Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིགས་པ་དགུ་བརྩེགས་ཀྱིས་དེད་པའི་ཞུ་མཆིད་དམར་པོ།

Posted on 2012-08-18 By ཁ་བརྡ་ 39 Comments on འཇིགས་པ་དགུ་བརྩེགས་ཀྱིས་དེད་པའི་ཞུ་མཆིད་དམར་པོ།

བསྟན་འཛིན་དོན་ལྡན།

༄༅།།འདི་ཕྱི་གཉིས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་པ་མགོན་པོ་གང་ཉིད་ལས་གཞན་དུ་མཆིས་པར་ལྟ་བའི་ངེད་ཅག་གངས་ཅན་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱིས་གུས་པས་འདུད་ཅིང་མཆོད་པའི་སྐྱེས་བུ་ཆེན་པོ་བསྟན་འཛིན་རྒྱ་མཚོ་གང་གི་ཞབས་པད་མངོན་མཐོའི་ཉེ་དྲུང་ག་ལ་བ་དེར།

གུས་ཕྱག་སྔོན་དུ་བཏང་ནས་ཞུ་གསོལ་འདེབས་སྙིང་།

མགོན་པོ་གང་གིས་དགོངས་མངའ་བཞིན་ཉེ་བའི་དུས་ནས་ཡུལ་ལུང་འདྲ་མིན་གྱི་ཁ་ཆེ་བ་དང་ནང་པ་བའི་བར་དུ་འཁྲུག་རྩོད་ཀྱི་ལྟས་ངན་སྣ་ཚོགས་ཆུ་བུར་རྡོལ་བ་ལྟར་འབྱུང་བཞིན་པ་འདི་མུར། ད་ཆ་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁ་ཤས་ནང་བོད་མི་མང་པོར་རྒྱ་གར་ཁ་ཆེ་བས་གཅར་རྡུང་ཐེངས་མང་བྱས་པའི་གནས་ཚུལ་རིམ་པར་བྱུང་དང་འབྱུང་བཞིན་པ་འདི་ལགས་ཤིང་། ཁ་འཐོར་དུ་ཡོད་པའི་བོད་པ་ཕལ་མོ་ཆེས་ལས་ཀ་དང་སློབ་སྦྱོང་སོགས་བློས་གཏོང་གིས་སྤེལ་ཀོབ་གཙོ་བོར་གྱུར་པའི་གཞིས་ཆགས་ཆེ་ཁག་ལ་བྲོས་ཡིབ་བྱས་ནས་ཡོད་ལ། ད་དུང་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བོད་མི་མང་པོ་རྣམས་གཞིས་ཆགས་ཁག་ལ་འགྲོ་རྒྱུའང་ཤིན་ཏུ་ཉེན་ཁའི་གནས་སུ་གྱར་ཏེ་ཉིན་མཚན་གཉིས་ཀར་ནང་དུ་སྐུང་ནས་སྡད་ཡོད་པ་འདི་བཞིན་ལགས་ཤིང་། འདི་ལས་ཀྱང་ཉེན་ཚབས་ཆེ་བ་ཞིག་ནི་འཁྲུག་རྩོད་འདི་ཆེ་ནས་ཆེ་རུ་སོང་ན་རྒྱ་གར་གྱི་ནང་པའི་ལོ་རྒྱུས་ནང་གི་ཁ་ཆེའི་འཇིག་པ་ཆེན་པོ་གཉིས་པ་ཞིག་ཏུ་གྱུར་ཏེ། ད་བར་ཉམས་པ་སླར་གསོ་བྱུང་བའི་ནང་པའི་གནས་གཞི་ཁག་ཡང་བསྐྱར་རྨང་ནས་བརླག་པར་བྱེད་པའི་མེ་དཔུང་ཆེན་པོ་ཞིག་ཏུའང་འགྱུར་མི་སྲིད་པ་མིན་སྟབས། ད་ལྟ་ནས་མེ་ཆེན་པོ་རི་ལ་མི་ཤོར་བར་མཛད་རྒྱུ་མགོན་པོ་གང་ཉིད་ཁོ་ནར་འཁྲི་བའི་ཐུགས་འགན་ཞིག་ལ་སོང་། རྒྱལ་ཁབ་བཙན་གྱིས་འཕྲོག་ཅིང་། ཕ་མ་སྡུག་གིས་མནར་ནས་ཡོད་པའི་ངེད་ཅག་ཡུལ་གྱར་པ་རྣམས་ལ་རེ་ས་དང་སྐྱབས་ས་མགོན་པོ་གང་ཉིད་ལས་གཞན་དུ་མ་དམིགས་པས། མགོན་པོ་གང་གིས་རིང་ནས་འདྲིས་པའི་ཁ་ཆེའི་ཆོས་དཔོན་འགའ་དང་ལྷན་དུ་ཡུལ་ཤུལ་གྱི་ས་ཡོམ་སྐབས་ཀྱི་འདྲ་པར་དག་དང་གློག་བརྙན་སོགས་གང་ལེགས་རྒྱ་གར་རྒྱལ་ཡོངས་ལ་ཁྱབ་པའི་བརྙན་འཕྲིན་དང་ཚགས་པར་སོགས་བརྒྱུད་ནས་དེ་དག་ལ་གསལ་བཤད་རང་བཞིན་གྱི་གསར་འགོད་ལྷན་ཚོགས་ཆེན་པོ་ཞིག་མགྱོགས་ནས་མྱུར་དུ་སྐོང་ཚོགས་གནང་སྐྱོང་ཡོང་བ་དང་། སྐབས་དེར་རྒྱ་གར་རྒྱལ་ཡོངས་རང་བཞིན་གྱི་བརྙན་འཕྲིན་ཁང་དག་དང་། ཚེགས་པར་ཆེ་ཁག་རྣམས་གཙོ་བོའི་དམིགས་འབེན་དུ་བཟུང་ནས་བརྒྱུད་ལམ་ཁག་ལ་དྲིལ་བསྒྲགས་ཤུགས་ཆེ་ཡོང་ཐབས་མཛད་རྒྱུ་དང་། ཁ་ཆེ་རང་གི་ཆོས་དཔོན་དག་ལ་གོ་སྐོན་བསླབ་བྱ་གནང་འཇུག་རྒྱུ་ཉག་གཅིག་ནི་ཉེན་ཁ་འདི་ལས་སྐྱོབས་པའི་ཐབས་ཤེས་ཡག་ཤོས་སུ་མཐོང་བས། དེ་ལུགས་དགོངས་དབྱིངས་སུ་མངའ་བར་མཁྱེཻན། མཁྱེཻན། མཁྱཻན།

ཅེས་བྷང་ལོའི་བཟོ་གྲྭ་ཞིག་གི་ལས་མིར་གྱུར་ཞིང་། ཉིན་མོ་ལས་ཁུངས་སུ་ལས་གྲོགས་རྣམས་ཀྱིས་འགེབ་སྲུང་དང་། མཚན་མོ་ལས་ཁུངས་ཀྱིས་ཆེད་མངགས་བྱས་པའི་ཉེ་འཁྲིས་ཀྱི་མགྲོན་ཁང་དུ་སྐོར་སྲུང་པས་འགེབ་སྲུང་། ལས་ཁུངས་ལ་རྐུན་མ་འགྲོ་འགྲོ་བྱས་ནས་ཡོད་པའི་ཕྲན་བསྟན་འཛིན་དོན་ལྡན་གྱིས་གུས་པ་ཆེན་པོས་ཕུལ།།

འཕྲིན་ཡིག

Post navigation

Previous Post: སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་ཀྱི་བགྲོ་གླེང་ཚོགས་འདུ།
Next Post: སྲོང་བཙན་གོང་དུ་བོད་ཡིག་ཡོད་མེད་ལ་རོབ་ཙམ་དཔྱད་པ།

Comments (39) on “འཇིགས་པ་དགུ་བརྩེགས་ཀྱིས་དེད་པའི་ཞུ་མཆིད་དམར་པོ།”

  1. ལྷ་སྲས་ཐ་ཆུང་། says:
    2012-08-18 at 1:32 pm

    བོད་ཀྱི་སྲིད་སྐྱོང་བ་ཆེན་པོ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ད་སྔ་གང་ཞིག་དུ་སྦས་སྐུང་བྱས་ཡོད་ན།
    ཉེན་འཕྲང་ཅན་གྱི་བོད་ཀྱི་གནས་སྟངས་འདི་མིག་གིས་མ་མཐོང་་བ་ཡིན་ནའམ། མིག་ཤེལ་གཉིས་བརྩེགས་ཅན་ཞིག་ཁོང་ལ་ཕུལ་དགོས་ས་རེད་པ།

  2. དྲང་སྲོང། says:
    2012-08-18 at 1:37 pm

    ཁ་བརྡ་དྲ་བདག་དགེ་འདུན་རབ་གསལ་ལགས། གོང་གི་ཁྱི་སྐད་འདི་དྲ་ངོར་མ་འཇོག འདི་དག་ཀུན་སློང་མ་དག་པ་རེད། འདི་ནི་རྦད་དེ་དོགས་གཞི་ཅན་ཞིག་རེད། སྐུ་མཁྱེན། དོགས་གཞི་ཅན་གྱི་ཁྱི་སྐད་རྒྱག་པ་འདི་བསུབ་རོགས།།

  3. རང་དབང་ཨ་རྡུ་མན་ says:
    2012-08-18 at 1:39 pm

    བློ་སེང་ནས་ཁ་ཆེ་བ་ཚོར་བརྡ་ལན་གཅིག་གཏོང་གྲབ་ཡོད་རེད།

  4. དྲང་སྲོང། says:
    2012-08-18 at 1:42 pm

    བསྟན་འཛིན་དོན་ལྡན་ཁྱི་ཕྲུག་རྡར་མ་ཁྱེད། ཤི་ན་ཤི། ༧གོང་ས་མཆོག་ལ་སྐུ་ཚེགས་མ་གཏོད། ༧གོང་ས་མཆོག་ནས་ཁྱོན་ནས་འདི་རིགས་ལ་ཁ་ཡ་མ་བྱེད། བསྟན་དོན་ཁྱི་རྒན། བསྟན་དོན་ཁྱི་རྒན། རྡར་མ། རྡར་མ། རྒྱ་འདྲེ། རྒྱ་འདྲེ། རུས་ཟད། ཟ་འདྲེ།། ངོ་ཚ་མེད་མཁན།

  5. དགེ་བསྙེན་རྡོ་རྗེ་ says:
    2012-08-18 at 1:57 pm

    ཞུ་མཆིད་འདི་བསྟན་འཛིན་དོན་ལྡན་གྱིས། ཁ་བརྡར་གཏོང་དགོས་དོན་གང་ཡིན་ནམ།

  6. གཞིས་ལུས་སྤུན་ཟླ་ says:
    2012-08-18 at 2:01 pm

    བསྟན་འཛིན་དོན་ལྡན་ཨེ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
    བསྟན་བཤིག་དོན་མེད་རང་རེད་
    སྐབས་འཚོལ་བ་འདི་རིགས་ལ་རྩམ་ཟན་ཡོངས་ཀྱི་གཟབ་གཟབ་

  7. ཁྲི་རལ་པ། says:
    2012-08-18 at 2:07 pm

    ད་ཆ་རྒྱ་གར་གྱི་གསར་ལམ་ཆེ་ཁག་ཀུན་ཏུ་དམངས་ཁྲོད་བརྒྱུད་ལམ་བསྐོར་ཅིག་གིས་དཀྲོག་གཏམ་སྤེལ་ཏེ་རྒྱ་གར་བྱང་ཤར་གྱི་མི་རིགས་མང་པོ་སོ་སོའི་ས་གནས་སུ་བྲོས་བྱོལ་འགྲོ་བཞིན་པ་མ་གཏོགས།དོན་དངོས་སུ་ལྷོ་ཕྱོགས་མངའ་སྡེ་ཁག་ཧ་ཅང་བདེ་འཇགས་ཡིན་པ་དང་ཉེན་མེད་པ་གཞུང་འབྲེལ་མི་སྣ་དང་མི་གྲགས་ཅན།གྲོས་ཚོགས་འཐུས་མི་སོགས་ནས་ཉིན་མཚན་མེད་པར་གསལ་བཤད་གནང་གི་འདུག་ཅིང་།
    ཁ་ཆེའི་གནད་ཡོད་མི་སྣ་ཚོས་ཀྱང་ཁོང་ཚོས་བདེ་འཇགས་འགན་ལེན་ཐུབ་པ་དང་བྱང་ཤར་གྱི་མི་རྣམས་ཕྱིར་ཕེབས་རོགས་ཞེས་འབོད་སྐུལ་རིམ་པར་གནང་གི་ཡོད་པས།དེ་འདྲ་ཉེན་ཚབ་ཅན་ཅིག་རེད་ཅེས་ན་ཡིད་ཆེས་ཁག་པོ་རེད།ལར་རྒྱ་གར་བྱང་ཤར་དུ་བྱུང་བ་ཁ་ཆེ་དང་ནང་བའི་བར་གྱི་རྙོག་ཟིང་ཅིག་མིན་པར་ཁ་ཆེ་དང་ཧིན་རྡུའི་བར་གྱི་རྙོག་ཟིང་ཅིག་ཡིན་པ་རེད།ད་སྔ་བོད་མི་གཅིག་ལ་གྲི་བརྒྱབ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ནའང་།མི་གྲངས་ཐེར་འབུམ་མང་པོའི་སྤྱི་ཚོགས་ནང་འཚོ་གནས་བྱས་ན་སྐབས་རེར་གནས་ཚུལ་དེ་འདྲ་བྱུང་བ་ནི་ཆོས་ཉིད་རེད།
    རྒྱ་གར་ཡུལ་མི་འགས་བོད་མི་རེ་ཟུང་ལ་གཅར་རྡུང་བྱས་ཚད་ལ་༧རྒྱལ་བ་རིན་པོ་ཆེས་གསལ་བཤད་གནང་དགོས་ན་རྡ་རམ་ས་ལ་གཅིག་པུར་ཟླ་བ་རེར་གསལ་བཤད་མང་པོ་གནང་དགོས་ཆགས་ཀྱི་རེད།དེང་སང་བོད་ནང་ཟླ་བ་རེ་རེའི་ནང་མི་གཉིས་གསུམ་རེས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐབས་འདིར།དེ་ལ་འདི་བྱོས་དེ་བྱེད་ཀྱི་སེམས་འཚབ་ཅི་གང་མེད་པར་ང་ཚོ་སོ་སོར་འཇིགས་སྣང་ཅུང་བྱུང་སྐབས་ཙམ་ལ་༧རྒྱལ་བ་རིན་པོ་ཆེ་བེད་སྤྱོད་གཏོང་རྐྱང་གི་བསམ་བློ་འཁོར་པ་ངོ་ཚ་དགོས་པ་ཅིག་རེད།
    དུས་རབས་འདིའི་ནང་མང་གཙོ་དང་རང་དབང་།ཁྲིམས་ཀྱི་དབང་བསྒྱུར་འདི་ཙམ་ཡོད་པའི་རྒྱ་གར་ནང་དུ་གནའ་སྔ་མོ་ལྟར་ནང་པ་རྩ་མེད་གཏོང་བ་སོགས་ནི་ཡོང་མི་སྲིད་པ་ཅིག་རེད།དེ་ཚོ་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་རེད།དེ་ལས་གནད་དོན་འདི་ཚོ་ཁུ་སིམ་པོར་བཞག་ན་ཡག་ཤོས་རེད་མ་གཏོགས།ང་ཚོ་སྐྱབས་བཅོལ་བ་ཅིག་གིས་གང་སར་ཇུས་མེད་ཇུས་གཏོགས་བྱས་ན་ཡག་པོ་མེད་རེད།རྒྱུ་མཚན་དེ་ནི་ང་ཚོ་དང་ཁ་ཆེའི་བར་གྱི་རྙོག་བྲ་མ་རེད་ད།དེ་ཁ་ཆེ་དང་རྒྱ་གར་བྱང་ཤར་གྱི་མི་རིགས་ཨེ་ཤེ་ཡའི་གདོང་དབྱིབས་ཡོད་པ་ཅིག་བར་གྱི་དཀའ་ངལ་རེད།

  8. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2012-08-18 at 2:32 pm

    སྐྱབས་བཅོལ་བོད་མི་རྣམས་ཀྱིས་བསླབ་བྱ་བླངས། དུས་རྒྱུན་དུ་སྐྱིད་ཉལ་བག་ཡང་ཅང་བྱེད་ནས་སླེབ་སྡོད་བྱེད་ན་རྒྱུ་འབྲས་རེ་འཁོར་སྲིད། བོད་ནང་གི་བོད་མི་རྣམས་ཉིན་ནས་ཉིན་ལོ་ནས་ལོ་མི་ཚེ་ནས་མི་ཚེ་འདི་ལས་ཞེད་སྣང་ཆེན་པོ་སྒོ་ནས་གནས་ཡོད།

  9. ཨ་སི་མན says:
    2012-08-18 at 2:51 pm

    དཀོན་མཆོག་མཁྱེན་ད་སྐྱབས་དང་མགོན་ཞིག་ཡོད་ན་ཕེབས་པའི་དུས་ལ་སླེབས་འདུག

  10. kangjinpa says:
    2012-08-18 at 2:51 pm

    སྙན་ཞུ་འདི་སུ་ཞིག་ལ་ཕུལ་ཡ་རེད། ངས་ཚོད་དཔག་ཙམ་ལས་ཕུལ་ཡུལ་དངོས་ངོས་ཟིན་མ་སོང་། དགོངས་དག བོད་སྐད་ཡིག་གཙང་མ་རེ་སྤྱོད་ཐབས་ལ་འབད་པར་འཚལ་ཞུ་འདོད་བྱུང་།

  11. བོད་ཀྱི་བུ། says:
    2012-08-18 at 3:14 pm

    ཡུལ་ཤུལ་ས་ཡོམ་གྱི་པར་བེད་སྤྱད་དེ་བོད་པ་དང་ཁ་ཆེའི་བར་ལ་རྙོག་ཟིང་སློང་རྩིས་དེ་རྒྱ་དམར་གྱི་ཆོ་འཕྲུལ་ཞིག་རེད། ཁ་ཆེ་ཚོ་ཁག་ཡོད་མ་རེད། གོ་ནོར་ཐེབས་པ་རེད། འདིའི་ནང་ན་གནད་དོན་གཙོ་གཉིས་འདུག གཅིག་ཉེ་ཆར་རྒྱ་གར་ཨ་སམ་ཕྱོགས་ཀྱི་གྲངས་ཉུང་མི་རིགས་དང་ཁ་ཆེའི་བར་ལ་རྙོག་ཟིང་བྱུང་ས་དེ་བོད་པའི་གདོང་དབྱིབས་དང་འདྲ་བོ་ཡོད་པ་རེད། གཉིས་ཉེ་སྔོན་འབར་མའི་ནང་ཁ་ཆེ་དང་ནང་པའི་བར་འཁྲུག་འཛིང་བྱུང་དེ་དང་ད་རེའི་རྙོག་ཟིང་འདི་གཉིས་ཆེད་དམིགས་གཞི་གཅིག་སྒྲིལ་ཏེ་ཡུལ་ཤུལ་ས་ཡོམ་གྱི་པར་ལོག་པར་བེད་སྤྱད་དེ་རྒྱ་གར་གྲངས་ཉུང་མི་རིགས་བར་ལ་རྙོག་ཟིང་བཟོས་ཞོར་ལ་བོད་པ་དེ་ཚོ་རྒྱ་གར་ནས་སྡོད་བཟོད་མི་བདེ་བཟོ་འདོད་པ་རེད། འདི་ཚོ་ཚང་མའི་ཇུས་འགོད་པ་རྒྱ་དམར་གཞུག་ཡིན་པ་ཟུར་བལྟས་ལེབ་མ་རེད་དམ།

  12. རིག་པའི་བུ says:
    2012-08-18 at 3:29 pm

    བློ་སེང་གིས་ཁ་ཆེ་བ་བརྡ་ལན་བཏང་ན་རྒྱ་གར་བོད་པ་ཚོ དཀའ་ངལ་ལྷག་མ་ཞིག་འཕྲད་ངེས། ནང་ཆོས་བོད་ལ་སྙོགས་དྲ་རྐྱང་བ་འཁྱེར་བ་ལས་ཕན་ཐོགས་ག་འདྲ་འདུག

  13. འདྲེ་རྐང་ཐོ། says:
    2012-08-18 at 4:23 pm

    བཙན་བྱོལ་བོད་མི་ཚོར་ཅུང་དཀའ་ངལ་འཕྲད་ན་ཡག་གི་རེད་་་་་དེ་མིན་ཕ་ཡུལ་བརྗེད་འགྲོ་གིན་རེད་་་་་རང་ལ་རྒྱལ་ཁབ་མེད་ན་་་གཞན་གྱིས་དོན་ཆུང་རེ་ལ་ཁ་གཡར་ནས་ཉེས་བཅོས་གཏོང་ཆོག་ཆོག་ཡིན་པར་དྲན་ཏེ་་རང་ཡུལ་རང་ལག་ཏུ་ཡོང་རྒྱུའི་ཐར་ལམ་དང་་་་སེམས་ཤུགས་་་་ལས་འགུལ་ཆེ་ཆུང་ཅི་རིགས་ནང་ཞུགས་རྒྱུའི་བསམ་བློ་འཁོར་ཡོང་གིན་རེད།

  14. རྒྱ་གར་ལྷོ་ཕྱོགས་ says:
    2012-08-18 at 4:43 pm

    སྤྱིར་ཕྲན་རང་ངོས་ནས་རྒྱ་ཁྱི་རྒྱ་འདྲེ་དང་བཅས་པར་ཆོས་དང་ཟང་ཟིང་ཐུན་མོང་དུ་ལོངས་མི་སྤྱོད་པའི་དམ་བཅའ་ཟིན་ཡང་ ད་ལན་དགོས་དབང་གིས་འདིར་ལོག་བཤད་དང་ལོག་འགྲེལ་འབའ་ཞིག་ལས་གྲུབ་པའི་སྐབས་འཚོལ་བའི་དཀྲོག་གཏམ་ཞིག་འདུག་པར་རྒྱུས་ཡོད་ཀྱིས་ཀ་ཁ་ངོ་སྤྲོད་མདོར་ཙམ་བྱེད་ན་འདོད་

    ༡) ཞུ་མཆིད་དམར་པོ་་་་་་་་་་་་་་་་་་་་ སྲིན་བྱ་སྙན་ནས་བགད་པ་ནི་ ལྟས་ངན་གཏོང་གི་དགའ་བས་མིན་
    ༢) ཉེ་བའི་དུས་ཡུལ་ལུང་འདྲ་མིན་གྱི་ཁ་ཆེ་བ་དང་ནང་པའི་བར་འཁྲུག་རྩོད་་་་་་་་་་་་་་་་་འབར་མ་གཅིག་པུར་ལས་གཞན་ཁྱོད་ཅག་རྒྱ་འདྲེའི་ཡུལ་དུ་བྱུང་ཡོད་ན་གང་ཤེས་
    ༣) རྒྱ་གར་ལྷོ་ཕྱོགས་མངའ་ལྡེ་ཁ་ཤས་ནང་བོད་མི་མང་པོར་རྒྱ་གར་ཁ་ཆེ་བས་གཅར་རྡུང་ཐེངས་མང་་་་་་་་་་་་་་་་་ཀ་ན་ཏྲ་ཀ་མངའ་ལྡེ་གཅིག་པུའ་ི་ནང་དེ་ཡང་མའི་སོར་ས་གནས་སུ་བོད་མི་གཅིག་རང་ལ་གང་ཡིན་འདི་ཡིན་གཏན་ནས་མེད་པར་ལག་ཉེས་ཐེབས་པ་བདེན་ཡང་འདི་ཁ་ཆེ་བའི་བྱས་པའི་བདེན་དཔང་ས་གནས་ཉེན་རྟོགས་ལས་ཁུངས་སུ་ཡང་མེད་པས་གདོན་འདྲེའི་ཁྱོད་ལ་
    ལུང་བསྟན་བྱུང་ན་ཡང་རྩམ་ཟན་ཡོངས་ཀྱི་ངོས་ལེན་མེད་པ་མ་ཤེས་སམ་
    ༤) གཅར་བརྡུང་ཐེངས་མང་ རབ་དང་རིམ་པ་་་་་་་་་་་་་་་་ཁྱེད་ཅག་གདོན་འདྲེའི་ཡུལ་དུ་གོ་དགོས་སམ་ སྙིང་རྗེ་
    ༥) ཁ་འཐོར་དུ་ཡོད་པའི་བོད་པ་ཕལ་མོ་ཆེ་་་་་་་་་་་་་་་་་་་་་་་་སྙིང་རྗེ་སྐྱག་རྫུན་བཤད་མ་ཤེས་པ་རང་རེད་ ད་ལན་གྱི་གནད་དོན་འདི་བོད་རིགས་གཅིག་པུའི་གནད་དོན་མིན་པ་ལོངས་བའི་བལྟས་ཀྱང་རྒྱལ་ཁམས་རེད་ཧ་ཧ་ཧ་ཧ་
    ༦) ཕ་མ་སྡུག་གི་མནར་ནས་ཡོད་པ་་་་་་་་་་་་་་་་་་་་་་་་་་་་ཧིན་ ཁྱི་བདག་པོའི་བཀག་རྒྱུ་མགྲོན་པོས་ཨེ་ ཧིན་
    ༧) གང་གི་རིང་ནས་འདྲིས་པའི་ཁ་ཆེའི་ཆོས་དཔོན་་་་་་་་་་་་འདོད་ཀྱང་རུང་མི་འདོད་ཀྱང་རུང་ཉི་ཤར་སྦར་མོས་འགེབས་པའི་ངལ་བ་ལྷུར་ལེན་པ་ནི་སྙིང་རྩ་ཆད་པའི་རྒྱུ་ཙམ་མོ་
    དགག་བྱ་གཅིག་དང་དགོས་པ་གཉིས་ དེ་རིང་དགོས་པ་གཙོ་ཆེ་བས་ ཁྱི་ལ་པོ་ཏིའི་བཀྲ་ཤིས་ཤོག་

  15. ཐབས་ཇུས་ཅན says:
    2012-08-18 at 6:17 pm

    བསྟན་འཛིན་དོན་ལྡན་ཟེར་བ་འདིས་རྒྱ་ཀོང་ཁྲན་ཏང་གི་བློ་ཁ་ཚིམ་པོ་ཞིག་བྲིས་འདུག
    སྔ་གཞུག་གང་ལའང་བལྟ་མི་ཤེས་པའི་རི་བོང་ཅལ་འདྲོག་བྱེད་མཁན་ཞིག་ཡིན་པ་ཐག་གིས་ཆོད།

  16. མིག་བརྒྱད་པ། says:
    2012-08-18 at 10:00 pm

    བསྟན་འཛིན་དོན་ལྡན་གྱིས་རང་ཉིད་གབ་ས་མ་རེག་པར་འཇིགས་ཡེར་བ་བྱུང་བ་ཁག་མི་འདུག །འདི་རྙོག་དྲ་ཆུང་ཆུང་ཞིག་མ་རེད། དགོན་པ་གྲྭ་ཚང་དང་གཞིས་ཆགས་ཁང་ཚང་མས་ཡིད་གཟབ་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། འབར་མ་དང་སྐྱེ་དགུ་མདོའི་དེ་ཚོ་ཁ་གཡར་བ་ཙམ་མིན་འགྲོ །སྤྱིར་ན་རྒྱ་གར་ནང་ཆོས་ལུགས་ཀྱི་འདུ་ཤེས་གཙོ་བས་རྙོག་དྲ་དེ་བས་ཆེ་བ་དང་། བོད་པ་རྣམས་སྐྱབས་བཅོལ་བའི་ངོ་བོར་ཉམ་ཆུང་བྱས་ནས་འདུག་མི་ཤེས། བག་མེད་རྒྱས་སྤྲོས་དང་ཤ་ལ་རྔམས་པའི་གཤིས་སྤྱོད་ཡུལ་མི་མང་པོའི་མིག་ནང་དུ་མི་མཛའ་བ་གྱུར་ཡོད་པ་སྨོས་མ་དགོས་པ་ཞིག་རེད། གླགས་ལྟ་བ་དང་སྐབས་འཚོལ་བ་དག་གིས་གོ་སྐབས་རེག་ན་གཏོར་བཅོམ་ཆེན་པོ་མི་ཡོང་བའི་ངེས་བ་ཅི་ཡོད། །སྒེར་དོན་སྤྱད་ནས་སྤྱི་ཡོངས་དཀྲུགས་ན་མི་རུང་། དེ་བས་གང་ནས་བརྡུང་རྡེག་རེག་ན་དེ་ནས་བཟོད་སྒོམ་དང་ཐ་ན་སྲོག་ལ་རྒོལ་ཡང་བཟོད་སྒོམ་བྱ་རྒྱུ་དེ་བོད་པ་སྤྱི་ཡོངས་ལ་ཕན་པ་དང་གོང་ས་མཆོག་ལ་སྐྱབས་འཇུག་ཞུས་པ་ལས་ཀྱང་ལྷག །

  17. ཁྭ་ཏ་ཁ་ཏ་བ། says:
    2012-08-18 at 11:07 pm

    ད་དུས་ཚོད་ག་བ་ལ་སླེབ་རེད། གོས་ས་ྖོག་ལ་བཀའ་བཏང་ཡོང་གི་འདུག་ག

  18. གནམ says:
    2012-08-18 at 11:53 pm

    བསྟན་འཛིན་དོན་ལྡན་གྱི་སྡུག་འདི་ཡང་སྡུག་ཅིག་མ་རེད་ཟེར་ས་མི་འདུག ཆོས་ལུགས་ཀྱི་གནད་དོན་ཆོས་དཔོན་ཚོས་སེལ་ན་ཡག་པོ་ཡོད་པ་རེད། དོན་མེད་སྡུག་གྱོང་མྱངས་དགོས་དོན་ཡོད་བ་མ་རེད། མགོན་ལ་མགོན་དུ་སྐྱབས་དེ་རེ་བ་ཞུས་ན་དེ་ནི་གནས་ལུགས་དང་མཐུན་པ་ཞིག་རེད། ང་ལ་ནུས་པ་ཞིག་ཡོད་རྒྱུ་ན་ངས་ནི་མེ་འདི་ཆེན་པོ་མ་འབར་གོང་གསོད་ས་རེད།
    སྤྱིར་ཁོང་སྡུག་པོ་མྱངས་མཁན་རེད་ང་ཚོ་མ་རེད། ཁོས་དེ་ལྟར་སྡུག་འོག་ནས་གོང་ས་མཆོག་ནི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་ཡིན་ན་གསོལ་བ་བཏབ་པ་དེ་ཡག་པོ་རེད།

  19. རྣ་བ་བརྒྱདཔ་ says:
    2012-08-19 at 12:03 am

    སློབ་དཔོན་མིག་བརྒྱད་པ་བདེན་པ་རེད། ་་བཙན་བྱོལ་བ་སྤྱི་ཡོང་ནས་འགྲོ་འདུག་ཟབ་ཟབ་ཕྱེད་དགོས་བར་འདུག། ཁྱད་པར་དུ་གསར་འབྱོར་བ་ཚོ་ལ་བསླབ་བྱ་ཡག་པོ་བརྒྱབ་དགོས་པར་འདུག་

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-19 at 12:17 am

    ཁ་སང་ཨིན་ཡིག་གསར་འགྱུར་ལས་རྒྱ་གར་པ་འབུམ་མང་པོ་ཉམ་ཐག་ཡ་ང་བའི་གནས་སུ་ལྷུང་བ་བཀོད་པ་མཐོང་། འདི་ཡང་མི་རིགས་ཀྱི་ན་ཚ་ཞིག་ཡིན། གསོལ་འདེབས་སྨོན་ལམ་གྱིས་ནད་མྱུར་དུ་དྲག་པ་མཐོང་བས། ཨ་རི་སོགས་སུ་དེ་དང་དེ་ན་བ་ན། གསོལ་འདེབས་སྨོན་ལམ་མཛོད། བཅོལ་བའི་ལུགས་སྲོལ་བཞིན་ང་དང་ང་འདྲ་བ་དག་གིས་གསོལ་འདེབས་སྨོན་ལམ་རྒྱབ་པ་ལས། གཞན་ཁོང་ཁྲོ་སློང་གཏམ་སྨྲ་བས་ཅང་ཕན་ནམ། མི་ཕན་ནོ།།

  21. བཀྲ་རྡོར།། says:
    2012-08-19 at 12:31 am

    ཁ་ཆེ་མི་རིགས་ཀྱིས་རྒོལ་རྡུང་གཏོང་གི་རེད་ཅེས་པའི་དཀྲོག་གཏམ་དེ་པ་ཀི་སི་ཐན་གྱི་ཁ་ཆེ་ཐལ་སྤྱོད་ཚོགས་པ་ཞིག་གིས་བརྒྱུད་བསྒྲགས་བྱས་སྐོར་དེ་རིང་རྒྱ་གར་བརྙན་འཕྲིན་ཁག་ཅིག་ཏུ་ཐོན་བཞིན་འདུག དེའི་རྒྱབ་ལ་རྒྱ་དམར་གྱི་ངན་ཇུས་ཀྱང་ཡོད་སྲིད། ཡིན་ནའང་གནད་དོན་ང་ཚོ་བོད་མི་མི་རེ་ངོ་རེས་ས་གནས་ཁ་ཆེ་དང་གསར་ལམ་ཁག་ལ་གསེད་བཀྲོལ་དགོས་པ་ལས་སྡུག་ཐུག་དུས་༸གོང་ས་མཆོག་མདུན་ལ་འདེད་པ་འདི་གཏན་ནས་ཡག་རྟགས་ཤིག་མ་རེད།

  22. དབང་འདུས། says:
    2012-08-19 at 12:37 am

    གོ་སྐབས་ཡག་པོ་རེད། ཨ་རི་དང་ཡུ་རོབ་སོགས་འགྲོ་སྐབས་བོད་མི་མང་པོ་ཞིག་གིས་བོད་ནས་གསར་འབྱོར་བ་ཡིན་པའི་རྫུན་བཟོ་མི་དགོས་པར་རྒྱ་གར་དུ་སྡོད་རྒྱུར་དཀའ་ངལ་ཆེན་པོ་བྱུང་བས་སྐབས་བཅོལ་དུ་འོང་བ་ཡིན་ཟེར་རྒྱུའི་གོ་སྐབས་ལེགས་ཤོས་རེད། མཚར་ཞུས་བྱས་པ་ཡིན། བོད་པ་བྱེས་འབྱོར་བ་ཀུན་གྱིས་གཟབ་གཟབ་གནང་གལ་ཆེ་བར་མཐོང་། ས་གནས་ཡུལ་མིའི་མདུན་ནས་རྫིག་རྫིག་དང་ངོམ་སོ་སྣ་ཚོགས་འདོན་རྒྱུ་མཚམས་འཇོགས་རན་པ་རེད། ལྷག་པར་དུ་བོད་པ་ཚོང་པའི་རིགས་ཀྱིས་ཚད་ལས་བརྒལ་བའི་ཁེ་བཟང་ལེན་རྒྱུ་དང་། མགོ་སྐོར་གཏོང་རྐྱང་བྱེད་པ་སོགས་མ་གནང་ན་ཡག་པོ་འདུག

  23. དཔའ་བོའི་སྲང་ལམ། says:
    2012-08-19 at 1:06 am

    བདེན་བདེན།

  24. འབྲོག་ཕྲུག་ says:
    2012-08-19 at 1:36 am

    ཞི་མོ་ཞིག་སྐྲག་ཐག་ཆོད་ནས་བརྙང་བཞག་འདུག ཧཧཧཧཧཧཧཧཧཧ།

  25. འབྲོག་ཕྲུག་ says:
    2012-08-19 at 1:38 am

    ནམ་རྒྱུན་བོད་རིགས་ལས་རྒྱ་གར་རིགས་ལ་འགྲོག་འདྲིས་ཆེ་བ་དང་། ཡིད་ཆེས་ཆེ་མཁན་རྣམས་ཀྱང་ད་རེས་ཁྲོམ་ས་བསྡུ་ལོང་མེད་པར་བྲོས་འདུག་ཟེར། བོད་རིགས་ལས་རྒྱ་གར་ཡིད་ཆེས་ཆེ་བ་སྐོར་ཞིག་འགྲམ་ལྕག་ཅིག་བཞུས་པ་རེད། སྔོན་འགོག་ཞགི་རྒྱབ་པ་རེད། འགྲིག་འདུག་

  26. ཀརྨ་སྐལ་བཟང says:
    2012-08-19 at 1:50 am

    བསྟན་འཛིན་དོན་ལྡན་ལའང་རྒྱུ་མཚན་འདུག་གང་ཡིན་ཟེར་ན་ཆོས་ཕྱོགས་ཀྱི་གནས་ཚུལ་དེ་ཆོས་དཔོན་གྱི་ལས་འགན་རེད་། བཀའ་ཁྲི་ལས་འགན་མ་རེད་།

  27. amdo baglab says:
    2012-08-19 at 1:58 am

    ཡ་་་་་་་་་ད་ཡང་བསྟན་འཛིན་དོན་ལྡན་ནས་དཀྲོག་གཏམ་འདི་འདྲ་སྤེལ་བ་ལ་ལྟོས་དང་། ད་ལྟའི་བར་ངེད་ཅག་སྡོད་གནས་ལྷོ་ཕྱོགས་སུ་ཁ་ཆེ་བས་འདི་བྱས་སོང་ཟེར་བ་རྐང་ཅིག་ཀྱང་མེད་པས་ཚང་མས་ཐུགས་དོགས་གཏན་ནས་གནང་མི་དགོས། སྤྱིར་བཏང་དཀྲོག་གཏམ་གང་སར་ཁྱབ་སྟེ་ཅུང་ཟད་དོགས་དགོས་པ་བདེན་ཡང་། དངོས་གནས་བོད་མིར་ཁ་ཆེ་བས་རྙོག་གྲ་བཟོས་པ་ནི་གཅིག་ཀྱང་མེད། ཁ་སེང་བོད་པ་ཞིག་ལ་གྲི་ཕོག་པ་ཡང་རྒྱུ་མཚན་གང་གིས་ཡིན་པ་དང་། མ་ཟད་གྲི་རྒྱབ་མཁན་ཡང་ཁ་ཆེ་བ་ཡིན་མིན་སུས་ཀྱང་ཤེས་མེད། འོན་ཀྱང་བོད་མི་དང་ས་གནས་ཡུལ་མི་རེ་ཟུང་གིས་དཀྲོག་གཏམ་གྱིས་འུར་གང་བ་དང་། ་ད་དུང་བོད་མི་རྣམས་ནི་རི་བོང་ཅལ་འགྲོགས་ཁོ་ནས་གང་སར་ཡིབ་ཏེ་སྡོད་པ་ནི་དངོས་གནས་ཁ་ཆེ་བ་ཁོང་ཁྲོ་སློང་བའི་རྒྱུར་འགྱུར་ཡང་སྲིད་པས་དེ་དོན་གཟབ་དགོས་པ་དང་། མ་ཟད་བྱང་ཤར་གྱི་མི་དང་ནོར་དོགས་ཀྱང་ཡོད་པས་དེ་མིན་ཁ་ཆེ་བས་བོད་མི་སུ་གཅིག་ལ་ཡང་བརྡུང་རྡེག་བྱས་མེད་པ་དངོས་བདེན་ཡིན། མ་བྱས་པ་ལ་བྱས་སོང་ཟེར་ནས་མ་ཉེས་ཁག་གཡོག་བྱས་ན་ཁ་ཆེ་བ་ཚོ་ཡང་ཁོང་ཁྲོ་ཟ་སྲིད་པ་རེད། དེས་མ་ཚད་ད་དུང་བསྟན་འཛིན་དོན་ལྡན་ཟེར་བ་འདི་ཡི་ཕུག་བསམ་ལ་གང་ཡོད་ཀྱང་མི་ཤེས་པས་ཁོ་པའི་སྐད་ཆ་ལ་ཉན་འཇོག་མ་གནང་རོག་ཞུ་རྒྱུ་ཡིན། གལ་སྲིད་ཁོ་པས་བཤད་པ་དངོས་བདེན་ཡིན་ན་རེ་རེ་ནས་བོད་མིར་ཁ་ཆེ་བས་བརྡུང་རྡེག་དང་། འཕྲོག་བསད་བྱས་པ་རྣམས་ར་སྤྲོད་དང་ཧ་གོ་ངེས་རེད། ལྷག་པར་དུ་ཁོ་པས་གོང་ས་སྐྱབས་མགོན་ཆེན་པོར་ཞུ་ཡིག་འདི་ལྟར་ཕུལ་བ་ཧ་ཅང་གི་བློ་སྟོབས་དང་། སྙིང་ཁམས་ཆེན་པོ། ་གུས་ཞབས་མེད་པ། རྒྱུ་མཚན་མེད་པ། སྐྱག་རྫུན། དཀྲོག་གཏམ། དབྱེན་དཀྲུག རྒྱལ་བ་ཐུགས་ཕམ་བཅུག་པ་བཅས་རེད་འདུག་པས་བོད་མི་ཡོངས་རྫོགས་ང་ཚོ་འདི་གར་རྒྱ་གར་ལྷོ་ཁུལ་གནས་པ་དག་ལ་ཐུགས་གཡེངས་མི་དགོས་ངེས་ཅན་དང་། ཡང་ཁ་ཆེ་བ་རེ་ཟུང་ནས་དགོས་འཁོན་གྱིས་བོད་མི་སྒེར་པ་དང་ཁ་རྩོད་སོགས་ཤོར་མི་སྲིད་པ་མིན་པས་དེ་རིགས་ལ་དུས་ཀུན་ཏུ་གཟབ་ན་ཤིན་ཏུ་དགེ་བར་སེམས། གཏམ་དཔེར་ཆུ་མ་ཡོངས་གོང་ནས་རྭ་བ། རྐྱེན་མ་ཡོངས་གོང་ནས་ཟློག་པ་ཞེས་པའི་དཔེ་ལྟར་རོ། ད་དུང་ཁ་བརྡའི་དྲ་བདག་ལ་ཞུ་རྒྱུར། འདི་དང་འདི་འདྲ་བའི་དཀྲོག་གཏམ་དང་དཀྲུགས་ཤིང་རིགས་ཡོངས་ཚེ་དྲ་ཐོགས་ནས་ངེས་པར་དུ་བསུབ་གནང་ཡོངས་བ་ཞུ་ཞུ།། །།

  28. མིག་བརྒྱད་པ། says:
    2012-08-19 at 2:31 am

    ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ནང་ཁ་ཆེ་བ་མང་བ་དང་བོད་པའི་སྡོད་མོན་གྷོ་ཝིའི་ས་གནས་དང་ཧོབ་ལེའི་གྲོང་ཁྱེར་ནས་གྲྭ་བ་ཁ་ཤས་ལ་ཁ་ཆེ་བས་ཤེལ་ཕུང་དང་མུར་རྫོག་བཞུས་ནས་བརྡུང་རྡེག་བྱས་པ་དངོས་གནས་རེད། ཡིན་ཡད་དེ་ལ་གཅིག་གིས་ཀྱང་ཁ་ལན་བསློགས་མི་འདུག །དངོས་གནས་གཟི་བརྗིད་རེད། གནས་སྐབས་རིང་ཡར་མར་འགྲོ་མ་ཆོག་པ་བཟོས་འདུག །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདུམ་འགྲིག་བྱེད་བཞིན་པའི་སྒང་ཡིན་སྟབས་བློ་བདེ་བོ་བྱོས། ཡིན་ཡང་བོད་པ་ཁ་ཤས་གབ་ས་ཡིབ་ས་མ་རེག་པའི་དཀའ་ངལ་འདུག་ན་དེ་ལ་དབུགས་དབྱུང་བར་བྱའོ། །

  29. ལྷ་སྲས་ཐ་ཆུང་། says:
    2012-08-19 at 2:50 am

    གོང་དུ་རིག་པའི་བུ་ནས་འདི་འདྲའི་ཚིག་ཅིག་སྤེལ་འདུག རྙོག་དྲ་བཟོ་མཁན་དེ་ནང་ཆོས་རེད་འདུག་ནང་པ་རེད་འདུག་དེ་ལ་བསམ་བློ་བཏང་ནས་སྐད་ཆ་ཤོད་མ་གཏོགས་གང་བྱུང་དུ་ནང་ཆོས་ལ་དགག་རྐྱང་བྱེད་ན་ནམ་ཞིག་ལ་ཁྱོད་ཡང་ནང་ཆོས་ལ་སྐྱབས་སུའགྲོ་བའི་ཉིན་ཅིག་ཤར་ཡོང་། དེ་དུས་ཁྱོད་ཀྱིས་ཧ་་གོ་ཡོང་། ད་དུང་ལྷོ་ཕྱོགས་མེའི་སོར་གྲོང་ཁྱེར་དུ་བོད་ཕྲུག་སློབ་མ་ཅིག་ལ་རྒྱ་གར་ཁ་ཆེ་བ་ཁ་ཤས་ཀྱིས་གྲི་བཙུགས་པ་དེ་ཡང་ནང་ཆོས་ཡིན་ནམ་ཆོས་བྱེད་མཁན་གྱི་གང་ཟག་ཡིན། ཁྱོད་ཀྱིུས་འདི་དག་ལ་བསམ་བློ་ཞིབ་ཏུ་བཏང་ནས་དྲ་ཐོག་དུ་ཕེབས་རོགས་ཞེས་ཞུ་བ་ཡིན། རིག་པའི་བུ་ལགས།

  30. amdo baglab says:
    2012-08-19 at 3:15 am

    ཧོབ་ལོའི་གྲོང་ཁྱེར་ནང་ཉེས་དག་རག་མཁན་དེ་ཚོ་ནམ་རྒྱུན་ནས་རག་རག་པ་རེད་་་་་་་་་་་་་་་་་་་ཁ་ཆེ་བ་ཚོས་ནོར་འཁྲུལ་མ་རེད་གྲྭ་པ་ཚོས་ནོར་འཁྲུལ་རེད།་་་་་་་་་་་་་་་་་་་་་་དེ་འདྲ་གནས་ཚུལ་ཆུང་ཚག་རིགས་ག་དུས་ཡིན་ན་ཡོད་ཡོད་པ་རེད།་་་་་་་་་་དེ་ཙམ་ལ་ཧ་ལས་ཡ་གེ་ཡོད་མ་རེད།་་་་་་་་་་་་་་་་་ཚང་མ་བློ་བདེ་པོ་བྱོས།

  31. འདྲེ་ནག་མགོ་དགུ་ says:
    2012-08-19 at 5:22 am

    དཀྲོག་གཏམ་བཟོ་དགོས་བསམས་ཀྱང་སྟོང་བར་ཆགས་འདུག རྒྱ་ཁྱི་དོལ་ཁྱི་གཉིས་ཀྱི་མདོག་ལ་ལྟོས།
    ང་ཚོ་བོད་པ་ཚང་དཀྲུག་ཆོག་ཆོག་ཡོད་མ་རེད་ད། ཧ་གོ་སོང་བས་ཀྭས།

  32. རང་གྲོལ། says:
    2012-08-19 at 10:00 am

    བསྟན་འཛིན་དོན་ལྡན་གྱིས་ཁ་ཆེའི་འཇིགས་པ་ཡོད་པར་བཤད་པ་བདེན་པ་འདུག གོང་གི་མཆན་ཁ་ཤས་ཀྱིས་ཁ་ཆེ་བ་མིན་པ་སྒྲུབ་པ་ནི་བགད་མོ་ཤོར་བའི་གནས་རེད། རྒྱུ་མཚན་ནི། གཅིག གསར་འགྱུར་བརྒྱུད་ལམ་དུ་གསལ་བོ་རེད། གཉིས་པ། རྒྱ་གར་ལྷོ་ཕྱོགས་སུ་ཁ་ཆེ་ཁ་ཤས་ཀྱིས་ཉིན་མོ་སྐྱ་སེར་ཁ་ཤས་ལ་ཚིག་ངན་སྨྲ་བ་དང་རྡུང་བརྡེག་བྱེད་པའང་མང་ཙམ་བྱུང་འདུག་པ་དངོས་གནས་རེད། མ་ཟད་བོད་མི་མང་ཆེ་བ་ཡར་འགྲོ་མར་འགྲོ་འགྲོ་མ་ཐུབ་པར་དཀའ་ངལ་འཕྲད་བཞིན་པ་འདི་ཡང་དངོས་གནས་རེད། ཡིད་མི་ཆེས་ན་ལྷོ་ཕྱོགས་ཁག་གི་གཞི་འགོ་ཁག་དང་གྲོགས་པོ་སོགས་ལ་དྲིས་ན་གསལ་བོ་ཤེས་ངེས་ཞིག་རེད། གནད་དོན་ཞིག་ནི། རྙོག་དྲ་འདི་རིགས་ལ་༧ གོང་ས་མཆོག་ལ་སྙན་ཞུ་ཕུལ་དགོས་མི་དགོས་ནི་ངེད་རང་ཤེས་ཀྱི་མི་འདུག

  33. འཇམ་དབྱངས། says:
    2012-08-19 at 10:52 am

    བསྟན་འཛིན་དོན་ལྡན་སོགས་ཀྱིས་ངེས་དགོས་པ་ནི། འོ་ན་སྙན་ཞུ་འདི་ངེས་པར་དུ་ཏཱ་ལའི་བླ་མར་ཕུལ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། དེང་སང་ཏཱ་ལའི་བླ་མའི་ཅི་ཞིག་ལ་ཡང་འགྲན་བཟོད་བྱེད་ཕོད་པའི་སྙིང་ཁམ་ཅན་གྱི་བླ་ཆེན་དང་མི་ཆེན་དེ་ཚོར་ཅིའི་ཕྱིར་སྙན་ཞུ་འདི་མ་ཕུལ་བ་རེད། དེ་ཚོར་དཀའ་རྙོག་འདི་སེལ་རྒྱུའི་ནུས་པ་ཅིའི་ཕྱིར་མེད་སོང་བ་རེད། ཁྱེད་ཚོས་ནམ་རྒྱུན་མགོན་སྐྱབས་སུ་བཀུར་བའི་བླ་ཆེན་ཆེས་གེ་མོ་དེ་ཚོས་ཅིའི་ཕྱིར་འགན་འདི་ལེན་མ་ཐུབ་པ་རེད། ཁྱེད་དང་ཁྱེད་ལྟ་བུར་ཏཱ་ལའི་བླ་མ་གཅིག་པུ་ཅིའི་ཕྱིར་མིག་ནང་གི་གྲ་མར་གྱུར་པ་རེད།

  34. རང་གྲོལ། says:
    2012-08-19 at 10:52 am

    ཉིན་ཁ་ཤས་སྔོན་ལ་ལྷོ་ཕྱོགས་མངའ་སྡེའི་བདེ་འཇགས་འགོ་དཔོན་རིགས་ཚོས་བོད་མི་ཚོ་ལ་ཉེན་ཁ་ཡོད་ཚུལ་གྱིས་ཡར་ཕེབས་མར་ཕེབས་མི་གནང་བར་རེ་སྐུལ་ཞུ་འདུག དེ་རིང་སྡེ་ར་རྫོང་གི་དཔོན་རིགས་ནས་ཀྱང་བོད་མི་ཚོར་ཁ་ཆེའི་ཉེན་ཁ་ཡོད་པས་བོད་མི་དང་ལྷག་པར་དུ་གྲྭ་བ་དང་སློབ་ཕྲུག་རྣམས་གཟབ་གཟབ་བྱོས་དགོས་ཚུལ་དང་། གལ་སྲིད་རྙོག་དྲ་བྱུང་ན་ཉེན་རྟོག་པས་ཁ་པར་ཐོག་འབྲེལ་བ་གནང་དགོས་ཚུལ་གསུངས་འདུག

  35. དགེ་བསྙེན་རྡོ་རྗེ་ says:
    2012-08-19 at 3:02 pm

    བཟོད་བསྲན་དང་། གཟབ་གཟབ་བྱེད་ཡེ་དུས་ཚོད་རེད། བདེན་པ་རྒྱལ་ལ། རྫུན་པ་ཕམ་རྒྱུ་་ཆོས་ཉིད་རེད། སེམས་ཤུགས་མ་ཆག ཁ་ཆེ་བ་འགའ་ཞིག་གིས་གསུངས་པ་ལྟར་འབྲེལ་བཟང་སླར་གསོ་འོང་བར་ངེས་སོ།

  36. ཉི་མ་ལྷ་མོ་ says:
    2012-08-19 at 3:32 pm

    ངས་བསམ་ན་བསྟན་འཛིན་དོན་ལྡན་གྱི་རེ་བ་དེ་མ་འགྲིགས་པ་ཞིག་མཐོང་གི་མི་འདུག། དྲང་པོར་བཤད་ན་ངས་ནི་ཁོ་རང་ངོ་ཤེས་ཀྱི་མེད། དཔེར་ན་བྱིས་པ་ངུ་ས་ཕ་མ་ཞེས་པ་ལྟར་ངེད་ཅགས་བོད་པ་ཚངས་གི་འདི་ཕྱིའི་སྐྱིད་སྡུག་ཞུ་ས་དེ་གོང་ས་མཆོག་ལས་མེད་པ་དེ་བདེན་པ་མ་ཡིན་ནམ།

  37. གཟའ་སྤེན་པ། says:
    2012-08-19 at 8:40 pm

    ཆུ་ཆུང་དུས་འགོག་ཐབས་དང་།
    མེ་ཆུང་དུས་གསོད་ཐབས་གནང་དགོས།

    རྐྱེན་ངན་དང་བར་ཆད་ནི་མི་འབྱུང་བའི་རེ་བ་བྱེད་དགོས་གི་རེད། ཡིན་ན་ཡང་། དོགས་ཟོན་དང་གཟབ་གཟབ་ནི་ག་ཚད་བྱེད་ན་ག་ཚད་ཡག་གི་རེད། ལྷག་པར་དུ་དུས་སྐབས་འདི་འདྲ་ལ་དེ་འདྲ་རེད།

  38. ཡང་སྟེན་སྤྲུལ་སྐུ says:
    2012-08-20 at 12:24 am

    བསྟན་དོན་ཟེར་བ་འདི་ཡིས་སྙན་ཞུ་ཕུལ་བ་རེད་མི་འདུག ཀླན་ཀ་འཚོལ་བ་རང་རེད་འདུག སྙིང་རྗེ། སེ་འབྲས་དགའ་གསུམ་ནས་གུས་ཀྱི་ངོ་ཤེས་དག་ཕར་ཚུར་འགྲོ་འོང་ཉིན་མོ་ཁ་དཀར་ངོ་དཀར་ལ་བྱེད་བཞིན་འདུག བསྟན་དོན་ལ་སྡུག་སྣོན་པ་བྱུང་དོན་ལས་ངན་ཅི་ཞིག་བསགས་པ་ཡིན་ནམ། ཕུགས་སུ་དམིགས་ཡུལ་ཅི་ཞིག་བསྐྱངས་ཡོད་དམ། ང་ཚོས་ལྟ་དགོས་སོ། །དེང་སང་ས་མཚམས་བརྒྱུད་ཀྱི་མི་རིགས་དང་བོད་མི་ངོ་ནོར་ནས་ཉེན་ཁ་འཕྲད་སྲིད་སྟབས་གཟབ་གཟབ་བྱེད་གལ་ཆེ་ཡང་སྲིད་སྐྱོང་བློ་སེང་ལགས་གང་སར་འབྲེལ་བ་བྱེད་བཞྀན་འདུག་པས་༸གོང་ས་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དགོས་པའི་དུས་སུ་སླེབས་མི་འདུག ནང་པར་ཁ་ཆེའི་འཇིགས་པ་གཉིས་པ་ཞིག་སླེབས་མི་ཡོང་ངམ་ཞིག་སྡུག་ཆེ་མདོག་བྱེད་པ་ནི་ངོ་སྐྱོ་པོ་ཞིག་བསྟན་ཏེ་ཁོང་ནང་ཅི་སྦས་ཡོད་དམ། ཅི་སྟེ་སྡུག་ངོ་མ་ཡོད་ཀྱང་རི་བོང་གནམ་རྡིབ་མི་དགོས་སོ། །འདི་དང་འདི་ལྟ་བུ་༸ཡིད་བཞིན་ནོར་བུར་ཀླན་ཀ་འཚོལ་མཁན་དྲ་འབུ་འགའ་ཡོད་ཀྱང་རང་གི་དངོས་མིང་ཡང་སྨྲ་མི་ནུས་པས་སྲང་བར་གྱི་ཁྱི་ཟུག་པ་དང་སྒོ་ཀུན་ནས་མཚུངས་སོ། །རང་གི་དངོས་མིང་གསལ་བར་སྨྲོས་ནས་སྐད་རྒྱག་ན་ད་གཟོད་བསམ་ཚུལ་ཙམ་ལ་རྩིས་ཆོག་གོ །

  39. གངས་སྦལ། says:
    2012-08-20 at 12:58 am

    མི་ཁས་ཀྱིས་གོང་ས་མཆོག་ལ་སྙན་ཞུ་ཕུལ་བ་མི་འགྲིག་ཚུལ་ལ་བསྙད་བཏག་ནས་དོན་དངོས་ཐོག་ས་གནས་ཀྱི་དཀའ་ངལ་ལ་རྒྱུས་ལོན་མེད་བཞིན་དུ་ཧམ་གཏམ་བཤད་ཀྱིན་འདུག་པས། ཞིབ་འཇུག་གནང་ནས་སྐད་ཆ་བཤད་རྒྱུ་གལ་ཆེན་པོ་རེད། མ་གཞི་དོན་དག་འདི་དངོས་ཡོད་ཡིན་ན་༸གོང་ས་མཆོག་མ་ཡིན་པ་ཞིག་གིས་གནད་དོན་འདི་སེལ་ཐུབ་རྒྱུར་སུ་ལ་གདེངས་ཚོད་ཡོད། ང་ལ་ནི་གཏན་ནས་མེད། སྐད་ཆ་གཅིག་མ་གཏོགས་བདེན་པ་མེད་པའི་དབང་དུ་བཏང་རུང་། ཡུལ་ཤུལ་ས་ཡོམ་སྐབས་ཀྱི་འདྲ་པར་ལ་ལོག་འགྲེལ་བྱས་ཏེ་མི་མང་གིས་ངོ་རྒོལ་སར་ཁྱེར་ནས་འགྲོ་བཞིན་པ་རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་ཆེ་ཁག་ཏུ་བཤད་ཡོད་པས་གནད་དོན་འདི་ཙམ་ལས་མེད་པའི་དབང་དུ་བཏང་རུང་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་བསྒྲགས་གཏམ་འདི་ཙམ་གྱིས་གཙང་སེལ་ཡོང་རྒྱུ་ཁག་ཙམ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme