Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོར་ལང་གཅིན་གཏོང་བྱེད་ཅིག་དགོས་ཀྱི་འདུག །

Posted on 2012-08-23 By ཁ་བརྡ་ 26 Comments on བུ་མོར་ལང་གཅིན་གཏོང་བྱེད་ཅིག་དགོས་ཀྱི་འདུག །

ཟླ་ཀླུང་།

བུ་མོ་ནི་སྤྱི་ཚོགས་འདིའི་གལ་ཆེའི་གྲུབ་ཆ་ཡིན་ཅིང་བུ་མོ་དང་འབྲེལ་བ་གཏན་ནས་མེད་པའི་མི་ཞིག་མི་སྲིད་པའི་ཕྱིར་ན། རབ་ཏུ་བྱུང་བའི་གང་ཟག་ཅིག་ཡིན་ནའང་བུ་མོར་སེམས་ཁུར་དགོས་པ་ཡིན། རྒྱུ་གཏན་བུ་མོ་རྣམས་བུ་བཞིན་གཅིན་པ་གཏོང་སྟབས་བདེ་བོ་མེད་ལ། ཆ་རྐྱེན་ཞན་པའི་མི་མང་འཛོམས་སར་དཀའ་ངལ་ཅི་བས་ཆེ་བ་སྟེ། འཕོངས་ཚོས་དང་མཚན་མ་མཐོང་ཉེན་ཡོད་ཕྱིར་ངོ་ཚ་སྨིན་པོ་ཡིན་པའི་བུད་མེད་དག་ཤི་ལ་ཁད་པའི་མཚེར་སྣང་གིས་གཏོང་དགོས་ཐུག་གི་ཡོད་ཅིང་ཡར་མར་རྒྱུ་འགྲུལ་བྱེད་པ་ན་ཆུ་ཡང་ཧ་ལམ་འཐུང་ཕོད་ཀྱི་མེད།
གཅིན་པ་གཏོང་ཚེ་ཡར་སྒྲིག་པས་ལངས་ནས་གཏོང་ཆོག་པ་དང་བཏང་ཚར་ནས་མར་ལེན་ཆོག་པའི་སྟབས་བདེའི་གཏོང་བྱེད་ཅིག་བཟོས་ན་བུ་མོའི་དཀའ་ངལ་མང་པོ་སེལ་ཐུབ་ཅིང་བུའི་ཁུར་པོ་ཡང་ཡང་དུ་སོང་བ་ཡིན། ད་བར་རྒྱུན་གཏན་གྱི་དཀའ་ངལ་ལ་དོ་སྣང་མ་བྱས་པ་ལས་བཟོ་མི་ཤེས་པ་དང་མི་ཐུབ་པའི་ཁག་པོ་ཞིག་མིན་ལ་རྒྱུ་ཆ་དང་བཟོ་དབྱིབས་སོགས་ནི་ལས་སླ་བོས་བྱ་ཆོག་པ་ཞིག་རེད། ཐོག་མར་སྤྱི་ཚོགས་སུ་སླེབ་པ་ན་གླེང་སློང་འདྲ་མིན་བྱེད་སྲིད་ནའང་། སྟབས་བདེའི་ཕན་ཐབས་ནི་སུ་ལའང་དགོས་ཀྱི་ཡོད་ཕྱིར། རྗེས་མ་ཆུ་བཞིན་རྒྱུན་འཆད་མེད་པའི་བྲིན་པོ་ཡོང་ངེས་པ་སྟེ་ཟླ་མཚན་འགོག་བྱེད་ཀྱི་ཤོག་གུ་ཅི་འདྲའི་བྲིན་པོ་འདུག བཟོ་གྲྭ་ནི་ཚོང་དོན་ཡིན་ཕྱིར་ཚོང་བྲིན་པོ་བྱུང་ན་འགྲིག་བསྡད་ཡོད་ལ་བུ་མོ་ཡང་བྱ་སླ་སྟབས་བདེའི་དཀའ་ངལ་སེལ་བྱེད་ཅིག་ཐོབ་ན་དགོས་པ་དེ་རེད།

སྣ་ཚོགས།

Post navigation

Previous Post: སེམས་ཀྱི་འཇིགས་པ།
Next Post: བལ་ཡུལ་ན་ཡོད། བན་ལོག་བྱས་མེད།

Comments (26) on “བུ་མོར་ལང་གཅིན་གཏོང་བྱེད་ཅིག་དགོས་ཀྱི་འདུག །”

  1. འཇམ་གཅེས says:
    2012-08-23 at 3:19 am

    ཟླ་ཀླུང་ལགས། ངོ་མ་ཡག་པོ་འདུག་བཟོ་དེ་འདྲ་ཞིག་གསར་འཛུགས་དགོས་ངེས་སུ་འདུག་ལགས་ན་འགོ་གཙོ་ཁྱེད་རང་བཟོས་ན་གང་འདྲའི་ཡག་པོ་མི་འདུག་གམ་་ཨ། ཐོག་མར་ཞབས་འདེབས་དགོས་གལ་ཆེ་ཚེ་རང་ངོས་ནས་ཀྱང་གང་ཡང་ཞུ་ངེས་ཡིན།

  2. བློ་བཟང་ཆོས་གྲགས། says:
    2012-08-23 at 3:20 am

    ལངས་ནས་གཅིན་པ་གཏོང་སྟངས་ཤེས་དགོས་ན་འབྲུག་མོ་ལ་སློབ་སྟོན་ཞུས་ལོ།་་སེམས་འཁྲལ་མེད་པའི་སེམས་འཁྲལ།་་རི་བོང་གནམ་རྡིབས་ཀྱི་སེམས་འཁྲལ།

  3. གནམ says:
    2012-08-23 at 4:46 am

    དང་པོ་ཆབ་ཏོག་དེ་ཟླ་ཀླུང་ཁྱེད་དགའི་སྐེ་ལ་ཐོགས་ནས་ཨ་མ་དང་ཨ་ཅེ། ཡང་ན་ནག་མོ་སོགས་ལ་ཞབས་འདེགས་ཡག་ཙམ་ཞུས་དང་དེ་ནས་ཁྱོ་ལ་གསར་བཏོད་པའི་རྣམ་དཔྱོད་ཡོད་མེད་རང་བཞིན་གྱིས་གསལ་ཡོང་གི་རེད་ལོ།

    ཁྱོས་འདི་མོའི་བློང་གཏམ་བཤད་ན།
    ཕྱི་སྡེ་བས་གོ་འགྲོ་བསམ་ནས།།
    ངོ་ཚ་ནིའི་སྒང་ལ་སྐྱོ་ཐལ།།
    སེམས་སྨྲེང་ནས་ཚིག་འདི་རྡོལ་ཐལ།།

  4. མངའ་རིས་ཕྲིན་ལས། says:
    2012-08-23 at 7:10 am

    དངོས་གནས་ཡག་པོ་འདུག་མོས་མཐུན་ཡོད། མ་གཞི་དེང་སང་བུ་མོ་ལང་གཅིན་གཏོང་མཁན་ཡོད་རེད་ཁྱེད་རང་མ་ཐོང་རེད། བཟོས་ཚར་ནས་བཙོང་མཁན་དར་ཁྱེད་རང་རང་གནང་རོགས།

  5. ཚངས་པ། says:
    2012-08-23 at 7:16 am

    ཟླ་ཀླུང་ལགས་ཀྱིས་ཟབ་ཡངས་དགོངས་པར་གུས་ཧང་སང་སོང། དོན་དེའི་སྐོར་ལ་ས་སྟེང་འདིར་མིང་གྲགས་ཅན་གྱི་བཟོ་གྲྭ་གསར་འཛུགས་གནང་འཆར་ཡོད་ན་རྒྱུ་འགྲོ་སྦྱིན་བདག་གུས་པས་ཞུས་མཆོག ཐུགས་ཁྲལ་རྩ་བ་ནས་མ་གནང།

  6. ལྷོ་འབྲུག་ says:
    2012-08-23 at 7:42 am

    ཧཧཧཧཧཧ་དེ་འདྲེའི་དྲན་རྒྱུ་དགོས་པ་ལ་ཨང་ཕལ་ཆེར་ཟ་ཀླུང་ཞེས་པའི་མིང་བྱང་འཛིན་མཁན་དེ་བུ་མོ་ཡིན་པ་འདྲ་ཁྱེད་ལ་དེ་འདྲའི་དཀའ་ངལ་ལ་རྙིང་རྗེ་ཁྱེད་བུ་ཡིན་ན་བརྟེན་ཁྱེར་ཁྱེད་ཀྱི་མནའ་མ་དང་བོུ་ལ་བསམ་ཤེས་བྱས་པ་རེད་ཡག་པོ་རེད་འགྲོ་འགྲོན་ཚང་མ་ངས་རོགས་པ་ཞུས་མཆོག་ཁྱེད་ཀྱི་བཟོ་གྲའི་མིང་ལ་ག་རེ་བཞག་གནང་གི་ཡིན་ནམ་ ༼ཕལ་ཆེར་དཀའ་སེལ་བེུད་ཕན་བདེ་་ཁང་༽ཞེས་བཞག་ན་ག་འདྲ་འདུག་གམ་?

  7. Gonpo says:
    2012-08-23 at 9:40 am

    དེ་གོ་རྒྱུ་མེད་པ་མ་རེད་
    ༡ སེམས་ཁུལ་གནང་ཤག་་་་་་་གཉིས་ནས་ཡར་ཐོན་གི་བསམ་བློ་མངོན་ལ་དེང་དུས་བཟོ་ཚོང་དང་སྐད་གྲག་ཡོད་བའི་ཚོེང་ལས་ཚོ་མི་རྣམ་སྤྱོད་གི་ཚོང་རྒྱབ་གི་ཡོད་པ་རེད་་་་་དངོས་གནས་ཡག་པོ་ཞིག་བཟོ་ཐུབ་པ་ཡིན་ན་སྐད་གྲགས་ཡོད་པ་ཞིག་ངས་བཤད་ཆོག་

  8. ཁ་བའི་བུ་མོ། says:
    2012-08-23 at 10:02 am

    ཟླ་རླུང་ལགས། དེ་ལས་བུ་མོ་བྱིས་པ་ཙམ་བཙའ་ཐབས་དང་དེ་དག་ལ་ཟས་སྤྱོད་སློབ་གསོ་སོགས་ལ་གང་ལེགས་ཡོང་ཐབས་ལ་འབད་ཐུབ་ན་ཅི་འདྲ་རེད།

  9. རིན་ཆེན says:
    2012-08-23 at 10:07 am

    ཁྱེད་རང་སེམས་བཟང་བ་ལ་བུ་མོས་གཅིན་པ་གཏོང་བ་སེམས་ཁྲལ་བྱེད་ཀྱི་འདུག ཁྱེད་རང་བུ་མོ་ཡིན་ན་ཐབས་ཤེས་གང་བྱ་རྒྱུ་ཡིན། ཐབས་ཤེས་ཞིག་ཡོད་ན་དེ་བུ་མོ་ཚོ་ལ་ལབ་ན་ཡག་ཤོས་རེད། སེམས་ཁྲལ་མ་བྱེད་ངས་རོགས་པོ་བཙལ་ཆོག

  10. ཁ་བའི་བུ་མོ། says:
    2012-08-23 at 10:10 am

    ཟླ་རླུང་ལགས། དེ་ལས་སྐྱེས་མ་ཚོས་བྱིས་པ་མང་ཙམ་བཙའ་ཐབས་དང་དེ་དག་ལ་ཟས་སྤྱོད་སློབ་གསོ་གང་ལེགས་རགས་ཐབས་ལ་འབད་ན་ཅི་འདྲ་རེད། བོད་པ་ཚོ་མི་ཉུང་བའི་སྟེང་དེ་དག་ལས་མང་ཆེ་བར་སློབ་གསོའི་གོ་སྐབས་ཡག་པོ་ཞིག་ཐོབ་མེད་པ་དང་། དེ་ལས་ལྷག་པ་ཞིག་ལ་བྱིས་པ་ཚོའི་འཚར་ལོང་འཁྲོད་ཟས་བཅུད་འཕྲོད་བསྟེན་སོགས་ཀྱི་ཞན་པས་ཁོང་ཚོ་མང་པོ་ཞིག་ནི་སྟོབས་ཆུང་ལ་ལུས་གཅོང་ལྟ་བུར་འདུག་པས་དེ་དག་ལ་བསམ་ནས་རང་དགར་ཞུས་པ་ལས་ཁྱེད་ལ་ཟུར་ཟ་སོགས་གང་ཡང་མིན། བསམ་ཚུལ་ཙམ་ཡིན།

  11. ལུང་རྟོགས། says:
    2012-08-23 at 11:06 am

    འཁྲུལ་ཆས་དེ་ཡར་སྒྲིག་དུས་ཀྱང་ད་ལྟའི་གཅིན་པ་བཏང་དུས་ཀྱི་དཀའ་ངལ་དེ་དང་གཅིག་མཚུངས་ཤིག་འཕྲད་རྒྱུ་རེད། དེས་ན་ཐབས་ལམ་ཡག་པོ་ཞིག་ཡིན་པ་མཐོང་མ་སོང་།

  12. བདག་མེད་ says:
    2012-08-23 at 11:09 am

    དྲ་གྲོགས་མང་པོའི་བུ་མོའི་དཀལ་བསྔལ་སེལ་ཐབས་ཤེས་ཀྱི་མ་རེད་ང་རང་ཡང་ཤེས་ཀྱི་མེད་གང་ཡིན་ཟེར་ན་མང་ཆེ་གྲྭ་པ་རེད་ཡིན་ན་ཡང་ཐུགས་ཁུར་བྱས་པ་ཅིག་བྱས་ན་ཡག་པོ་ཡིན་འགྲོ་ཅིག་བྱས་ན་ལྟས་ངན་རེད་གང་ལྟར་ཀྱང་འདུལ་བ་ལ་ལྟས་ན་ལྟས་ནང་རེད།

  13. བཀའ་འགྱུར་མགོ་སེ says:
    2012-08-23 at 11:35 am

    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་མཇེ་རྫུན་མ་དགར་རྒྱུ་རེད་ལོ་གཞན་ཐབས་ཤེས་མི་འདུག་ལོ

  14. ཅོག་རོང་གི་མྱི says:
    2012-08-23 at 11:49 am

    དོར་ཞི་སེང་གེ་སྙེམས་བློའི་སྙིང་རྗེ་ཆེན་པོ་ལས་བྱུང་བའི་ཤེས་རབ་ལས་བསྐུལ་་ནས་འདི་འདྲའི་བློ་སེམས་འཁོར་བ་ཡིན་ས་རེད།

  15. གཙངས་རིགས says:
    2012-08-23 at 11:58 am

    བུ་མོར་གཅིན་པ་གཏོང་བྱེད་གསང་དོར་ཞིག་ལོ་སྔོན་མ་ནས་ཐེ་ཝན་ནས་བུད་ཡོད་རེད།
    ངས་དངོས་གནས་ཡིན་རྩེ་མཚར་དང་རྫུན་བཤད་པ་མིན།

  16. གཙངས་རིགས says:
    2012-08-23 at 12:20 pm

    དེ་ནི་བུ་མོས་གཅིན་པ་གཏོང་བར་ཧ་ཅང་སྟབས་བདེ་ཞིག་ཡིན་པར་ཐོས།

  17. འདྲེ་རྐང་ཐོ། says:
    2012-08-23 at 1:19 pm

    སྔོན་མ་ང་རང་དྷ་ས་ནས་དྷི་ལིར་འགྲོ་སྐབས་རྩ་ན་འདུག་རོགས་དྷ་སའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་རེད་་་་ལམ་བར་ནས་བྷ་སི་བསྡད་ནས་་་གཅིན་པ་གཏང་བ་ཚང་མ་འགྲོ་གིན་འདུག་མོད་་་་་ངའི་འདུག་རོགས་བུ་མོ་དེ་འགྲོ་གི་མི་འདུག་པས་་་་ངས་མོ་ལ་གཅིག་པ་གཏང་བར་འགྲོ་གིན་ཡིན་པས་ཞེས་དྲིས་པ་ཡིན་་་་མོས་གཅིན་པ་གཏོང་གིན་མིན་ཟེར་སོང་་་་ལམ་སང་ངས་མོ་ལ་ག་རེ་བྱས་ནས་ལབ་ཡིན་་་་མོས་་་་བུ་མོ་ཚོས་་གཅིན་པ་གཏོང་དུས་་་་ཚང་མས་ལྟ་བསྡད་ཀིན་འདུག་ཟེར་གི་་་་ངས་་འོ་དེས་ན་་་ངས་ཁྱེད་ལ་གཅིན་པ་གཏོང་སྟངས་སྟབས་བདེ་བོ་ལབ་དགོས་པས་ཟེར་དུས་་་་་མོས་ལབ་སང་་་ཤོད་དང་་་ཤོད་དང་་ཟེར་གི་་་་ངས་ཁྱོད་ལ་ཤོད་ཆོག་མོད་་་་ཁྱོད་ཁོང་ཁྲོ་ཟ་གིན་རེད་ལབ་དུས་་་་མོས་ག་བ་ག་བ་ཟེར་གི་་་་་དེས་ན་ངས་བཤད་་་་་དེང་སང་བུ་མོ་ཚོའི་ཟླ་ཁྲག་འགོག་བྱེད་མཛུབ་མོ་འདྲ་ཞིག་་་མཚན་མའི་ནང་ལ་འཇོག་རྒྱུ་འདུག་ག་་་་དེ་ལ་སྣེ་གཉིས་བཟོས་ཏེ་སྣེ་གཅིག་་མཚན་མའི་ནང་དང་་་སྣེ་གཅིག་ཕྱི་ལ་བུད་བཅུགས་ནས་གཅིན་པ་གཏོང་བྱེད་བྱས་ན་ཆོག་གི་རེད་པ་ལབ་དུས་་་མོས་ཧ་ཧ་ཧ་་ཟེར་ནས་གད་མོ་ཤོར་སོང་་་་་་་དེ་ནས་ཅང་མ་འགོར་བར་ཡང་ཁ་ལག་ཟ་ཞིག་ལ་སླེབས་སོང་་་་་ངེད་གཉིས་མཉམ་དུ་ཁ་ལག་ཟོས་ཚར་རྗེས་་་མོས་ང་ལ་གཅིན་པ་གཏང་བར་འགྲོ་རོགས་ཟེར་གི་་་ཡ་ཡ་ལབ་ཡིན་་་མོས་གཅིན་པ་གཏོང་དུས་་ང་ལ་ཁྱོའི་ཁ་ཕར་འཁོར་རོགས་ཟེར་གི་་་་ངས་ཡ་ཡ་ཟེར་ཞོར་ལ་གད་མོ་ཤོར་སོང་་་་་དེ་འདྲ་བྱས་ནས་་་་དྷི་ལིར་སླེབས་སོང་་་་ངས་མོ་ལ་ཁྱོད་མགྲོན་ཁང་ག་བ་འདུག་གི་ཡིན་དྲིས་པར་་་་ད་རུང་མི་ཤེས་ལབ་བྱུང་་་་མོས་ཁྱོད་རང་ཟེར་གི་་་་ངས་སྔོན་ནས་་ཞི་བདེ་མགྲོན་ཁང་ནང་་ཁང་བ་གཅིག་མངགས་ཡོད་ཟེར་བར་་་ལམ་སང་མོས་་་ངའི་ཅ་ལག་འདི་ཁྱོའི་མགྲོན་ཁང་ནང་ལ་ཉལ་ན་འགྲིག་གི་རེད་པས་ལབ་བྱུང་་་་ངས་འགྲིག་གི་རེད་་་་ཁྱོད་ལ་མགྲོན་ཁང་མ་རག་ན་ངའི་མགྲོན་ཁང་ནང་བསྡད་ན་ཆོག་གི་རེད་ལབ་དུས་་་མོས་ཐུགས་རྗེ་ཆེ་ཟེར་བཞིན་ངོ་མདངས་ཅུང་འགྱུར་སོང་་་་དེ་ནས་ད་་་་་་་

  18. ནུབ་ཕྱོགས་གངས་ཕྲུག་ says:
    2012-08-23 at 2:14 pm

    བུད་མེད་བཅིན་པ་བཏང་ཡེ་སྟབས་བདེ་བོ་དམིགས་བསལ་མི་དགོས། གང་ཡིན་ཞེ་ན་ཟ་ཁང་དང་ལམ་ཁར་བསང་སྤྱོད་མང་པོ་ཡོད་ན་དེས་འགྲིགས་པ་ཡིན། ་ཕྱི་རྒྱལ་ལ་དེས་དཀའ་ངལ་མེད་རྒྱུ་མཚན་ནི་བསང་སྤྱོད་མང་པོ་ཡོད། རྒྱ་གར་ལ་དཀའ་ངལ་ཆེ་ཤོས་ནི་Bus དེ་ཚོ་ལམ་ཁ་སྟོང་པར་བཀག་ནས་སྤྱིན་པ་བཏང་གི་ཡོད། དེས་བུད་མེད་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་རེད།

  19. གསེར་འབྲུག་སྡེར་ལྔ་ says:
    2012-08-23 at 3:27 pm

    བུད་མེད་གཅིན་པ་གཏོང་བྱེད་ཞིག་ནུབ་ཕྱོགས་ན་གསར་བསྐྲུན་བྱས་ནས་ལོ་སྔོན་མར་ཚོད་ལྟ་ཡང་བྱས་སོང་། འགྱིག་ལས་བཟོས་པའི་དངོས་པོ་དེ་རིང་ཚད་མཐོ་དོ་ཙམ་དང་བོམ་ཕྲ་གླིང་བུ་ཆུང་བའི་བཟོ་དབྱིབས་ཅན་དང་། བུད་མེད་ཀྱི་མཚན་མར་སྦྱར་རྒྱུའི་ཁ་ཞེངས་ཅུང་ཆེ་བས་མཚན་མ་རང་ལ་དཔར་བརྒྱབ་ནས་ཏག་ཏག་གཅིན་པ་དེའི་ནང་གཏོང་ཐུབ་ལ། གཡས་གཡོན་ལ་མི་འཛགས་པའི་ཆེད་སྦྱར་ཁའི་འགྱིག་དེ་སྙི་མོ་བཟོས་པར་བརྟེན་དཀའ་ངལ་གང་ཡང་མེད་པའི་ཁྱད་ཆོས་ལྡན་འདུག་ལ། གཅིན་པ་བཏང་ཚར་ནས་ལམ་སེང་ཆུ་བཤལ་བཏང་ནས་རང་གི་ཁུག་མའི་ནང་བཅུགས་ནས་གང་སར་འཁྱེར་ཆོག་པའི་སྟབས་བདེ་ཞིག་འདུག། ཚོད་ལྟ་བས་གདེང་འཇོགས་ཆེན་པོ་དང་བསྔགས་བརྗོད་ཀྱང་ཡང་ཡང་བྱས་སོང་།
    ནུབ་ཕྱོགས་གངས་ཕྲུག་ལགས་ཀྱིས་གསང་སྤྱོད་མང་པོ་ཡོད་ན་དཀའ་ངལ་མེད་ཚུལ་ནུབ་ཕྱོགས་ལ་དཔེ་བླངས་འདུག་ཀྱང་། ནུབ་ཕྱོགས་ན་ཡང་གསང་སྤྱོད་མང་པོ་ཡོད་ཀྱང་བུད་མེད་ཀྱི་གཅིན་པ་གཏོང་བའི་དུས་ཡུན་ནི་གོས་འཐུང་ཆ་ཚང་མར་འཕུད་དགོས་པས་སྐྱེས་པ་ལས་ལྡབ་འགྱུར་གྱི་འགོར་ཆེ་བས། གསང་སྤྱོད་སྒོ་འགྲམ་ལ་གྲལ་དུ་ལུས་པ་ཉུང་ཉུང་མ་རེད། དེ་བས་རྒྱ་གར་ན་ཐག་རིང་ཙམ་འགྲོ་དགོས་པ་མ་གཏོག་ས་ཕྱོགས་གང་སར་གཏོང་བའི་ལམ་ལུགས་ཡོད་ཙང་གསང་སྤྱོད་ཀྱི་སྒོ་འགྲམ་ན་གྲལ་དུ་ལྷག་པའི་དཀའ་ངལ་ཉུང་ཉུང་མ་རེད་པས། བྱས་ཙང་བུད་མེད་གཅིན་པ་གཏོང་བྱེད་ཀྱི་དངོས་པོ་དཔེ་གསར་ཅན་དེ་ཧ་ཅང་གི་ཡག་པོ་ཡོད་བཟོ་འདུག། དེས་བུད་མེད་ལ་འཕྲད་པའི་དཀའ་ངལ་དེ་གཏན་གཏན་སེལ་རྒྱུའི་ནུས་པ་ཡོད་ཐག་གཅོད་རེད།

  20. གསེར་འབྲུག་སྡེར་ལྔ་ says:
    2012-08-23 at 3:35 pm

    ཟུར་རྒྱན། ད་དུང་དངོས་པོ་དཔེ་གསར་ཅན་དེས་བུད་མེད་གོས་ཐུང་མར་འཕུད་དགོས་མི་འདུག་ལ་མར་བསྡོད་མི་དགོས་པར་སྐྱེས་པ་ནང་བཞིན་ཡར་ལངས་ནས་གཏོང་ཐུབ་པའི་ནུས་ལྡན་འདུག།

  21. ལྷོ་འབྲུག་ says:
    2012-08-23 at 5:12 pm

    འདྲེ་རྐང་ལགས་བོུ་དེས་ཁྱེད་ཀྱི་འགྲོན་ཁང་དུ་ཅ་ལག་བཞག་ནས་རྗེས་ལ་ག་རེ་བྱས་པ་རེད་དམ་ངོ་གདོང་དམར་པོ་ཆག་དགོས་དོན་གང་རེད་འཇུག་མི་མཐུད་པ་གང་ཡིན་ནམ? ཧཧཧ

  22. གཡུ་འབྲུག་དཀར་པོ། says:
    2012-08-24 at 12:45 am

    བློ་བཟང་ཆོས་གྲགས་ལས། ཁྱེད་ཀྱིས་འབྲུག་པའི་རྨོ་བོ་དེ་ཚོ་ཡང་བུ་མོ་འདྲ་པོ་མཐོང་གི་ཡོད་ས་རེད། གང་ཡིན་ཟེར་ན་གཅིན་པ་གཏོང་དུས་ལངས་ནས་གཏོང་མཁན་གནའ་དུས་ཀྱི་རྨོར་ཏོ་རེད་མ་གཏོགས་དེང་དུས་ཀྱི་བུ་མོ་ན་ཆུང་ཚོས་དེ་འདྲ་གཏང་སྲོལ་མེད་རེད། ཡང་ཕྱི་རྒྱལ་བའི་བུ་མོ་ཚོས་ག་འདྲ་ཡིན་མི་ཤེས། འབྲུག་པའི་བུ་མོ་དང་བོད་མོ་རྣམས་ཡིན་ན་གཅིན་པ་གཏོང་རྒྱུར་སྟབས་བདེ་པོ་མེད་པ་མ་རེད་དེ། ཁོང་པས་འབྲུག་གོས་དང་བོད་གོས་གྱོན་པ་ཡིན་ན་མི་མང་གི་དཀྱིལ་དུ་གཅིན་པ་གཏོང་དགོས་ན་ཡང་སྟབས་བདེ་པོ་རེད། གྲྭ་པ་ནང་བཞིན་མར་བསྡད་ནས་གཏང་ཡ་རང་རེད། དེ་འདྲ་གཏོང་ན་ཡང་ལྟ་མཁན་འབྱུང་ན་དེ་ནི་བུད་མེད་ཀྱི་མཚན་མ་ཟེར་ཡ་དེ་རྣ་བས་ཐོས་ཤིང་ཡང་ནས་ཡང་སུ་སེམས་ལ་དྲན་པ་ལས་དངོས་ནས་ཇི་འདྲ་ཞིག་ཡོད་མཐོང་མ་མྱོང་མཁན་གཅིན་པ་གཏོང་དུས་ཀྱི་སྒྲ་ཙམ་རྣ་བར་ཐོས་ན་ཡང་སེམས་ལ་བདེ་བ་ཆེན་པོ་མྱོང་སྡོད་མཁན་ཚོ་ཡིན་ཐག་ཆོད། དེ་འདྲའི་མི་ཚོས་བལྟས་པ་ལ་སྣང་དག་བསྐྱེད་དགོས་མ་རེད།

  23. བདག་མེད་ says:
    2012-08-24 at 11:49 am

    ང་ཚོ་བོད་ལ་བུ་མོ་གཅིན་པ་ལངས་ནས་གཏོང་མཁན་འདུག་ངས་མཐོང་མྱོང་དེར་མ་ཚད་བུ་ཚོ་མཉམ་དུ་ལངས་ནས་སྐད་ཆ་ཤོད་ཀྱིས་ཤོད་ཀྱིས་རྐང་པ་གཉིས་ཕར་དྲད་དྲད་བྱས་ནས་རྐང་པ་གཉིས་ཀྱི་བར་ན་དྲོང་མོ་འབས་ཀྱིས་འདུག་མོ་རང་བུ་ལ་འབྲེལ་བ་བྱེད་མ་མྱོང་མཁན་མ་རེད་འབྲེལ་བ་བྱེད་མྱོང་མཁན་ཡོད་རེད་ངས་དངོས་འབྲེལ་བཤད་པ་ཡིན་རང་གར་བཤད་པ་དེ་འདྲ་མིན།

  24. རྣ་བ་བརྒྱདཔ་ says:
    2012-08-25 at 12:50 am

    མི་ཚང་མ་ལ་སྐད་ངར་གཅིག་ཀྱང་མེད་པ་བཟོ་ཐུབ་ན་ཅི་འདྲེའི་སྐྱིད་པ་ལ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་

  25. གངས་དཀར་རྒྱལ་པའི་སྲས་པོ says:
    2012-08-25 at 1:01 am

    བུ་མོ་ལ་སེམས་ཁྲལ་བྱེད་པ་ངོ་ནས་ཡ་མཚན་ཆེ་ཧ་ཧ་ཧ་ཧ་་ཧ་ཧ་ཧཧ་ཧཧཧཧཧཧཧཧཧཧཧཧཧཧཧཧ

  26. གངས་དཀར་རྒྱལ་པའི་སྲས་པོ says:
    2012-08-25 at 1:08 am

    གསེར་འབྲུག་ལྡེ་ལྔ་ལེགས་ཁྱེད་ཀྱི་གསུང་བ་དེ་ཧ་ཅང་ལེན་པོ་མི་འདུག་གྲོགས་པོ་ཧ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme