Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་ཞིག་ལ་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཅད་པའི་གནས་ཚུལ་ཞིག

Posted on 2012-08-24 By ཁ་བརྡ་ 6 Comments on བོད་མི་ཞིག་ལ་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཅད་པའི་གནས་ཚུལ་ཞིག

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༠ ཉིན་གནས་ཚུལ་འབྱོར་བར། ཟླ་བ་བརྒྱད་ཙམ་རིང་གར་སོང་ཆ་མེད་དུ་གྱུར་པའི་བོད་མདོ་སྨད་རྔ་པ་རྫོང་ཁ་ཤིས་དགོན་གྱི་ལྷོ་ཡོན་ཏན་རྒྱ་མཚོ་ལགས་ལ་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཅད་འདུག
དེ་ཡང་འདི་ནས་ཤེས་རྟོགས་བྱུང་བར། རྔ་པ་རྫོང་བློན་ཙང་ཞང་ཁཱ་ཤིས་སྡེ་བའི་ལྷོ་ཚང་གི་ཁཱ་ཤིས་དགོན་གྱི་གྲྭ་ལྷོ་ཡོན་ཏན་རྒྱ་མཚོ། རང་ལོ་ ༣༧ ཡིན་པ་ཁོང་ལོ་སྔོན་མའི་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་རྔ་པ་རྫོང་མཁར་ནས་གློ་བུར་གར་སོང་ཆ་མེད་དུ་གྱུར་པ་ནས་བཟུང་ཟླ་དྲུག་ལྷག་རིང་ཤི་གསོན་གྱི་གནས་སྟངས་གང་ཡིན་ཤེས་རྟོགས་བྱུང་མེད་ཀྱང་། ཉེ་བའི་ཆར་ཁུངས་ལྡན་གནས་ཚུལ་ཤེས་གསལ་ལྟར་ན་ནག་ཉེས་གང་ཡིན་ཁ་གསལ་མེད་པའི་སྒོ་ནས་ལྐོག་འཛིན་བཙན་ཁྲིད་བྱས་ཏེ། རྔ་བ་རྫོང་ས་གནས་དམག་སྒར་ཁང་བརྒྱུད་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་ གསང་བའི་ལས་ཁུངས་ནས་བཙན་ཁྲིད་ཀྱིས་བུན་གྱང་ཞེས་པའི་ས་གནས་བཙོན་ཁང་དུ་བཀག་སྐྱིལ་འོག་གཅར་རྡུང་མནར་གཅོད་ཚད་མེད་བཏང་ཡོད་པ་མ་ཟད། བཙོན་ཁང་གི་མུན་དུང་ནས་རང་སྲོག་གཅོད་པའི་གོ་སྐབས་ཤིག་བྱུང་ན་སྙམ་པ་དང་། ཡ་ང་སྙིང་རྗེ་མེད་པའི་མནར་གཅོད་འདིའི་འོག་གསོན་པ་ལས་འཕྲལ་ཏུ་འཆི་ན་དགའ་བའི་སེམས་ཚོར་བྱུང་ཡོད་པ་སོགས་ཀྱི་དཀའ་སྡུག་བཟོད་བརླག་མེད་པ་མྱངས་མཐར། རྔ་པ་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ལ་རྩིས་སྤྲོད་བྱས་ཏེ་རྔ་བ་ཁུལ་མི་དམངས་ཁྲིམས་ཁང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༨ ཉིན་རྒྱལ་གཅེས་དཔའ་མོ་བཙུན་མ་བསྟན་འཛིན་དབང་མོས་རང་ལུས་མེ་བསྲེགས་བཏང་བའི་འདྲ་པར་དང་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བརྒྱུད་བསྒྲགས་བྱས་པས་མཚོན། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་གི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་གང་མང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་ལ་ཁ་པར་བཏང་བ་དང་། བརྒྱུད་ལམ་འདྲ་མིན་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་མཁན་གཏེ་བོའི་གྲས་ཡིན་པའི་ནག་ཉེས་བཙན་འགེལ་གྱིས་ཆབ་སྲིད་ཁྲིམས་འགལ་པའི་ཉེས་མིང་འོག མི་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ཆ་རྒྱ་ནག་སི་ཁྲོན་གྱི་མེན་ཡང་ཞེས་པའི་ས་གནས་བཙོན་ཁང་ཞིག་ཏུ་བཙོན་འཇུག་དོ་དམ་བྱས་ཡོད་འདུག
ཁོང་གི་ཕ་མིང་ལ་ཆོས་བསམ་དང་། མ་མིང་ལ་གངྒ་ཡིན་པ་དང་། རང་ལས་ཆུང་བའི་སྤུན་སྲིང་གཉིས་བཅས་ནང་མི་བཞི་ཡོད་འདུག
ཁོང་ནི་ཁཱ་ཤིས་དགོན་དགེ་འཕེལ་བསམ་གཏན་གླིང་གི་དགེ་བསྐོས་དང་། དབུ་མཛད་། ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་དང་ཚོགས་མི་བཅས་ཟུར་བ་ཡིན་ཞིང་། ཕྱི་ལོ་ ༡༩༩༢ ལོར་རྔ་ཡུལ་ཁཱ་ཤིས་ཚོང་པ་རྣམས་ཀྱིས་མ་དངུལ་རྩ་འཛུགས་ཀྱིས་སློབ་གྲྭ་གསར་རྒྱག་བྱས་པ། རྔ་པ་རྫོང་ཁ་ཤུལ་གྲོང་སྡེའི་རེ་སྨོན་སློབ་ཆུང་གི་སློབ་མ་གཙོས་དགོན་གྲོང་གཉིས་ཀྱི་སློབ་ཕྲུག་ན་གཞོན་རྣམས་ཀྱི་གསབ་སྦྱོང་འཛིན་གྲའི་བོད་ཡིག་དགེ་རྒན་དང་། ཡང་སྒོས་ཁཱ་ཤིས་སྤྱི་ཚོགས་སློབ་གསོ་ཚོགས་པའི་ཚོགས་གཙོའི་ལས་འགན་ཁུར་མུས་ཀྱི་ངོས་ནས་རྔ་པ་སྟོད་སྨད་བར་གསུམ་གྱི་མང་ཚོགས་ཁྲོད་སྤྱི་ཚོགས་སློབ་གསོའི་ལས་འགུལ་སྤེལ་བའི་བརྒྱུད་རིམ་ནང་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལེགས་བྱང་། ཡུལ་གོམས་གཤིས་ལུགས་སོགས་ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་རིགས་ཀྱི་ངོ་བོ་གསོན་པོར་ཡུན་གནས་ཡོངས་ཐབས་སུ་ཕྱོགས་ཡོངས་ནས་ནུས་པ་ཡོད་དགུས་མཁས་དབང་གདན་འདྲེན་ཞུས་ཀྱིས་སྤྱི་ཚོགས་ཡར་སྐུར་གྱི་ལམ་སྟོན་སློབ་གསོ་གནང་བཅུག་པ་དང་། ཁོང་རང་ངོས་ནས་ཀྱང་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པའི་སྒོ་ནས། བོད་ཀྱི་ཆབ་དཔལ་རིག་གསུམ་དང་། ལྷག་པར་ཏུ་བོད་རིགས་ནང་ཁུལ་མཐུན་སྒྲིལ་ཟོང་ཁ་གཅིག་གྱུར་དགོས་པ་སོགས་ཀྱི་ཐད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་བཀའ་སློབ་ལམ་སྟོན་སྤྱི་ཕེབས་བྱུང་བ་རྣམས་ཇི་ལྟ་བ་བཞིན་ས་གནས་མི་དམངས་དཀྱིལ་དུ་རྒྱལ་བའི་མཚན་དང་བཅས་ཏེ་བཀའ་སློབ་དགོངས་དོན་ཁག་དངོས་སུ་ལུང་འདྲེན་དང་ འགྲེལ་བཤད་ཡང་ཡང་བྱས་ཡོད་པ་བཅས།
དེ་ཡང་ཁཱ་ཤིས་དགོན་དགེ་འཕེལ་བསམ་གཏན་གླིང་ནི་༸རྗེའི་དངོས་སློབ་ཚ་ཁོ་དཔོན་པོ་ངག་དབང་གྲགས་པས་ཕྱག་བཏབས་མཛད་པ་ཞིག་དང་། དེང་གི་རྔ་པའི་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་ ༢ ཙམ་གྱི་སར་ཡོད་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༠ ལ།

གསར་འགྱུར།

Post navigation

Previous Post: ཨུ་རུ་སུའི་མངའ་ཁོངས་བྷོ་རེ་ཡ་ཐུར་བོད་རིགས་ཚོགས་པ་གསར་འཛུགས།
Next Post: འཛིན་བཟུང་བྱས་པའི་བོད་མི་གཉིས།

Comments (6) on “བོད་མི་ཞིག་ལ་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་བཅད་པའི་གནས་ཚུལ་ཞིག”

  1. གདོན་ཕྲུག says:
    2012-08-24 at 11:15 am

    ངོ་མ་རླབས་ཆེན་གྱི་མི་དེ་འདྲ་རེ་རྒྱ་མིའི་བཙོན་དུ་བཟུང་ན་ བོད་མི་རིགས་དང་རྒྱལ་ཁབ་ཀྱི་གྱོང་གུད་རེད་ ང་མ་སྐྱོ་པོ་རེད་

  2. དཔའ་བུའི་རོ་ཤུན། says:
    2012-08-27 at 3:34 am

    བདག་ནི་མི་རིགས་ཀྱིས་ཆེད་དུ་ཤི་ཐུབ་ལ་གནས་ཡང་ཐུབ།

  3. དཔའ་བུའི་རོ་ཤུན། says:
    2012-08-27 at 3:35 am

    བོད་ལ་བདེ་སྐྱིད་དགོས། བོད་ལ་རང་དབང་དགོས།

  4. དཔའ་བུའི་རོ་ཤུན། says:
    2012-08-27 at 3:38 am

    དཔའ་རྒྱ་ཚའི་ལོ་རྒྱུས་ཁྲག་གིས་ཚོས།
    བློན་འདན་མའི་མི་ཚེ་སྐྱོ་བས་རྫིས།
    དཔོན་ཁྲོ་ཐུང་བློ་ངན་གློག་ལས་མྱུར་།
    ཁྲ་རྒན་པོ་ཡི་མུག་སངས་དུས་མེད།

    ཞེས་པ་ལྟར་ད་ལྟ་ང་ཚོ་བོད་འདི་གནས་དེ་རུ་ངོ་མ་ལྷུང་འདུག་བ།།

  5. མྱི་དཀར་ says:
    2012-08-27 at 11:20 am

    ཡག་པོ་བྲིས་འདུག

  6. མྱི་དཀར་ says:
    2012-08-27 at 11:23 am

    འགྱུར་བ་མེད་པའི་བོད་ནང་གི་དཔའ་རྒོད་དག་ལ་དུས་ནམ་ཡང་སྨོན་ལམ་འདེབས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme