Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགའ་རོགས་འཚོལ་བའི་ལེའུ

Posted on 2012-08-18 By ཁ་བརྡ་ 12 Comments on དགའ་རོགས་འཚོལ་བའི་ལེའུ

རེབ་ཐོག་མདའ།

ལོ་དང་ཟླ་བ་དལ་གྱིས་རྫོགས་ནས་ཐལ།།
གཉེར་རིས་མཐུག་པའི་རྒས་ཉམས་མངོན་ནས་ཐལ།།
ཉི་ཤུ་ཡོལ་དེ་སུམ་ཅུ་སླེབས་དུས་སུ།།
སྙིང་སྡུག་བུ་མོ་ཞིག་ལ་སེམས་འདི་ཐོག།

སྐྲ་ལོའི་ཁ་དོག་ཅུང་ཙམ་སེར་ན་སེར།།
སྐྱེས་གཟུགས་དྲང་མོ་མདའ་ལྟར་མིན་ན་མིན།།
ལང་ཚོ་མེ་ཏོག་བཞད་པའི་རྩྭ་ཐང་གི།།
འབྲོག་མོའི་གཤིས་ཀ་ཡོད་ན་དེ་གས་ཆོག།།

བཞིན་རས་དཀར་པོ་ཟླ་ལྟར་མིན་ན་ཡང་།།
འཛུམ་ཆུང་མེ་ཏོག་ཡོད་ན་རབ་ཡིན་ཏེ།།
མེད་ཀྱང་རུང་ངོ་བདག་ལ་ཤ་ཚ་ན།།
ལོ་དང་ན་ཚོད་གོང་འོག་ཤོར་ན་ཤོར།།

དུས་རབས་ཉི་ཤུའི་ཕྱི་ནང་སྦྲུམ་ཡོད་ཀྱང་།།
གཤིས་ཀ་འཇམ་པོ་ཞིག་གི་ཧྲག་བར་ནས།།
བདག་ལ་དུངས་པའི་སེམས་པ་གཏོད་མཁན་ཞིག།།
ཁ་སང་དེ་རིང་མཁོ་བའི་སྙིང་སྡུག་ཡིན།།

མཛེས་མའི་མིང་གི་ཆོ་ལོ་མེད་ན་ཡང་།།
མཛངས་མ་ཞིག་གི་ཞབས་རྗེས་འབྲངས་མཁན་ཞིག།།
ཕ་མ་ཉེ་རིང་དག་ལ་བྱམས་ནི་ཞིག།།
བདག་གིས་མི་ཚེར་བདག་སྐྱོང་གཅེས་འདོད་འདུག།

གདོང་ལ་དཀར་རྩི་ཅུང་ཙམ་བྱུགས་ན་ཡང་།།
ཁ་དང་མིག་ལ་ལྷན་སྐྱེས་མཛེས་སྡུག་གི།།
ཁ་བ་བུ་མོའི་རི་མོ་བབས་པ་ཞིག།།
བདག་གིས་རེ་ཞིང་སྒུག་པའི་རྨི་ལམ་ཡིན།།

གྲོགས་དང་གྲོགས་མོ་སུ་དང་འགྲོགས་ན་ཡང་།།
ཁ་འཇམ་ཁོག་པ་དུག་ཆུས་མ་ཁེངས་པར།།
སེམས་དང་བསམ་པ་དཀར་བོ་ཡིན་པ་དེར།།
བདག་གིས་བརྩེ་བའི་ལག་ཟུང་སྦྲེལ་ན་འདོད།།

ཕྱི་ཡིས་འགྲུལ་བ་སླེབས་ན་བསུ་ནི་ཞིག།།
ནང་གི་བཟའ་ཚང་བར་ལ་འཆམ་ནི་ཞིག།།
དགྲ་དང་གྲོགས་ཀྱི་དབྱེ་བ་མེད་ནི་ཞིག།
བདག་གིས་མི་ཚེའི་སྐྱ་ཡར་བཙལ་ན་འདོད།།

གཟུགས་གི་རིང་ཚད་ཀུན་དང་མཐུན་པ་དང་།།
ཀ་ཁ་སུམ་ཅུ་དག་མོ་ཀློག་མཁན་ཞིག།
གངས་ཅན་བོད་ལ་དུངས་བ་ཟབ་པ་དང་།།
དམ་པའི་ཆོས་ལ་དད་པ་ཡོད་ནི་ཞིག།

ཟ་མ་བཟོ་བའི་ལག་པ་ཐུང་ན་ཡང་།།
ཁྱོ་གར་རམ་འདེགས་བྱེད་པའི་ཡ་རབས་ཤིག།
ཤེས་ཡོན་ཆུ་ཚད་ཅུང་ཙམ་དམའ་ན་ཡང་།།
རང་གི་མིང་དང་ལོ་རྒྱུས་ཤེས་ནི་ཞིག།

སློབ་གྲྭ་ཆེན་མོའི་སྒོ་ཆེན་མ་འགྲིམ་ཡང་།།
དཔེ་ཁུག་འཁུར་བའི་ཉམས་མྱོང་ཡོད་ནི་ཞིག།
གཞན་སྐད་བཤད་པའི་ཁ་ལྕེ་ལྐུག་ན་ཡང་།།
རང་སྐད་གཙང་མར་དུངས་སེམས་ཡོད་ནི་ཞིག།

དེང་རབས་ལུགས་སྲོལ་ཕྱུག་པོ་ཡོད་ན་ཡང་།།
སྤྲོ་ཚོགས་ཞབས་བྲོར་ཉུང་ཙམ་འགྲོ་ནི་ཞིག།
ཁ་ཟས་སྣ་ཚོགས་བཟའ་བར་དགའ་ན་ཡང་།།
ཐ་མག་ཆང་ལ་བློ་ཐག་རིང་ནི་ཞིག།

དེང་རབས་གོ་ལྷམ་ཉོས་ནས་གོན་ན་ཡང་།།

ཕྱི་རྟིང་མཐོན་པོའི་གོམས་སྲོལ་མེད་ནི་ཞིག།།
སྟོད་ལྭ་སྨད་ལྭ་མང་པོ་ཉོ་ན་ཡང་།།
བྲང་དང་བརླ་ཤ་གཉིས་ཀ་ཁེབས་ནི་ཞིག།

རྒྱུ་ཆེན་ཚང་གི་སྲས་མོ་འཁྲུངས་ན་ཡང་།།
དབུལ་ཕྱུག་གཉིས་ལ་ཁྱད་པར་མེད་ནི་ཞིག།
སྐྱེས་ཁུངས་སྨན་པའི་རིགས་སུ་སྐྱེས་ན་ཡང་།།
དམ་ལྡན་ལྷ་སྲུང་ཚེ་འདིར་བསྟེན་ནི་ཞིག།

ཨ་རི་རྒྱ་གར་བལ་བོ་བོད་ཡུལ་དང་།།
འཇར་པན་ཡུ་རོབ་ལ་དྭགས་རྡ་ས་སོགས།།
གང་ན་གནས་ཀྱང་ཁྱད་པར་མེད་ན་ཡང་།།
བོད་སྐད་གཙང་མ་བཤད་པའི་བོད་མོ་ཞིག།

བོད་ཟས་བོད་ལྭར་དགའ་བའི་བོད་མོ་ཞིག།
ཆོལ་ཁའི་ཕྱོགས་ཞེན་མེད་པའི་བོད་མོ་ཞིག།
རང་གཞན་ཀུན་ལ་བརྕེ་བའི་བོད་མོ་ཞིག།
རྒྱུ་དང་འབྱོར་བ་མི་བསམ་བོད་མོ་ཞིག།

བརྩེ་བ་དྲོན་མོ་སྤྲོད་པའི་བོད་མོ་ཞིག།
སྐྱིད་སྡུག་མཉམ་ཏུ་སྤྱོད་པའི་བོད་མོ་ཞིག།
བདག་གི་སེམས་པ་རྟོགས་པའི་བོད་མོ་ཞིག།
བདག་གིས་འཚོལ་བའི་སྙིང་སྡུག་ལྷ་མོ་ཡིན།།

སྙན་ངག

Post navigation

Previous Post: མིག་སྒྲིབ་རྒྱལ་དཀྲོག་ལས་འགུལ་བ་མིག་དམར་ལགས་མོན་གྷོར་འབྱོར་འདུག
Next Post: སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་སྒྲོམ་གཞི་གཏན་འབེབས་ཀྱི་བགྲོ་གླེང་ཚོགས་འདུ།

Comments (12) on “དགའ་རོགས་འཚོལ་བའི་ལེའུ”

  1. ཉི་མ་གཞོན་ནུ། says:
    2012-08-18 at 11:22 am

    དཔེ་སྙན་པོ་འདུག ཐུགས་རྗེ་ཆེ།

  2. ཡར་ཁམས་ཁྲི་རྒྱལ། says:
    2012-08-18 at 4:45 pm

    ལོ་དང་ཟླ་བ་དལ་གྱིས་རྫོགས་ནས་ཐལ།།
    གཉེར་རིས་མཐུག་པའི་རྒས་ཉམས་མངོན་ནས་ཐལ།།
    ཉི་ཤུ་ཡོལ་དེ་སུམ་ཅུ་སླེབས་དུས་སུ།།
    སྙིང་སྡུག་བུ་མོ་ད་དུང་མ་རག་ཐལ།། །།

    སྐྲ་ལོའི་ཁ་དོག་ཅུང་ཙམ་སེར་ན་སེར།།
    སྐྱེས་གཟུགས་དྲང་མོ་མདའ་ལྟར་མིན་ན་མིན།།
    ལང་ཚོ་མེ་ཏོག་བཞད་ནས་ཡལ་ན་ཡལ།།
    འདོད་པའི་རྒྱོ་ལ་མཁས་ན་དེ་གས་འགྲིགས།། །།

    བཞིན་རས་དཀར་པོ་ཟླ་ལྟར་མིན་ཡང་འགྲིགས།།
    འཛུམ་ཆུང་མེ་ཏོག་དེ་ལ་མེད་ན་ཆོག།
    ཆགས་པས་བཟི་བའི་ཞལ་རས་ངེས་པར་དགོས།།
    ཉིན་རེར་ཐེངས་མ་གཉིས་གསུམ་དགོས་མཁན་ཞིག།། །།

  3. ལོང་བ། says:
    2012-08-18 at 8:06 pm

    ཕྱི་ལ་མཛེས་པའི་རྣམ་པ་མེད་ནའང་མེད།།
    ནང་ལ་དུང་བའི་བརྩེ་སེམས་དེ་བས་ཀྱང་།།
    གསང་བ་བུག་པ་ཡོད་ན་ཆོག་པ་དེ།།
    དེང་སང་གྲྭ་ལོག་དགའ་རོགས་འཚོལ་ཚུལ་རེད།།

  4. བླ་སྨྱོན་ says:
    2012-08-18 at 10:01 pm

    ཞལ་རས་ཆུ་སྐེྱས་པད་ལྟར་དཀར་ལ་དམར།

    སྐུ་གཟུགས་རྩ་རི་སྨྱུག་བཞིན་དལ་དུ་སྐྱོད།

    བརྩེ་སེམས་གངས་རི་དཀར་པོ་རྟག་བརྟན་མ།

    མི་ཚེ་ཕྱེད་ཡས་གྲྭ་ལོག་སྟོང་བསམ་རེད།

    ཤེས་ཡོན་རྒྱ་བོད་དབྱིན་གསུམ་ལ་བྱང་པ།

    གཤིས་ཀ་འཇམ་པོ་ཀུན་ལ་གུས་བཀུར་ཤེས།

    དེང་རབས་བུ་མོ་ཀུན་ལ་འགྲན་ཟླ་མ།

    ཤེས་འཇོན་དབེན་པའི་གྲྭ་ལོག་རེ་སྟོང་རེད།

  5. རྒན་བྲག says:
    2012-08-18 at 10:50 pm

    ཡག་པོ་བྲིས་འདུག ང་རང་གིས་དེ་འདྲའི་རྒད་པོ་ཞིག་བཙལ་ཀི་ཡོད། གལ་སྲིད་སྐད་ཆ་དྲང་མོ་ཡིན་ན།

  6. འདྲེ་རྐང་ཐོ། says:
    2012-08-19 at 12:33 am

    ཉིན་མོ་ཨ་ཅེ་འདྲ་བའི་བརྩེ་ནི་ཞིག།
    དགོང་མོ་གཞང་བཙོང་མ་བཞིན་གཡབ་སྐྱ་ཞིག །
    ཁ་རྐུབ་གཉིས་ཀར་འཛེགས་ཀྱང་འགྲིག་ནི་ཞིག །
    གྲྭ་ལོག་ང་ལ་མནའ་མ་འདི་འདྲ་དགོས། །

    མགྲོན་པོ་ཡོད་སར་སྡིག་ཀྱང་ཆོག་ནི་ཞིག །
    མི་ཡིས་མཐོང་སར་ང་ལ་གུས་ནི་ཞིག །
    ཆང་ཕོར་ལག་ལ་འཇོག་སྟངས་མཁས་ནི་ཞིག །
    གྲྭ་ལོག་ང་ལ་མནའ་མ་འདི་འདྲ་དགོས། །

    ནུ་མ་བ་ཅོའི་ནུ་མར་འདྲ་ནི་ཞིག །
    ཨོང་ཤ་གླང་ཆེན་ལས་ནི་ཆེ་ནི་ཞིག །
    སྟུ་ནང་བོང་མཇེ་བསྣུན་ཡང་འགྲིག་ནི་ཞིག །
    གྲྭ་ལོག་ང་ལ་མནའ་མ་འདི་འདྲ་དགོས། །

    ཟ་དང་ཟུར་ནས་མིག་ལོག་ལྟ་ནི་ཞིག །
    ཞ་དང་ཞོར་ལ་ཚིག་ལོག་རྒྱག་ནི་ཞིག །
    དགའ་སྡིག་གདོང་ལས་ཤར་སེ་མཐོང་ནི་ཞིག །
    གྲྭ་ལོག་ང་ལ་མནའ་མ་འདི་འདྲ་དགོས། །

  7. དགའ་བའི་བུ་མོ། says:
    2012-08-19 at 1:53 am

    བརྩེ་སེམས་རབ་ཏུ་ཕྱུག་པའི་བོད་མོ་ཞིག
    གནས་ཡུལ་གང་དུ་སོང་ཡང་རྙེད་ནི་རེད།
    ཁ་ཞེ་གཉིས་མེད་དམ་ཚིག་བསྲུང་མཁས་པའི།
    ཕོ་གསར་དེ་འདྲ་ཡོད་དམ་ཐེ་ཚོམ་རྒྱུ།

    ཁྱེད་ལ་མཁོ་བའི་བོད་མོ་འདི་ན་ཡོད།
    ཁྱེད་ཀྱི་ཆ་རྐྱེན་མཐའ་དག་འཛོམས་ནས་ཡོད།
    ཡིན་ཡང་དལ་འབྱོར་མི་ལུས་བཟང་པོ་དེ།
    ཁྱེད་ཀྱི་འགྲམ་ནས་རྫོགས་ན་ཅི་འདྲའི་སྐྱོ།

  8. རུ་ཤུལ་བུ་ says:
    2012-08-19 at 2:34 am

    ཁྱོད་ཧམ་པ་ཆེ་དྲགས་སོང་། ཁྱོད་ཀྱིས་འཚོལ་བཞིན་པའི་བུ་མོ་དེ་འདྲ་མ་ཞིག་ལག་ལ་རག་རྒྱུ་ཕར་རིས་སྤང་རྒྱན་རེད་ལོ། ཚིག་བཅད་འདི་ལ་ངོ་མ་སྙན་ཆ་འདུག
    ཕྱི་ཡིས་འགྲུལ་བ་སླེབས་ན་བསུ་ནི་ཞིག།།
    ནང་གི་བཟའ་ཚང་བར་ལ་འཆམ་ནི་ཞིག།།
    དགྲ་དང་གྲོགས་ཀྱི་དབྱེ་བ་མེད་ནི་ཞིག།
    བདག་གིས་མི་ཚེའི་སྐྱ་ཡར་བཙལ་ན་འདོད།།

  9. དགེ་བསྙེན་རྡོ་རྗེ་ says:
    2012-08-19 at 3:38 am

    དགའ་རོགས་འཚོལ་བ་ལོས་བདེན། །
    མི་ལ་བདེ་སྐྱིད་དགོས་རེད། །
    ཕྲུ་གུ་བཟོས་པ་མ་གནང་། །
    མི་འབོར་ཆེ་བས་སྐྱོན་འདུག །

  10. རུ་ཤུལ་བུ་ says:
    2012-08-19 at 4:13 am

    ཁྲོམ་ལ་སོང་ན་དཔུང་བར་འདམས་ནི་ཞིག།
    ནང་ནས་བསྡད་ན་སྐྱེ་ལ་འཇུ་ནི་ཞིག།
    བར་མ་བར་ནས་འོ་རེ་སྤྲོད་ནི་ཞིག།
    གྲྭ་ལོག་གསར་བ་མཁོ་བའི་དགའ་རོགས་ཡིན།།

    ཕྱི་ནས་བལྟས་ན་སྐུབ་ཤ་སྡེམས་ནི་ཞིག།
    མདུན་ནས་བལྟས་ན་འོ་འཛིན་གཡོ་ནི་ཞིག།
    རྒྱང་ནས་བལྟས་ན་སྐྱེད་པ་ཕྲ་ནི་ཞིག།
    གྲྭ་ལོག་གསར་བ་མཁོ་བའི་དགའ་རོགས་ཡིན།།

    ཙོག་ཙོག་ལྷམ་གྱི་ཕྱི་སྟིང་མཐོ་ནི་ཞིག།
    བརླ་ཤ་ནུ་མ་ཅུང་ཟད་མངོན་ནི་ཞིག།
    སྣ་ཚོགས་སྐག་ཚོས་གདོང་པར་ཕྱུག་ནི་ཞིག།
    གྲྭ་ལོག་གསར་བ་མཁོ་བའི་དགའ་རོགས་ཡིན།།

    ད་དུང་མང་མོད་བཤད་ཚོད་མི་འདུག་པས།།
    མདོར་ན་དེང་རབས་བུ་མོའི་ཆ་སྤྱད་ཅན།།
    གྲྭ་ལོག་ཚང་མ་དེ་ལ་དགྱེས་འདུག་ན།།
    གྲྭ་ལོག་ཁྱོད་ཀྱང་དེ་ལས་འདའ་མི་སྲིད།།

  11. dhoshul says:
    2012-08-21 at 12:26 am

    http://www.facebook.com/photo.php?fbid=137071853101459&set=at.112103945598250.16853.100003959368394.100001925590008.1044608591.100003467518908&type=1&relevant_count=1&ref=nf

  12. dhoshul says:
    2012-08-21 at 12:33 am

    པཎ་ཞྭ་འོག་གི་དགའ་རོགས་བསྒྲིག་ཚུལ་འདི་ལ་གཟིགས་ནས་བསམ་ཚུལ་རེ་འབྲི་ཐུབ་པའི་རེ་བ་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme