྲན།།

ཆར་བ་བབས།། བརྩེ་དུང་དྲན།། ཟེའུ་འབྲུ་བརྣོགས།། སྙིང་དམར་དྲན།།

དུག་སྦྲང་འཕྱུར།། འཇོལ་མོ་དྲན།། ལུས་ཕུང་རིད།། རྨི་ལམ་དྲན།།

ཆར་རླུང་གཡུགས།། མེ་ཏོག་དྲན།། མཆོད་མེ་གཟིམ།། མེ་ལྕེ་དྲན།།

གཤོག་ཟུང་འབྱར།། མདུན་ལྗོངས་དྲན།། མིག་ཟུང་མོག།། འོད་སྣང་དྲན།།

2012—08—26་ལ་རྫོགས་པར་བྱས།

སྙན་ངག

Post navigation

Previous Post: བོད་ཀྱི་དེང་རབས་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་དང་ལྷན་དུ་།
Next Post: ཨ་རིའི་རླུང་འཕྲིན་ཁང་སོ་ཡ་ལའི་ལེ་ཚན།

Comments (4) on “ཆར་གྱིས་སྦར་བའི་མེ།”

  1. བསྟན་འོད་ says:
    2012-08-26 at 11:56 pm

    སྲོལ་རྒྱུན་རྣུབ་། དེང་རབ་མེད་། ལམ་ཁ་འགེག་། རྩོམ་རྩལ་ཞན་། ཧ་ཧ་ཧ་། རྩེད་མོ་ཡིན་ཡག་པོ་འདུག་།

  2. དགྲ་འདུལ says:
    2012-08-27 at 2:26 am

    སྙན་དང་མི་སྙན། ཚིག་སྦྱོར་ལེགས་དང་མི་ལེགས་མི་ཤེས་ཀྱང་”བོད་ཀྱི་དོར་ཞི་རྒྱ་མཚོའི་”རྩོམ་ཉམས་དངོས་གནས་དེ་ཐོན་འདུག ད་དུང་མུ་མཐུད་ནས་ཡིན་དཱ།

  3. champo says:
    2012-08-27 at 6:23 am

    རྩོམ་ཡག་པོ་བྲིས་འདུག འབྲི་སྟངས་གསར་བ་ཞིག

  4. མྱི་དཀར་ says:
    2012-08-27 at 12:16 pm

    གྲངས་འདྲེན་མང་་པོ་འདུག་ཡག་པོ་རེད་དེ་དག་ལས་ཚིག་འགའ་རེ་བེད་སྤྱོད་བཏང་ཆོག་པ་ལ་དགོངས་འཇགས་གནང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme