Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་རིག་ལས་ཁུངས་ཀྱིས་སྤེལ་བའི་རྩོམ་སྐུལ་གསལ་བསྒྲགས།

Posted on 2012-08-16 By ཁ་བརྡ་ 17 Comments on ཤེས་རིག་ལས་ཁུངས་ཀྱིས་སྤེལ་བའི་རྩོམ་སྐུལ་གསལ་བསྒྲགས།

༄༅། །རྒྱ་ཆེའི་ཀློག་པོ་སྤྱི་དང་ཤེས་བྱའི་གནས་ལ་འབད་འབུངས་གནང་བཞིན་པའི་མ་འོངས་སོན་རྩ་རྣམས་ལ་ཞུ་རྒྱུར། ཁྱེད་རྣམ་པས་མཁྱེན་གསལ་ལྟར། ཕ་ཡུལ་ཤེས་བྱའི་བང་མཛོད་ནི། མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་གཙོས་པའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན་པས། འདིར་ང་ཚོས་འཕྲོད་བསྟེན་དང་། གནའ་དེང་གི་རྒྱུན་ཤེས། མཚར་གཏམ། བརྩམས་སྒྲུང་དང་། དེ་བཞིན་ཚན་རིག་ཤེས་བྱ་ལ་སོགས་པའི་སྒྱུར་རྩོམ་རིགས་བཅས་སློབ་ཕྲུག་གི་ཁམས་དང་མོས་པ་གཙོ་ཆེར་དམིགས་ནས་པར་སྐྲུན་ཞུས་དང་ཞུ་བཞིན་ལགས་ན། དམིགས་ཡུལ་དེ་ཉིད་འགྲུབ་པར་ཁྱེད་རྣམས་ཀྱི་ཕྱར་གྲུ་མཉམ་འདེགས་ནི་མེད་དུ་མི་རུང་བའི་ཆ་རྐྱེན་དུ་འགྱུར་ཡོད། དེར་བརྟེན་རང་རེའི་སློབ་མ་རྣམས་ཀྱི་རྣམ་དཔྱོད་སྒོ་འཕར་འབྱེད་པའི་འགན་འཁྲི་མངའ་བའི་རྩོམ་པ་པོ་ཡོངས་དང་། ཤེས་རིག་གི་ལམ་བུར་གོམ་སྟབས་སྒྱུར་བཞིན་པའི་སློབ་མ་རྣམས་ཀྱིས་འདི་གའི་དམིགས་ཡུལ་དང་འཚམས་པའི་འབྲི་རྩོམ་ཞལ་འདེབས་ཆུ་མོའི་རྒྱུན་ལྟར་གནང་བའི་ཐོག དོ་བདག་གི་སྡོད་གནས་ཁ་བྱང་གསལ་པོ་དགོས་གལ་ཆེ། ང་ཚོས་ཁྱེད་རྣམས་ཀྱི་འབྲི་རྩོམ་འདོན་ཐེངས་གང་དུ་ཐོན་པ་དེ་ཉིད་རྩོམ་ཕུད་དོད་དུ་ཁ་གྲངས་ ༣ རེ་གཏོང་རྒྱུ་ལགས། དེ་བཞིན་དེང་གི་དུས་སུ་གློག་འཕྲིན་འཕེལ་རླབས་དང་འབྲེལ་ནས་གློག་འཕྲིན་གཏོང་གནང་བ་ཕལ་མོ་ཆེ་ཨིན་ཡིག་ལམ་ནས་གནང་བ་ཤས་ཆེ་བས། འདི་གའི་བརྙན་དེབ་ཀྱི་སྨྱུག་གྲོགས་ཚན་པ་བརྒྱུད་ནས་སྨྱུག་གྲོགས་འཚོལ་འདོད་མཆིས་ཚེ། བོད་ཡིག་ཐོག་སྨྱུག་གྲོགས་བཟོ་རྒྱུའི་དགོས་དམིགས་དང་། དོ་བདག་གི་ཁ་བྱང་ཁ་གསལ་བཀོད་དེ། གཤམ་གྱི་ཁ་བྱང་དང་པོའི་ཐོག་ཤེས་རིག་ལས་ཁུངས་སུ་གཏོང་རྒྱུ་དང་། བརྙན་དེབ་འདི་ཉིད་མངགས་ཉོ་གནང་འདོད་མཆིས་ཚེ། ཁ་བྱང་གཉིས་པའི་ཐོག་ཤེས་རིག་པར་ཁང་ལ་འབྲེལ་བ་གནང་དགོས་པ་དགོངས་འཇགས་ཞུ། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པ་ནས་ཕ་ཡུལ་ཤེས་བྱའི་བང་མཛོད་ཀྱི་རྩོམ་སྒྲིག་པས།
ཕ་ཡུལ་ཤེས་བྱའི་བང་མཛོད་ཀྱི་ཡིག་འབྲེལ་ཚང་མ་གཤམ་གསལ་ཁ་བྱང་ཐོག་ཡོང་བ་ཞུ།
The Editor
PHAYUL Shejai Bangzod
DoE, Gangchen Kyishong,
Dharamsala-176215
Distt. Kangra (H.P.) India
Fax: +91 (1892) 223481
Back Issues at:www.tcewf.org

བོད་ཡིག་གི་དྲ་གནས། www.sherig.org/tb
E-mail: phayulshezod@gmail.com/yahoo.com

མངགས་ཉོའི་ཡིག་འབྲེལ་ཚང་མ་གཤམ་གསལ་ཁ་བྱང་ཐོག་ཤེས་རིག་པར་ཁང་ལ་གནང་རོགས།
Sherig Parkhang/TCRPC
R-28 Ramesh Park
Laxmi Nagar
New Delhi 110092
Tel: 22453672 E-mail: tcrpc@rediffmail.com

གསལ་བསྒྲགས།

Post navigation

Previous Post: ཨོྃ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ།
Next Post: ༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བོད་རང་བཙན་ཁྱབ་བསྒྲགས་ཀྱི་ཡིག་ཆ་བསྐྱར་བསྐྲུན་བྱས་ནས་མང་ཚོགས་ལ་འགྲེམས་སྟོན་བྱས་པ།

Comments (17) on “ཤེས་རིག་ལས་ཁུངས་ཀྱིས་སྤེལ་བའི་རྩོམ་སྐུལ་གསལ་བསྒྲགས།”

  1. དགེ་བསྙེན་རྡོ་རྗེ་ says:
    2012-08-16 at 1:18 pm

    ་་་་ འཕྲོད་བསྟེན་དང་། གནའ་དེང་གི་རྒྱུན་ཤེས། མཚར་གཏམ། བརྩམས་སྒྲུང་དང་། དེ་བཞིན་ཚན་རིག་ཤེས་བྱ་ལ་སོགས་པའི་སྒྱུར་རྩོམ་རིགས་བཅས་སློབ་ཕྲུག་གི་ཁམས་དང་མོས་པ་གཙོ་ཆེར་དམིགས་ནས་པར་སྐྲུན་ཞུས་དང་ཞུ་བཞིན་ལགས། ་་་་་་

  2. གཅན་བཟོད་རྒྱམ། says:
    2012-08-16 at 4:38 pm

    ཡི་གེ་རིང་ཐུང་གང་དང་ཅི་ཞིག་བྲསི་ཀྱང་༼དེ་བཞིན་ ་་་་་་་་ དེ་བཞིན་་་་་༽་ཞེས་པ་མང་པོ་བྲིས་ཡང་གི་འདུག དེ་བཞིན་ཟེར་བའི་དེ་དང་བཞིན་གྱི་སྙེགས་ས་དང་དོན་གང་དང་ཅི་ཞིག་སྟོན་གྱི་ཡོད་མེད་མི་གསལ་བ་འདུག

    འགྱུར་དང་གྱུར་ལའང་ཁྱད་པར་ཆེན་པོ་ཡོད། ད་དུང་༼གློག་འཕྲིན་འཕེལ་རླབས་དང་འབྲེལ་ནས་གློག་འཕྲིན་གཏོང་གནང་བ་ཕལ་མོ་ཆེ་ཨིན་ཡིག་ལམ་ནས་གནང་བ་ཤས་ཆེ་བས།༽ ཟེར་བ་འདི་འདྲ་བ་དོན་མི་གསལ་ཞིང་ཀློག་མི་བདེ་བར་འདུག

    ཁ་སྔོན་གྱི་གསལ་བརྡ་དེ་ལས་ཡར་རྒྱས་ཆེ་ཙམ་སོང་འདུག་པས་དགའ་སྤྲོ་སྐྱེས་སོང་། འདི་ཡང་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་ཡ།

    རྩོམ་འཆལ་རེ་སྐུར་འདོད་ཀྱང་ཁྱོད་ཚོའི་དགོངས་པར་འཕྲོད་དཀའ་བས་ན་རེ་ཞིག་འཇོག་གི་ཡིན།

  3. གསང་གྲོལ། says:
    2012-08-16 at 6:20 pm

    རྩོམ་པ་པོ་ཡིན་ཟེར་མཁན་ཚོས་ཆེན་པོ་རྐྱང་རྐྱང་འབྲི་བཞིན་ཡོད་པས་ཞ་ཡེ་ཆུང་ཆུང་ཚོ་ལ་ཁམས་ནོ་འབྲི་ཤེས་ནི་མ་རེད། བཙན་བྱོལ་ནང་མཚར་བའི་བྱིས་པ་ཚོའི་བོད་ཡིག་སྐྱོ་ནོའང་འདི་ལ་རག་ལས། ཐུགས་རྗེ་གཟིགས་བོད་པའི་ཞ་ཡེ་འདི་ཚོ་ལ་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་རེ་གནོངས་རོགས་ཞུ།

  4. ཀླུ་སྨྱོན། says:
    2012-08-16 at 7:57 pm

    ངའི་ཤིང་གི་མི་ལྷ་སར་གནས་སྐོར་ལ་སོང་བའི་སྒྲུང་དེ་བསྐུར་ས་ཞིག་རྙེད་སོང་།

  5. སྦྲ་དཔལ་ལྡན། says:
    2012-08-16 at 11:27 pm

    ཨ་ཁུ་སྟོན་པའི་སྒྲུང་གཏམ་གསར་པ་ཞིག་བྲིས་ཡོད་ དེ་བསྐུར་ན་ཡག་རྒྱུ་རེད་བསམ་ཀི་ ཡང་མིན་ན་ཇོ་མོ་ཡང་དག་སྒྲོལ་མ་བསྐུར་ན་བྱིས་པ་དེ་ཚོ་དགའ་རྒྱུ་རེད་བསམ་ཀི་ ཧ་ཧ་ཧ་ གང་ལྟར་གཅིག་བསྐུར་རྒྱུ་ཡིན་

  6. ཀུན་དགའ་རྒྱལ་མཚན། says:
    2012-08-17 at 12:41 am

    ང་ཚོས་ཕ་ཡུལ་ཤེས་བྱའི་བང་མཛོད་དུ་དུས་ནས་དུས་སུ་རྩོམ་སྐུལ་གསལ་བསྒྲགས་བཏང་དང་གཏོང་མུས་ཡིན། དེ་ཙམ་གྱིས་འདོད་པ་མ་ཚིམས་པར་ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་དང་། ཁ་བརྡ་དྲྭ་རྒྱ་བརྒྱུད་ནས་ཀྱང་རྩོམ་སྐུལ་གསལ་བསྒྲགས་ཞུ་ཡི་ཡོད། འོན་ཀྱང་ད་ཕན་ལ་ཡ་ལན་གནང་མཁན་བྱུང་མ་སོང་། ད་ལན་མཆན་བུ་འདེབས་མཁན་བྱུང་བ་ཙམ་གྱིས་དགའ་པོ་བྱུང་། དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཏུ་འཁུམས། མི་རིང་བར་རྩོམ་གྱི་ཞལ་འདེབས་གནང་མཁན་གང་མང་ཡོང་བའི་རེ་བ་ཆེ། ཀླུ་སྨྱོན་ལགས་ཀྱི་”ཤིང་གི་མི་ལྷ་སར་གནས་སྐོར་དུ་སོང་བའི་སྒྲུང་”ཁ་བརྡ་དྲྭ་རྒྱ་བརྒྱུད་ནས་བཀླགས་ཟིན། འོན་ཀྱང་རྩོམ་འབྲི་མཁན་གྱི་བཀའ་འཁྲོལ་མེད་པར་བེད་སྤྱོད་བྱེད་མི་བདེ་བ་དང་། འབྲེལ་ཡོད་ལ་ཐད་ཀར་འབྲེལ་བ་ཞུ་ས་མེད་པས་ནར་འགྱངས་སུ་ལུས་པ་རེད། ད་ལན་ཁྱེད་ཀྱི་འདོད་པ་ལྟར་མི་རིང་བར་དུས་དེབ་དུ་དགོད་རྒྱུ་ཡིན། ཁྱེད་ཀྱིས་ང་ཚོར་ཁྱེད་ཀྱི་མཚན་དང་། སྦྲགས་ཐོག་ཁ་བྱང་ཁག་གོང་གི་གློག་འཕྲིན་ཐོག་གཏོང་གནང་ཡོང་བ་ཞུ།
    ང་ཚོས་རྩོམ་འབྱོར་རིགས་སློབ་ཕྲུག་གི་ཁམས་དང་གནས་ཚད་ལ་འཚམ་མིན་བལྟས་ཏེ། བདམས་པ་ལས་རྒྱུ་མཚན་གཞན་གང་གི་ཐོག་ནས་ཀྱང་འདེམས་ཀྱི་མེད། རྩོམ་ཡིག་འབྱོར་རིགས་པར་སྐྲུན་ཞུས་མིན་ལ་མ་ལྟོས་པར་ཕྱིར་སློག་བྱེད་ཀྱི་མེད་པ་དགོངས་འཇགས་ཞུ།
    རེ་སྐུལ་ཞུ་རྒྱུ་གཞན་ཞིག་ནི། ང་ཚོས་ད་ཕན་ལ་ཕ་ཡུལ་ཤེས་བྱའི་བང་མཛོད་འདོན་ཐེངས་ ༡༤༨ དང་། ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་ ༥༡། གངས་ལྗོངས་བརྙན་དེབ་ ༡༩། གླིང་སྒྲུང་ ༩། ཐ་སྙད་དེབ་ཕྲེང་ ༤། དེ་མིན་དཔེ་དེབ་གཞན་ ༡༣ བཅས་ཁྱོན་དེབ་གྲངས་ ༩༦ པར་སྐྲུན་ཞུས་ཡོད། འོན་ཀྱང་སློབ་གྲྭ་ཁག་གིས་མ་གཏོགས་རྒྱ་ཆེ་མི་མང་གིས་མཁྱེན་རྟོགས་ཅུང་ཞན་པས། ཁྱེད་རྣམས་ཀྱིས་ས་གནས་ས་ཐོག་ཏུ་རྒྱུས་མངའ་གནང་རོགས་གནང་།
    ཕ་ཡུལ་ཤེས་བྱའི་བང་མཛོད་ཀྱི་རྩོམ་སྒྲིག་པས།

  7. མིག་བརྒྱད་པ། says:
    2012-08-17 at 3:55 am

    ཕ་ཡུལ་ཤེས་བྱའི་བང་མཛོད་ནང་གི་སྒྲུང་གཏམ་དང་ཚན་རིག་གི་པར་རིས་ནི་གྲྭ་ཆུང་རྣམས་ཀྱི་བློ་ལ་འབབ་ཤོས་དེ་ཆགས་འདུག

  8. དམར་ཁ་ཚ། says:
    2012-08-18 at 1:34 am

    འོ་དེས་ན་རྩོམ་སྒྲིག་པ་ལགས་གོང་གི་རྩོམ་སྐུལ་གསལ་བསྒྲགས་དེ་ཁྱེད་ཀྱིས་བྲིས་པ་ཡིན་མིན་ཆ་མ་མཚལ་མོད་གང་ལྟར་ཚིག་སྦྱོར་དག་ཧ་ཅང་རྩིང་གི་དགོངས་པ་མ་འཚོམས་རོགས། ལྷག་པར་འབྲི་རྩོམ་ཟེར་ན་ཅི་འདྲའི་ཐ་སྙད་མི་བདེ་བ་ཞིག་རེད་ཨང་དེ་བས་རྩོམ་ཡིག་ཞེས་བཀོལ་རོགས། འབྲི་བ་དང་རྩོམ་པ་གཉིས་ནི་རང་བཞིན་གྱིས་ཐ་སྙད་མི་འདྲ་བ་གཉིས་ལགས་པས་འདི་ལྟར་བཙན་སྒྲིག་བྱེད་འོས་མ་མཆིས། ད་དུང་དབྱིན་ཇི་དང་དབྱིན་ཡིག་ཞེས་བོད་ཕྱི་ནང་གཉིས་སུ་ཅུང་གཏན་ཁེལ་ཏུ་བཀོལ་བཞིན་པའི་མིང་འདི་ལ་ཆེད་དུ་ཨིན་ཡིག་ཞེས་ལམ་འཁྱོག་ཞིག་འཐེན་ནས་འགྲོ་དགོས་དོན་ཅང་མཆིས་སམ། ལར་ནས་ཁྱེད་ཅག་གི་གསལ་བསྒྲགས་སུ་དེང་སྦྲགས་ཟམ་དུ་དབྱིན་ཡིག་བཀོལ་མཁན་མང་ཚུལ་ཙམ་ལས་བརྗོད་དགོས་ངེས་སུ་ཡོད་པའི་སྨྱུག་གྲོགས་དེ་དབྱིན་ཡིག་གི་ལམ་ནས་ཡིག་འབྲེལ་བྱེད་ཆེད་ཡིན་ནམ་ཡང་ན་བོད་ཡིག་གི་ལམ་ནས་ཡིན་ཡང་གསལ་ཁ་འདོན་ཐུབ་མེད་པ་ནི་གསལ་བསྒྲགས་འབྲི་བའི་རྩལ་རྫོགས་པའི་རྟགས་ཡིན་པ་འདྲ་ཧཧཧ། མི་འཇོན་ན་ལམ་མ་འགོག་དང་དེང་གི་བོད་འབྱོར་གཞོན་སྐྱེས་ཚོའི་ཁྲོད་ན་རྩོམ་རྩལ་ལེགས་པའི་མི་སྣ་མང་ཀི།

  9. དམར་ཁ་ཚ། says:
    2012-08-18 at 1:37 am

    ཆ་མ་འཚལ།

  10. ཀུན་དགའ་རྒྱལ་མཚན། says:
    2012-08-18 at 5:19 am

    དམར་ཁ་ཚ་ལགས།
    དགོངས་ཚུལ་བཏོན་པར་ཐུགས་རྗེ་ཆེ། འབྲི་རྩོམ་ཞེས་པ་དེང་སང་སྤྱི་ཚོགས་སུ་གོ་བདེ་བ་བྱས་ནས་བེད་སྤྱོད་བྱེད་པ་བཞིན་བཀོད་པ་ཡིན། ཁྱེད་ལྟར་རྩོམ་ཡིག་ཅེས་བྲིས་ན་འགྲིགས་དང་འགྲིགས། ཨིན་ཡིག་ཅེས་པ་ཐ་སྙད་གཏན་འབེབས་སྡེ་ཚན་གྱིས་གཏན་ལ་ཕབ་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་འདིའི་ཕྱག་ལས་ལ་བརྩི་བཀུར་དང་། ལྷག་པར་དུ་རྒྱུ་མཚན་རྣལ་མའི་ཐོག་ནས་བལྟས་ཀྱང་། དབྱིན་ཡིག་དང་དབྱིན་ཇི་ཞེས་ལ་ལས་ཨིན་ཡིག་དང་ཨིན་ཇི་ཞེས་པ་སྒྲ་ཟོར་ཡང་ལ་འཇུག་བདེ་བས་བེད་སྤྱོད་བྱས་པ་ཡིན།
    སྨྱུག་གྲོགས་སྡེ་ཚན་གྱི་དམིགས་ཡུལ་ནི། ཕྲུ་གུ་དེའི་རིགས་ཀྱིས་བོད་ཡིག་ཐོག་ནས་ཡིག་འབྲེལ་གནང་བའི་རེ་བ་བཅངས་ཏེ་སྡེ་ཚན་ཟུར་དུ་བཟོས་པ་ཞིག་རེད་ལ། བོད་ཡིག་ཐོག་གནང་རྒྱུར་ཇི་མ་ཇི་བཞིན་བྲིས་མེད་ཀྱང་བརྗོད་པ་དེ་ཉིད་ཀྱི་སྔ་ཕྱི་ཚིག་བར་ལ་ཡག་པོ་གཟིགས་ན་བོད་ཡིག་ཐོག་གནང་རྒྱུར་ཤུགས་ལ་གོ་བ་ཡིན།
    མཐའ་མ་ཞུ་རྒྱུ་ལ། “མི་འཇོན་ན་ལམ་མ་འགོག་དང་དེང་གི་བོད་འབྱོར་གཞོན་སྐྱེས་ཚོའི་ཁྲོད་ན་རྩོམ་རྩལ་ལེགས་པའི་མི་སྣ་མང་ཀི།”ཞེས་བཀོད་དེ་བཀའ་བཀྱོན་གནང་འདུག ཁྱེད་ཀྱི་ཚིག་འདི་བྱུང་ན་འདི་ལྟ་བུ་དགོས་ཀྱི་འདུག་སྙམ། “མ་འཇོན་ན་ལམ་མ་ཁོག་དང་། དེང་གི་བོད་འབྱོར་གཞོན་སྐྱེས་ཚོའི་ཁྲོད་ན་རྩོམ་ལེགས་པའི་མི་སྣ་མང་པོ་ཡོད།” ཅེས་དགོས་སྙམ།
    ང་འདིར་འཇོན་དྲགས་ནས་བསྡད་མེད་ལ། ཡང་རྐུབ་བཀྱག་འདི་དབང་ཡོད་ཀྱིས་བཟུང་བ་ཡང་མིན། གོང་གིས་ལས་བགོས་གནང་བར་གུས་བརྩིའི་ཐོག་ནས་གང་ཐུབ་ཅི་ཐུབ་ཀྱིས་ལས་ལ་འཇུག་བཞིན་ཡོད། བོད་པའི་སྤྱི་ཚོགས་སུ་ཡག་པོ་ཡོད་པ་རྣམས་འདིར་ཕེབས་ན་དགའ་བསུ་ཡོད།

  11. དམར་ཁ་ཚ། says:
    2012-08-18 at 5:21 pm

    ལམ་མ་འགོག་ཅིག  ལམ་མ་ཁོག་ཅིག་གང་བརྗོད་བདེ་བ་མཁྱེན་པར་མཛོད།མ་ཡིག་དགག་སྒྲ་འདི་འདས་པ་འགོག་པ་གཙོ་ཆེ་བ་དང་།  མི་ཡིག་དགག་སྒྲ་འདི་ད་ལྟ་བ་དང་མ་འོངས་པ་འགོག་པར་གཙོ་བོར་བཀོལ་བ་ཡིན།(མི་སྐྱེ་ཞེས་མ་འོངས་པ་འགོག་པ་དང་མ་སྐྱེས་ཞེས་འདས་པ་དགག་པ་ཞེས་བོད་བརྡ་སྤྲོད་དུ་གསལ།) དེར་རྟེན་མི་འཇོན་ན་ཞེས་པས་འཇོན་མི་ཡོང་ན་ཞེས་པའམ་འཇོན་བཞིན་མི་འདུན་ན་ཞེས་ཟེར་བ་རེད། ཡི་གེ་དག་པ་ལ་དག་བཅོས་བྱེད་མི་དགོས་པ་ཡིན། ཐ་སྙད་གཏན་འབེབས་སྡེ་ཚན་དང་ཁྱེད་ལ་དཀྱུས་གཅིག་ཏུ་ཤོད་འདོད་པ་ནི་བོད་རྒྱ་ཆེའི་མི་མང་གིས་བཀོལ་ཞིང་ལམ་སྲོལ་དུ་གྱུར་བའི་ཚིག་འདི་དག་ནི་རང་སོར་འཇོག་རོགས་དང་བདེ་བ་ཡིན། དབྱིན་ཇི་བཀོལ་ཤུགས་ཆེ་འམ་ཨིན་ཇི་བཀོལ་སྲོལ་ཆེ་བ་ཡིན། གོང་ནས་སྦྲགས་ཟམ་དུ་དབྱིན་ཡིག་བཀོལ་བ་མང་ཚུལ་སོགས་བརྗོད་ནས་ཤུགས་སུ་བོད་ཡིག་སྨྱུག་གྲོགས་དགོས་པར་སྟོན་འདོད་པ་ནི་འདོད་པ་དབང་བཙན་པ་ཡིན་ཟེར་ན་ལས་ཤུགས་སུ་སྟོན་པའི་ནུས་པ་ཞ་འདུག སྤྱི་ཚོགས་སུ་གོ་བདེ་བ་ཙམ་གལ་ཆེ་པར་དགོངས་ན་essayབསྐུར་རོགས་ཞེས་སྦྲགས་འབྲི་བྱོས་དང་སྤྱི་ཚོགས་སུ་གོ་དེ་བས་བདེ་སྲིད། བོད་ཡིག་རྒྱལ་གྱུར་ཅིག  རྩོམ་སྒྲིག་པ་རྒྱལ་གྱུར་ཅིག  གསལ་བསྒྲགས་ལས་རྒྱལ་གྱུར་ཅིག

  12. དམར་ཁ་ཚ། says:
    2012-08-18 at 5:31 pm

    གང་ནོར་འདུག
    རྐུབ་སྟེགས  རྐུབ་བཀྱག

    གང་བརྗོད་བདེ
    མ་འགོག་ཅིག   མ་ཁོག་ཅིག

    གང་བཀོལ་ཆེ
    དབྱིན་ཇི     ཨིན་ཇི

  13. དགེ་བསྙེན་རྡོ་རྗེ་ says:
    2012-08-18 at 5:56 pm

    ཁ་སྐད་དུ།
    རྐུབ་བཀྱག་ སྒང་ལ་ སྡོད་འདོད་ ཡོད་པའི་ ཨིན་ཇི་དེ་ ༼མ་ཁོག་༽མ་བཀག་ ཅིག

  14. ཀུན་དགའ་རྒྱལ་མཚན། says:
    2012-08-20 at 1:29 am

    ཁྱེད་ཀྱིས་སྐབས་འདིའི་དང་སྒྲའི་ནུས་པ་ལ་ཐུགས་ཞིབ་གནང་ན། མ་ཁོག་དང་། ཞེས་དགོས་པ་མཁྱེན་དགོས། སྐབས་འདིར་འདས་མ་འོངས་སྐད་ཆ་ལྷག་མེད་དེ། སྐུལ་ཚིག་ངོ་བོར་གྱུར་ཟིན། བརྟག་པ་མཐའ་བཟུང་གི་སྐབས་སུ་འདས་པ་འབྲི་དགོས་པའང་མཁྱེན་དགོས་སྙམ། ཡང་”འཇོན་བཞིན་མི་འདུན་ན་”ཞེས་བརྟག་པ་མཐའ་བཟུང་གི་ཚིག་ལ་བཙན་གྱིས་འགྲེལ་བརྗོད་གཉིས་པ་གཅིག་ཀྱང་བྱས་འདུག་ཀྱང་། ཚིག་སྔ་ཕྱི་འབྲེལ་མི་བཟང་བའི་སྐྱོན་ཡང་ཞུགས་འདུག
    དེང་སང་རྒྱུ་མཚན་ལ་དགའ་ཞིང་བོད་ཡིག་ལ་དུང་བ་ཡོད་པའི་བོད་རིགས་གཞིས་བྱེས་པ་མང་པོས་དབྱིན་ཇི་ལྟ་བུར་ཨིན་ཇི་ཞེས་པ་འབྲི་རྒྱུར་དགའ་བ་བྱེད་ཀྱི་འདུག ལར་ནས་ལམ་སྲོལ་དུ་གྱུར་པའི་ཚིག་ཡིན་ཡང་གསར་འདོད་ཀྱི་རྣམ་པ་དེ་ལ་རྒྱུ་མཚན་དང་ཁུངས་བཟང་བ་ཡོད་ན། འགྱུར་བ་བཏང་ཡང་དགེ་ལས་སྐྱོན་དུ་མི་འགྲོ་སྙམ། འདས་པའི་བོད་ཀྱི་སྐད་ཡིག་འཕེལ་རིམ་ནང་དུའང་དགོས་དབང་དང་དུས་སྐབས་སོགས་ལ་གཟིགས་ནས་སྐད་གསར་བཅད་གནང་འདུག་མ་གཏོགས། སྲོལ་རྒྱུན་ཡིན་པས་རང་སོར་འཇོག་དགོས་པའི་དགོངས་པ་བཞེས་མི་འདུག་སྙམ།
    ཡང་ཁྱེད་ཉིད་ཀྱིས། “སྤྱི་ཚོགས་སུ་གོ་བདེ་བ་ཙམ་གལ་ཆེ་པར་དགོངས་ན་essayབསྐུར་རོགས་ཞེས་སྦྲགས་འབྲི་བྱོས་དང་”ཞེས་རིགས་བསྒྲེས་ཐལ། བོད་ཀྱི་སྐད་ཡིག་ནང་དུ་གོ་བདེ་བ་གཙོ་བཟུང་སྐད་ཆ་བཤད་པར། ཨིན་སྐད་ཚིག་དོད་བེད་སྤྱོད་བྱོས་དང་གསུངས་པ་ཐལ་དྲགས་པ་རེད། དེ་བཞིན་”སྦྲགས་འབྲི་བྱོས་དང་”ཞེས་རྗེས་དཔག་ཚད་མས་གོ་བ་བླངས་པས་མ་གཏོགས་གོ་དོན་འགྲེལ་དཀའ།
    མདོར་ན། ང་ཚོའི་བརྙན་དེབ་འདི་མཁས་པ་ཆེན་པོ་ཚོའི་ཆེད་དུ་མ་རེད། བོད་པའི་སློབ་མ་རྣམས་ཀྱི་ཆེད་དུ་རེད། དེ་ལ་དཔག་པའི་འབྲི་དགོས་པ་མ་གཏོགས་འབྲི་མཁན་གྱིས་ཤེས་ཚད་བརྙན་དེབ་དུ་བཀོད་ན་མི་འཚམ་པའི་གནས་སྟངས་སུ་འགྱུར་ངེས་སྙམ།

  15. ར་ས་ཕོ་ཉ། says:
    2012-08-20 at 3:52 pm

    ཕ་ཡུལ་དྲ་རྒྱའི་སྒང་བལྟ་ས་ཡོད་དམ།

  16. ཀུན་དགའ་རྒྱལ་མཚན། says:
    2012-08-21 at 1:28 am

    ར་ས་ཕོ་ཉ་ལགས།
    ཕ་ཡུལ་ཤེས་བྱའི་བང་མཛོད་རྣམས་དྲྭ་ཐོག་ཏུ་བལྟ་ས་ཡོད། དྲྭ་གནས་http://www.sherig.org ཐོག་ཕེབས་ན། ཕ་ཡུལ་གྱི་འདོན་ཐེངས་གསར་ཤོས་དེ་མདུན་ངོས་ཀྱི་གཡས་ཕྱོགས་སུ་ཡོད། གལ་ཏེ་འདོན་ཐེངས་སྔོན་མ་རྣམས་དང་། ཕ་ཡུལ་ཕྱོགས་བསྒྲིགས་དེབ་ཕྲེང་སོགས་གཟིགས་འདོད་ན། གོང་གི་དྲྭ་གནས་ཀྱི་སྟེང་དུ་”བོད་ཡིག་”ཅེས་པར་བསྣུན་པའམ། དྲྭ་གནས་http://www.sherig.org/tb/ཐོག་ཐད་ཀར་ཕེབས་ཀྱང་གཟིགས་ཐུབ། དེའི་རྗེས་ལ་”དེབ་ཁག་”ཅེས་པའི་ནང་གསེས་”རྩོམ་སྒྲིག་ཚན་པའི་དེབ་རིགས་”ཞེས་པར་ཕེབས་ན། ཕ་ཡུལ་ཤེས་བྱའི་བང་མཛོད་དང་། གངས་ལྗོངས་བརྙན་དེབ། གླིང་སྒྲུང་དོན་བསྡུས་གཞོན་ནུའི་མགྲིན་རྒྱན་རྣམས་གཟིགས་ཐུབ། དེ་བཞིན་ཕ་ཡུལ་ཕྱོགས་བསྒྲིགས་མང་ཆེ་བ་གཟིགས་ཐུབ། རིམ་པས་ཕ་ཡུལ་ཕྱོགས་བསྒྲིགས་རྙིང་པ་རྣམས་ཀྱང་བཤེར་འབེབས་ཐོག་དྲྭ་ཐོག་ཏུ་འཇོག་རྒྱུའི་ལས་རིམ་བསྒྲིགས་ཡོད།

  17. ཨེ་མི་ལེ། says:
    2012-10-02 at 2:16 pm

    རྩོམ་སྒྲིག་པ་མགོ་མཁྲེགས་པོ་རྡོ་འདྲ་ཞིག་ཡོད་རེད། རྩོམ་ཡིག་བསྐུར་འདོད་ཀྱི་འདོད་པ་ཁྱོན་ནས་མེད། རྩོམ་སྒྲིག་པ་དག་ཀླད་པ་ལྗང་ཁུ་ཅན་ཡིན་ན་ད་རེ་བ་བྱེད་ས་ལྷག་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme