འཛུམ་མདངས་ཀྱི་རྒྱལ་ཁ། Posted on 2012-08-152012-08-15 By ཁ་བརྡ་ 20 Comments on འཛུམ་མདངས་ཀྱི་རྒྱལ་ཁ། གནས་ཚུལ་མཁོ་འདོན་པ། རྨེའུ་དཀོན་རྒྱམ། གློག་བརྙན་།
ན་གཞོན་སྒྱུ་རྩལ་པ་རྟ་མགྲིན་ལགས་ཀྱིས་ཆོས་དབྱངས་སྐྱིད་ཀྱི་བརྙན་ཐུང་ལོ་རྒྱུས་སུ་བཀོད་པའི་གཞས་དབྱངས་སྙན་པོ་འདིར་བཀོད་པར་ཐུགས་རྗེ་ཆེ།
ལུས་རྩལ་འགྲན་སྡུར་དང་ཆབ་སྲིད་འགྲན་སྡུར་གཉིའ་མ་སྲས་ན་ཡག་པོ་རེད། མ་འོངས་པར་བོད་ནང་གི་བོད་མི་ཚོའི་མདུན་ལམ་ལ་གནོད་རྒྱུ་ལས་མ་འདས། ཕྱི་རོལ་ན་བཞུགས་པའི་བོད་མི་ཚོས་གཟབ་གཟབ་གནང་རོགས་མཁྱེན་མཁྱེན། མཁྱེན།།
གལ་སྲིད་ཆོས་དབྱིངས་སྐྱིད་ཁམས་མོ་ཞིག་ཡིན་ན་དེང་སྐབས་ཁམས་པ་ཚོས་བོད་རང་བཙན་རེག་པ་་བཞིན་ག་ས་གང་དུ་ཁམས་པ་ཆོས་དབྱིངས་སྐྱིད་ཅེས་བླུན་རྟགས་གྲངས་མེད་ཅིག་སྟོན་གི་ཡོད་པ་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད། ཨ་མདོ་བ་ཚོས་ཆོས་དབྱིངས་སྐྱིད་ལ་ད་ལྟའི་བར་དུ་ཨ་མདོ་ཆོས་དབྱིངས་སྐྱིད་ལབ་མྱོང་ཡོད་མ་རེད། ཁམས་པ་ཚོས་་ངེས་པར་དུ་ཐེངས་འདིའི་ཨ་མདོ་བའི་ཀུ་ཡངས་བསམ་བློ་ལ་རྗེས་སུ་ཡི་རངས་དང་སློབ་སྦྱོངས་བྱེད་འོས་པ་ཞིག་རེད།
བྱ་བཞིན་མགྱོགས་པའི་བྱ་ཁོག་གི་ཞི་མོ་ཆོས་དབྱིངས་སྐྱིད་ཀྱིས་བྱ་དགའ་བླངས་ནས་བྱ་བ་ལེགས་གྲུབ་བྱུང་བར་དགའ་ནས་ཡོད།
ལུས་རྩལ་གྱི་རྒྱལ་ཁ་ནི་ལུས་རྩལ་གྱི་རྒྱལ་ཁ་རང་ལ་རྩིས་ན་ཡག་ཤོས་རེད་ལ། མུ་མཐུད་བོད་རིགས་ཀྱི་རྩེད་འགྲན་པ་འཛམ་གླིང་རིམ་པའི་འགྲན་ཚོགས་ནང་མང་ཙམ་འཛུལ་ཞུགས་ཐུབ་ན་དེ་ནི་མི་རིགས་དེའི་རྒྱལ་ཁ་རླབས་ཆེན་དེ་ཡིན་ངེས། གནས་སྐབས་རིང་ཆབ་སྲིད་ཀྱི་འཆིང་ཐག་དེ་ལས་འགྲོལ་ཐུབ་ན་ཅི་རུང་།
མྱི་དམྱལ་བ་ཁོ་རེ། ཁམས་དང་ཨ་མདོ་འཁྲུག་བ་ཡིན་ན་ཁྱེད་ལ་ཁེ་བབས་ག་རེ་འདུག མདོ་དབུས་ཁམས་ཀྱི་མི་སུ་རྒྱལ་ཡང་བོད་པ་ཡིན་དུས་དགའ་འོས་པ་ཞིག་རེད། མདོ་ན་བོད་ནང་ཁུལ་མ་དཀྲུག་རོགས་གནང་། དྲ་གྲོགས་རྣམ་པར་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་འཐེན་པ་རྣམས་ལ་ཅི་ནས་ཀྱང་གཟབ་རོགས།
དཔྱད་པས་ཁེངས་པའི་བཅན་བྱོལ་པ་ཚོར་ལས་ཀ་གསར་པ་ཞིག་གམ་སྐད་ཆ་བཤད་གཞི་ཞིག་རེག་སོང་བ་རེད། ཕྱི་སaོད་པ་ཚོས་བྱེད་སྟངས་འདི་དག་སེམས་ཤུགས་ཀྱིས་འཁྱེར་ནས་བྱས་པ་ཞིག་ཡིན་མོད། འོན་ཀྱང་འདིས་མཇུག་འབྲས་བུ་མོ་ཆོས་དབྱངས་སྐྱིད་དང་ཁོ་མོ་དང་ཁོ་མོ་ལྟ་བུ་དག་ལ་རྗེས་ཕྱོགས་ལམ་འགོག་ཐེབས་མི་ཡོང་ངམ་སྙམ་ནས་སེམས་ཁྲེལ་ཞིག་ཀྱང་ངང་གིས་ཡོང་གི་འདུག འོན་ཀྱང་ཁྱོད་ཚོས་བྱས་པ་དག་མཐའ་གཅིག་ཏུ་འགྲིག་མི་འདུག་ཅེས་ཞུ་གི་མེད།
བཙན་བྱོལ་ནང་གི་དཔྱད་བརྗོད་པ་ཚོར་ལས་ཀ་གསར་པ་ཞིག་གམ་སྐད་ཆ་བཤད་གཞི་གསར་པ་ཞིག་རེག་སོང་བ་རེད། ཕྱི་སྡོད་པ་ཚོས་བྱེད་སྟངས་འདི་དག་སེམས་ཤུགས་ཀྱིས་འཁྱེར་ནས་བྱས་པ་ཞིག་ཡིན་མོད། འོན་ཀྱང་འདིས་མཇུག་འབྲས་བུ་མོ་ཆོས་དབྱངས་སྐྱིད་དང་ཁོ་མོ་དང་ཁོ་མོ་ལྟ་བུ་དག་ལ་རྗེས་ཕྱོགས་ལམ་འགོག་ཐེབས་མི་ཡོང་ངམ་སྙམ་ནས་སེམས་ཁྲེལ་ཞིག་ཀྱང་ངང་གིས་ཡོང་གི་འདུག འོན་ཀྱང་ཁྱོད་ཚོས་བྱས་པ་དག་མཐའ་གཅིག་ཏུ་འགྲིག་མི་འདུག་ཅེས་ཞུ་གི་མེད།
ཨོྃ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ། ཕྱག་འཚལ་ཆོས་དབྱིངས་མྱུར་མ་དཔའ་མོ།། ཞབས་གཉིས་གཡས་བསྣོལ་གཡོན་བསྣོལ་བྱས་ཏེ།། འཁྱག་འཁྱོག་བྱ་གག་འགྲོས་དང་འདྲ་བར།། ཀུན་ནས་བསྐོར་རྒྱུག་བྱས་ན་མགྱོགས་མ།། ཕྱག་འཚལ་པགས་རྩག་ཡུལ་དུ་ལུས་མ།། ནུ་ཁེབས་མ་གཏོགས་སྟོད་གཡོགས་མེད་མ།། འདོམས་རས་མ་གཏོགས་སྨད་ཤམ་མེད་མ།། ཀུན་ནས་བསྐོར་དགའ་གཅེར་རུར་བརྒྱུགས་མ།། ཕྱག་འཚལ་འཆར་ཀའི་མཚམས་སྤྲིན་དམར་པོའི།། མདོག་དང་ལྡན་པའི་ཞལ་རས་ལྡན་མ།། ལུས་ཡོངས་རྔུལ་ཆུའི་ཐིགས་པས་མཚན་པས།། སྐར་མ་སྟོང་ཕྲག་སྐྱེངས་པ་སྟེར་མ།། ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི།། པད་མ་བཞིན་དུ་འཛུམ་ཁ་གྲོལ་མ།། སྙིང་སྟོབས་ཆེན་པོས་སྡུག་རུས་བྱས་ཏེ།། ཞབས་གཉིས་བསྙུང་ཡང་བཟོད་པ་བསྟེན་མ།། ཤུགས་བརྒྱབ་ཟེར་བའི་བོད་སྐད་གོ་དུས།། སྤྱན་ལ་སྤྱན་ཆབ་ཀུན་ཏུ་འཁྲིགས་མ།། བོད་མི་རྣམས་ཀྱི་འབོད་སྐད་ཆེན་པོས།། ཐུགས་ལ་སྔར་མེད་སྟོབས་ཤུགས་འཁྲུངས་མ།། ཕྱག་འཚལ་དྷརྨ་དྷ་ཐོའི་མཚན་ཅན།། བོད་མི་ཀུན་ལ་དགའ་བ་སྟེར་མ།། ལམ་ཐག་རིང་པོ་ཞབས་ཀྱིས་མནན་ཏེ།། རྟ་བཞིན་འདུར་བས་ཀུན་ཡིད་འགུགས་མ།། ཕྱག་འཚལ་རིགས་ཞེན་ཐུགས་ལ་འཁྲུངས་པས།། རྒྱ་མོ་ལིག་ཧོང་རྗེས་སུ་བསྐྱུར་མ།། གྲགས་ཆེན་རྒྱ་མོའི་ཤར་གླིང་ཟིན་ཐོ།། དབུགས་ཐེངས་གཅིག་གིས་ཡོངས་སུ་གཏོར་མ།། ཕྱག་འཚལ་ས་ལ་ཞབས་ཀྱིས་བསྣུན་ཞིང།། བརྒྱུགས་ན་སྟོང་གསུམ་ཟིལ་གྱིས་གནོན་མ།། རི་རབ་མན་དྷ་ར་དང་འབིགས་བྱེད།། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།། ཕྱག་འཚལ་རབ་ཏུ་དགའ་བ་བགྱིད་པའི།། ཟངས་ཀྱི་རྟགས་མ་ཐོབ་པ་ཉིད་མ།། རྒྱལ་ཁའི་མཚོན་བྱེད་མཛུབ་མོ་གཉིས་ཀ།། གནམ་ལ་ཀེར་ཅིང་འཛུམ་པ་ཉིད་མ།། ཕྱག་འཚལ་ཁ་ལས་རླུང་རྟ་དར་མ།། སྐུ་ལ་བསྙུང་གཞི་མེད་པར་ཤོག་ཅིག། ཕྱག་འཚལ་མཚན་སྙན་ཀུན་ཏུ་རྒྱས་མ།། ཐུགས་བཞེད་མ་ལུས་ལྷན་གྱིས་འགྲུབ་ཤོག།
ཆོས་དབྱིངས་སྐྱིད་ཀྱི་སྐོར་ལ་བརྙན་འཕྲིན་ཞིག་བཟོས་ཡོད་པ་དགའ་སོང་། གང་ཡིན་ཟེར་ན། མོ་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་དོན་ཆེན་རེད། ལྷག་པར་དུ། དུས་ཐོག་ཏུ་བཟོ་གནང་བར་ཡི་རངས་ཞུ། གང་ལེགས་ཟེར་ན། མོ་ནི་བོད་པ་གཙང་མ་ཞིག་དང་བོད་སྐད་ཤེས་མཁན་ཞིག དེ་ལས་ཀྱང་འབྲོག་མོ་ཞིག་ཡིན་པ་སོགས་བོད་པ་ཚང་མས་ཤེས་ན་ཡག་གི་རེད། རྒྱ་གཞུང་གིས་མོ་རྩེད་འགྲན་བཏང་བར་ཆབ་སྲིད་ཀྱི་སླད་ཞུགས་ཡོད་པ་ཚང་མས་ཤེས་ནི་རེད་དེ། བོད་པ་ཚོས་མོ་བོད་པ་ཞིག་ཡིན་པ་དང་མོ་རང་གི་ལོ་རྒྱུས་ལ་ངོས་འཛིན་ཞིག་གལ་ཆེན་དོན་ཆེན་རེད་ཡ། རྒྱུ་མཚན་གང་གིས་ཟེར་ན། མོ་རང་བུ་མོ་ཧུར་བརྩོན་ཅན་ཞིག་མཐོང་སོང་། མོའི་སེམས་ཁམས་སུ་བོད་པ་ཡིན་པའི་གདེང་ཚོད་སླེབས་ན་ཡག་གི་རེད
བཀྲ་ཤིས་བདེ་ལགས་ཕུན་སུམ་ཚོགས། རྗེས་སུ་ཡི་རང་དང་། རྗེས་སུ་སླར་ཡང་དེ་འདྲ་མང་པོ་འཐོན་ཐུབ་པའི་སྨོན་ལམ་ཡོད། ཨང་གསུམ་པའི་རྟགས་མ་Bronze metal. ཞེས་པ་ལིའི་རྟགས་མ་ཞེས་བརྗོད་དགོས་པ་འདྲ། གལ་སྲིད་ཟངས་ཀྱི་རྟགས་མ་ཡིན་ན་ Copper metal ཞེས་བརྗོད་དགོས་པ་མིན་ནམ།
ཚོས་དབྱིངས་སྐྱིད་བོད་མི་རེད་ལ་བོད་མིའི་གཟི་བརྗིད་ཀྱང་ལོས་ཡིན། འོན་ཏེ་ཆོས་དབྱིངས་སྐྱིད་རང་སར་བཞག་ན་ཡག་གི་རེད། ཡར་མར་འཐེན་དགོས་མ་རེད། ཡང་བཙན་བྱོལ་བ་ཚོས་བསམ་མེད་ཀྱི་ལས་ཀ་འདྲ་མ་བྱེད་རོགས་གནང་། ཁྱོད་ཚོར་སེམས་ཡོད་ན། ཁྱོད་ཚོས་ཐག་ཙམ་བལྟ་ཤེས་ན།
འཛམ་གླིང་གོམ་རྒྱུག་ཨང་གསུམ་ལོན་མ། ། ལི་མའི་རྟགས་མ་ཐོག་མ་ཐོབ་མ། ། ཆོལ་གསུམ་བོད་རིགས་དགའ་བ་གཏེར་མ། ། ཆོས་དབྱིངས་སྐྱིད་ལ་བསྟོད་ཚིགས་བཞི་མ། །
ཕྱག་འཚལ་ཆོས་དབྱིངས་མྱུར་མ་དཔལ་མོ། རང་ཡུལ་གངས་ལྗོངས་བོད་ལ་སྐྱེས་མ། གངས་རིའི་ངོ་སོ་རྒྱ་ལ་སྟེར་མ། དགྲ་དགའ་གཉེན་སྡུག་ལས་ལ་བརྩོན་མ། གཉེན་གྱི་གཟེངས་རྟགས་དགྲ་ལ་ཕུལ་མ། བོད་མི་ཀླད་མེད་ཕྱག་འཚལ་ཡུལ་མ། གོས་མེད་གཅེར་བུ་འདུར་རྒྱུགས་བྱེད་མ། ཆགས་ལྡན་གྲྭ་གཞོན་འདོད་ཆགས་སློང་མ། གཞོན་ནུ་ཨ་གསར་འབོད་སྒྲའི་ཡུལ་མ། འདུར་རྒྱགས་རྒྱ་མིའི་ལས་དོན་སྒྲུབ་མ། ན་གཞོན་རང་ཚུགས་དབང་མེད་གཏོར་མ། རང་སྲེག་ཛ་དྲག་ཟིལ་གྱིས་ནོན་མ། རེ་ཞིག་བོད་དོན་ངལ་གསོ་སྟེར་མ། བསམ་མེད་བོད་མི་ཁྱུ་ཚོགས་མགོན་མ། བསམ་ཡོད་བོད་མིའི་སྙིང་རྗེ་ཡུལ་མ།
ན་གཞོན་སྒྱུ་རྩལ་པ་རྟ་མགྲིན་ལགས་ཀྱིས་ཆོས་དབྱངས་སྐྱིད་ཀྱི་བརྙན་ཐུང་ལོ་རྒྱུས་སུ་བཀོད་པའི་གཞས་དབྱངས་སྙན་པོ་འདིར་བཀོད་པར་ཐུགས་རྗེ་ཆེ།
ལུས་རྩལ་འགྲན་སྡུར་དང་ཆབ་སྲིད་འགྲན་སྡུར་གཉིའ་མ་སྲས་ན་ཡག་པོ་རེད། མ་འོངས་པར་བོད་ནང་གི་བོད་མི་ཚོའི་མདུན་ལམ་ལ་གནོད་རྒྱུ་ལས་མ་འདས། ཕྱི་རོལ་ན་བཞུགས་པའི་བོད་མི་ཚོས་གཟབ་གཟབ་གནང་རོགས་མཁྱེན་མཁྱེན། མཁྱེན།།
གལ་སྲིད་ཆོས་དབྱིངས་སྐྱིད་ཁམས་མོ་ཞིག་ཡིན་ན་དེང་སྐབས་ཁམས་པ་ཚོས་བོད་རང་བཙན་རེག་པ་་བཞིན་ག་ས་གང་དུ་ཁམས་པ་ཆོས་དབྱིངས་སྐྱིད་ཅེས་བླུན་རྟགས་གྲངས་མེད་ཅིག་སྟོན་གི་ཡོད་པ་ཐག་བཅད་ནས་བཤད་ཆོག་པ་ཞིག་རེད། ཨ་མདོ་བ་ཚོས་ཆོས་དབྱིངས་སྐྱིད་ལ་ད་ལྟའི་བར་དུ་ཨ་མདོ་ཆོས་དབྱིངས་སྐྱིད་ལབ་མྱོང་ཡོད་མ་རེད། ཁམས་པ་ཚོས་་ངེས་པར་དུ་ཐེངས་འདིའི་ཨ་མདོ་བའི་ཀུ་ཡངས་བསམ་བློ་ལ་རྗེས་སུ་ཡི་རངས་དང་སློབ་སྦྱོངས་བྱེད་འོས་པ་ཞིག་རེད།
བྱ་བཞིན་མགྱོགས་པའི་བྱ་ཁོག་གི་ཞི་མོ་ཆོས་དབྱིངས་སྐྱིད་ཀྱིས་བྱ་དགའ་བླངས་ནས་བྱ་བ་ལེགས་གྲུབ་བྱུང་བར་དགའ་ནས་ཡོད།
ཨ་ཅེ་ལགས་ངས་ཁྱེད་ལ་སྙིང་ནས་དགའ་བསུ་དང་རྟེན་འགྲེལ་ཞུ།
ལུས་རྩལ་གྱི་རྒྱལ་ཁ་ནི་ལུས་རྩལ་གྱི་རྒྱལ་ཁ་རང་ལ་རྩིས་ན་ཡག་ཤོས་རེད་ལ། མུ་མཐུད་བོད་རིགས་ཀྱི་རྩེད་འགྲན་པ་འཛམ་གླིང་རིམ་པའི་འགྲན་ཚོགས་ནང་མང་ཙམ་འཛུལ་ཞུགས་ཐུབ་ན་དེ་ནི་མི་རིགས་དེའི་རྒྱལ་ཁ་རླབས་ཆེན་དེ་ཡིན་ངེས།
གནས་སྐབས་རིང་ཆབ་སྲིད་ཀྱི་འཆིང་ཐག་དེ་ལས་འགྲོལ་ཐུབ་ན་ཅི་རུང་།
གནས་སྐབས་རིང་ཆབ་སྲིད་ཀྱི་འཆིང་ཐག་དེ་ལས་འགྲོལ་ཐུབ་ན་ཅི་མ་རུང་།
མྱི་དམྱལ་བ་ཁོ་རེ། ཁམས་དང་ཨ་མདོ་འཁྲུག་བ་ཡིན་ན་ཁྱེད་ལ་ཁེ་བབས་ག་རེ་འདུག མདོ་དབུས་ཁམས་ཀྱི་མི་སུ་རྒྱལ་ཡང་བོད་པ་ཡིན་དུས་དགའ་འོས་པ་ཞིག་རེད། མདོ་ན་བོད་ནང་ཁུལ་མ་དཀྲུག་རོགས་གནང་། དྲ་གྲོགས་རྣམ་པར་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་འཐེན་པ་རྣམས་ལ་ཅི་ནས་ཀྱང་གཟབ་རོགས།
དཔྱད་པས་ཁེངས་པའི་བཅན་བྱོལ་པ་ཚོར་ལས་ཀ་གསར་པ་ཞིག་གམ་སྐད་ཆ་བཤད་གཞི་ཞིག་རེག་སོང་བ་རེད། ཕྱི་སaོད་པ་ཚོས་བྱེད་སྟངས་འདི་དག་སེམས་ཤུགས་ཀྱིས་འཁྱེར་ནས་བྱས་པ་ཞིག་ཡིན་མོད། འོན་ཀྱང་འདིས་མཇུག་འབྲས་བུ་མོ་ཆོས་དབྱངས་སྐྱིད་དང་ཁོ་མོ་དང་ཁོ་མོ་ལྟ་བུ་དག་ལ་རྗེས་ཕྱོགས་ལམ་འགོག་ཐེབས་མི་ཡོང་ངམ་སྙམ་ནས་སེམས་ཁྲེལ་ཞིག་ཀྱང་ངང་གིས་ཡོང་གི་འདུག
འོན་ཀྱང་ཁྱོད་ཚོས་བྱས་པ་དག་མཐའ་གཅིག་ཏུ་འགྲིག་མི་འདུག་ཅེས་ཞུ་གི་མེད།
བཙན་བྱོལ་ནང་གི་དཔྱད་བརྗོད་པ་ཚོར་ལས་ཀ་གསར་པ་ཞིག་གམ་སྐད་ཆ་བཤད་གཞི་གསར་པ་ཞིག་རེག་སོང་བ་རེད། ཕྱི་སྡོད་པ་ཚོས་བྱེད་སྟངས་འདི་དག་སེམས་ཤུགས་ཀྱིས་འཁྱེར་ནས་བྱས་པ་ཞིག་ཡིན་མོད། འོན་ཀྱང་འདིས་མཇུག་འབྲས་བུ་མོ་ཆོས་དབྱངས་སྐྱིད་དང་ཁོ་མོ་དང་ཁོ་མོ་ལྟ་བུ་དག་ལ་རྗེས་ཕྱོགས་ལམ་འགོག་ཐེབས་མི་ཡོང་ངམ་སྙམ་ནས་སེམས་ཁྲེལ་ཞིག་ཀྱང་ངང་གིས་ཡོང་གི་འདུག
འོན་ཀྱང་ཁྱོད་ཚོས་བྱས་པ་དག་མཐའ་གཅིག་ཏུ་འགྲིག་མི་འདུག་ཅེས་ཞུ་གི་མེད།
ཁྱེད་ཀྱི་འཛུམ་མདངས་ནི་བོད་མི་རིགས་ཀྱི་རྒྱལ་ཁ་ཡིན། ཐུགས་རྗེ་ཆེ།
མཆན་གསུམ་པ་ལགས། བོད་མི་དམངས་སྤྱི་མཐུས་ཚོགས་གཙོ་མཆོག་གི་གསུང་བཤད་ནང་དུ་ཁྱེད་རང་གི་ཞེ་འདོད་བཞིན་འདུག།
ཨོྃ་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལ་ཕྱག་འཚལ་ལོ།
ཕྱག་འཚལ་ཆོས་དབྱིངས་མྱུར་མ་དཔའ་མོ།།
ཞབས་གཉིས་གཡས་བསྣོལ་གཡོན་བསྣོལ་བྱས་ཏེ།།
འཁྱག་འཁྱོག་བྱ་གག་འགྲོས་དང་འདྲ་བར།།
ཀུན་ནས་བསྐོར་རྒྱུག་བྱས་ན་མགྱོགས་མ།།
ཕྱག་འཚལ་པགས་རྩག་ཡུལ་དུ་ལུས་མ།།
ནུ་ཁེབས་མ་གཏོགས་སྟོད་གཡོགས་མེད་མ།།
འདོམས་རས་མ་གཏོགས་སྨད་ཤམ་མེད་མ།།
ཀུན་ནས་བསྐོར་དགའ་གཅེར་རུར་བརྒྱུགས་མ།།
ཕྱག་འཚལ་འཆར་ཀའི་མཚམས་སྤྲིན་དམར་པོའི།།
མདོག་དང་ལྡན་པའི་ཞལ་རས་ལྡན་མ།།
ལུས་ཡོངས་རྔུལ་ཆུའི་ཐིགས་པས་མཚན་པས།།
སྐར་མ་སྟོང་ཕྲག་སྐྱེངས་པ་སྟེར་མ།།
ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི།།
པད་མ་བཞིན་དུ་འཛུམ་ཁ་གྲོལ་མ།།
སྙིང་སྟོབས་ཆེན་པོས་སྡུག་རུས་བྱས་ཏེ།།
ཞབས་གཉིས་བསྙུང་ཡང་བཟོད་པ་བསྟེན་མ།།
ཤུགས་བརྒྱབ་ཟེར་བའི་བོད་སྐད་གོ་དུས།།
སྤྱན་ལ་སྤྱན་ཆབ་ཀུན་ཏུ་འཁྲིགས་མ།།
བོད་མི་རྣམས་ཀྱི་འབོད་སྐད་ཆེན་པོས།།
ཐུགས་ལ་སྔར་མེད་སྟོབས་ཤུགས་འཁྲུངས་མ།།
ཕྱག་འཚལ་དྷརྨ་དྷ་ཐོའི་མཚན་ཅན།།
བོད་མི་ཀུན་ལ་དགའ་བ་སྟེར་མ།།
ལམ་ཐག་རིང་པོ་ཞབས་ཀྱིས་མནན་ཏེ།།
རྟ་བཞིན་འདུར་བས་ཀུན་ཡིད་འགུགས་མ།།
ཕྱག་འཚལ་རིགས་ཞེན་ཐུགས་ལ་འཁྲུངས་པས།།
རྒྱ་མོ་ལིག་ཧོང་རྗེས་སུ་བསྐྱུར་མ།།
གྲགས་ཆེན་རྒྱ་མོའི་ཤར་གླིང་ཟིན་ཐོ།།
དབུགས་ཐེངས་གཅིག་གིས་ཡོངས་སུ་གཏོར་མ།།
ཕྱག་འཚལ་ས་ལ་ཞབས་ཀྱིས་བསྣུན་ཞིང།།
བརྒྱུགས་ན་སྟོང་གསུམ་ཟིལ་གྱིས་གནོན་མ།།
རི་རབ་མན་དྷ་ར་དང་འབིགས་བྱེད།།
འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།།
ཕྱག་འཚལ་རབ་ཏུ་དགའ་བ་བགྱིད་པའི།།
ཟངས་ཀྱི་རྟགས་མ་ཐོབ་པ་ཉིད་མ།།
རྒྱལ་ཁའི་མཚོན་བྱེད་མཛུབ་མོ་གཉིས་ཀ།།
གནམ་ལ་ཀེར་ཅིང་འཛུམ་པ་ཉིད་མ།།
ཕྱག་འཚལ་ཁ་ལས་རླུང་རྟ་དར་མ།།
སྐུ་ལ་བསྙུང་གཞི་མེད་པར་ཤོག་ཅིག།
ཕྱག་འཚལ་མཚན་སྙན་ཀུན་ཏུ་རྒྱས་མ།།
ཐུགས་བཞེད་མ་ལུས་ལྷན་གྱིས་འགྲུབ་ཤོག།
ཆོས་དབྱིངས་སྐྱིད་ཀྱི་སྐོར་ལ་བརྙན་འཕྲིན་ཞིག་བཟོས་ཡོད་པ་དགའ་སོང་། གང་ཡིན་ཟེར་ན། མོ་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་དོན་ཆེན་རེད།
ལྷག་པར་དུ། དུས་ཐོག་ཏུ་བཟོ་གནང་བར་ཡི་རངས་ཞུ།
གང་ལེགས་ཟེར་ན། མོ་ནི་བོད་པ་གཙང་མ་ཞིག་དང་བོད་སྐད་ཤེས་མཁན་ཞིག དེ་ལས་ཀྱང་འབྲོག་མོ་ཞིག་ཡིན་པ་སོགས་བོད་པ་ཚང་མས་ཤེས་ན་ཡག་གི་རེད།
རྒྱ་གཞུང་གིས་མོ་རྩེད་འགྲན་བཏང་བར་ཆབ་སྲིད་ཀྱི་སླད་ཞུགས་ཡོད་པ་ཚང་མས་ཤེས་ནི་རེད་དེ། བོད་པ་ཚོས་མོ་བོད་པ་ཞིག་ཡིན་པ་དང་མོ་རང་གི་ལོ་རྒྱུས་ལ་ངོས་འཛིན་ཞིག་གལ་ཆེན་དོན་ཆེན་རེད་ཡ།
རྒྱུ་མཚན་གང་གིས་ཟེར་ན། མོ་རང་བུ་མོ་ཧུར་བརྩོན་ཅན་ཞིག་མཐོང་སོང་། མོའི་སེམས་ཁམས་སུ་བོད་པ་ཡིན་པའི་གདེང་ཚོད་སླེབས་ན་ཡག་གི་རེད
བཀྲ་ཤིས་བདེ་ལགས་ཕུན་སུམ་ཚོགས། རྗེས་སུ་ཡི་རང་དང་། རྗེས་སུ་སླར་ཡང་དེ་འདྲ་མང་པོ་འཐོན་ཐུབ་པའི་སྨོན་ལམ་ཡོད། ཨང་གསུམ་པའི་རྟགས་མ་Bronze metal. ཞེས་པ་ལིའི་རྟགས་མ་ཞེས་བརྗོད་དགོས་པ་འདྲ། གལ་སྲིད་ཟངས་ཀྱི་རྟགས་མ་ཡིན་ན་ Copper metal ཞེས་བརྗོད་དགོས་པ་མིན་ནམ།
ཚོས་དབྱིངས་སྐྱིད་བོད་མི་རེད་ལ་བོད་མིའི་གཟི་བརྗིད་ཀྱང་ལོས་ཡིན། འོན་ཏེ་ཆོས་དབྱིངས་སྐྱིད་རང་སར་བཞག་ན་ཡག་གི་རེད། ཡར་མར་འཐེན་དགོས་མ་རེད། ཡང་བཙན་བྱོལ་བ་ཚོས་བསམ་མེད་ཀྱི་ལས་ཀ་འདྲ་མ་བྱེད་རོགས་གནང་། ཁྱོད་ཚོར་སེམས་ཡོད་ན། ཁྱོད་ཚོས་ཐག་ཙམ་བལྟ་ཤེས་ན།
bronze medal ལ། ལིའི་རྟགས་མ། ཞེས་དགོས་པ་བདེན་པ་འདུག
འཛམ་གླིང་གོམ་རྒྱུག་ཨང་གསུམ་ལོན་མ། །
ལི་མའི་རྟགས་མ་ཐོག་མ་ཐོབ་མ། །
ཆོལ་གསུམ་བོད་རིགས་དགའ་བ་གཏེར་མ། །
ཆོས་དབྱིངས་སྐྱིད་ལ་བསྟོད་ཚིགས་བཞི་མ། །
ཕྱག་འཚལ་ཆོས་དབྱིངས་མྱུར་མ་དཔལ་མོ།
རང་ཡུལ་གངས་ལྗོངས་བོད་ལ་སྐྱེས་མ།
གངས་རིའི་ངོ་སོ་རྒྱ་ལ་སྟེར་མ།
དགྲ་དགའ་གཉེན་སྡུག་ལས་ལ་བརྩོན་མ།
གཉེན་གྱི་གཟེངས་རྟགས་དགྲ་ལ་ཕུལ་མ།
བོད་མི་ཀླད་མེད་ཕྱག་འཚལ་ཡུལ་མ།
གོས་མེད་གཅེར་བུ་འདུར་རྒྱུགས་བྱེད་མ།
ཆགས་ལྡན་གྲྭ་གཞོན་འདོད་ཆགས་སློང་མ།
གཞོན་ནུ་ཨ་གསར་འབོད་སྒྲའི་ཡུལ་མ།
འདུར་རྒྱགས་རྒྱ་མིའི་ལས་དོན་སྒྲུབ་མ།
ན་གཞོན་རང་ཚུགས་དབང་མེད་གཏོར་མ།
རང་སྲེག་ཛ་དྲག་ཟིལ་གྱིས་ནོན་མ།
རེ་ཞིག་བོད་དོན་ངལ་གསོ་སྟེར་མ།
བསམ་མེད་བོད་མི་ཁྱུ་ཚོགས་མགོན་མ།
བསམ་ཡོད་བོད་མིའི་སྙིང་རྗེ་ཡུལ་མ།
ཐུགས་རྗེ་ཆེ། ཡག་པོ་བསྒྲིགས་འདུག ཡིན་ནའང་། འཛུམ་མདངས་ཀྱིས་ཨང་གསུམ་པ་བླངས་པ་མ་རེད། དེའང་མཁྱེན་གལ་ཆེ།