Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངེད་ཀྱི་ཁ་བརྡ།

Posted on 2008-07-30 By དགེ་རབ་ 2 Comments on ངེད་ཀྱི་ཁ་བརྡ།

སྐར་ཆེན།
ལས་འབྲས་མེ་ཏོག་ཆུ་བོའི་གཞུང་ལ་མ་སྟོར།།
ཕ་མའི་བཀའ་དྲིན་རྡོག་པའི་སྣེ་མོར་མ་འདོགས༌།།
གཞོན་པའི་མི་ཚེ་སྟོང་སེམས་རླུང་ལ་མ་བསྐུར༌།།
རང་གི་སྙིང་ལ་ལྕགས་ཀྱི་རུས་བ་འཇུག་རོགས།

ཁྱེད་ཀྱི་སྡུག་བསྔལ་གཞན་ལ་བདེ་བ་ཆགས་ཅིང༌།།
གཞན་གྱི་བདེ་བ་ཁྱེད་ལ་སྡུག་བསྔལ་ཆགས་དུས།།
རྟེན་འབྱུང་སྟོང་ཉིད་སེམས་ལ་གོམས་པ་མེད་ཀྱང༌།།
འཇིག་རྟེན་དངོས་པོའི་གཤིས་ལ་ངེས་རྟོགས་རྙེད་དགོས།།

མི་བུ་རང་ཚུགས་ཅན་ཞིག་ཁྱེད་རང་ཡིན་ན།།
རྒྱུ་འབྱོར་གོ་ཐོབ་ཅན་ཞིག་ཁྱེད་རང་མིན་ཡང༌།།
མི་ལུས་ཐེངས་གཅིག་བླངས་བའི་མི་ཡུལ་འདི་ནས།།
རང་གི་མགོ་བོ་གཞན་གྱི་སྐེ་ལ་མ་བསྐོན།།

རང་ཡུལ་དགྲ་ལ་ཤོར་བའི་འགྲོ་ཉེས་ཤིག་གིས།།
ཁྱེད་ཀྱི་ལྕེ་འདི་རྒྱ་དབྱིན་སྐད་ལ་ལྐུགས་ཀྱང༌།།
དབྱངས་གསལ་སོ་བཞི་ཟེར་བའི་བོད་ཡིག་འདི་ལ།།
རང་གི་གཅེས་བའི་སྲོག་ལས་གཅེས་བར་གཉོར་རོགས།།

ཐོས་མཐོང་ཅུང་ཙམ་ཡོད་པའི་མིག་རྒྱང་དེ་ཡིས།།
རིག་པའི་ས་རྒྱ་ཆེན་པོ་ཁད་ཀྱི་མི་ཆོད།།
མཁས་མྱོང་ཞི་དུལ་ཅན་ཞིག་ཁྱེད་རང་ཡིན་ན།།
འཇིག་རྟེན་བླང་དོར་ལུགས་ལ་འཇུག་པ་ཡངས་དགོས།།

འབྲི་ཀློག་ཅུང་ཙམ་ཤེས་བའི་ང་རྒྱལ་དེ་ཡིས།།
གཞན་གྱི་རིགས་ལ་ཁབ་བཙགས་འབིག་བཙགས་མ་བྱེད།།
རྣམ་དཔྱོད་རྣོ་ཁ་ཅན་ཞིག་ཁྱེད་རང་ཡིན་ན༌།།
རྒྱལ་ཁམས་རིག་པའི་རྐང་རྗེས་ས་ལ་འཇོག་དགོས།།

སྐྱིད་སྡུག་ཕན་ཚུན་འདྲེས་བའི་མི་ཡུལ་འདི་ནས།།
ན་ཆུང་བརྩེ་དུང་ཟེར་བའི་སྒྲིབ་གཡོགས་དེ་དང༌།།
ཕོ་མོའི་འདོད་ཆགས་ཟེར་བའི་འཁྲིག་སྲེད་འདི་ཡིས།།
སེམས་པ་རླུང་ལ་བཏེགས་པ་གྲངས་ཀྱིས་མི་ལོང༌།།

དེང་རབས་རིག་གནས་ཟེར་བའི་དྲགས་རླབས་ཤིག་གིས།།
རྐང་གཉིས་འགྲོ་རྣམས་མུན་ནག་ཁྲོམ་ལ་དེད་སོང༌།།
དཔལ་དང་གོ་ཐོབ་ཟེར་བའི་ཐོ་བ་དེ་ཡིས།།
ཉམ་ཆུང་མི་ཡི་སྒལ་ཚིགས་ཐང་ལ་གཏོར་སོང༌།།

གཞིས་ནས་བྱེས་ལ་གྱར་བའི་ལྡོམ་པོ་ཞིག་གིས།།
བྱེས་ནས་ནུབ་ལ་གྱར་བའི་མི་བུ་ཞིག་གིས།།
མཐོང་ཐོས་ཅུང་ཙམ་བསགས་པའི་རྨོངས་འཆར་ཙམ་ཞིག།
གཞན་གྱི་ཟས་རིན་དོད་དུ་ཁྱེད་ལ་བསྐུར་ཡོད།།

སྙན་ངག

Post navigation

Previous Post: དགེ་བསྐོས་བཙན་པོ་འཕྲོས་པའི་གསལ་བཤད་ཉུང་ངུ༌།
Next Post: ཨ་ཁུ་པད་མ། ལོང་བ་ལོ་ཙཱ་བ་ཞིག་གི་མི་ཚེའི་ལོ་རྒྱུས།

Comments (2) on “ངེད་ཀྱི་ཁ་བརྡ།”

  1. མགོན་པོ་ཕྱག་གཉིས་པ། says:
    2008-07-30 at 11:43 am

    རང་གི་དོན་ལྔ་སྣོད་དྲུག་བར་རྨ་ཡིས་ཁེངས་ཏེ་སྣག་ཁྲག་འཛགས་པ་དང་མགོ་ཡི་ཀླད་པ་རུལ་ནས་འབུ་བརྒྱབ་ཡོད་ཀྱང་དེ་མི་ཚོར་བར་གཞན་ལ་བསླབ་བྱ་རྐྱང་བརྒྱབ་ཡོང་བ་འདི་རིང་མོ་ཞིག་ནས་བརྒྱུད་ཡོང་བའི་ང་ཚོའི་ཐུན་མོང་མ་ཡིན་པའི་གོམས་སྲོལ་ཞིག་རེད། ཡག་པོ་རེད། མུ་མཐུད་དུ་དེ་འདྲ་ཕྲིས།

  2. གཡག་ལྡོམ says:
    2008-07-31 at 12:31 am

    ཁ་བརྡ་ཞིག་ཡིན་ཚེ་ཕན་ཚུན་བར་གྱི་འདོད་ཚད་རྗེས་ལེན་ཞིག་གི་ཁྱབ་ལ། གོང་ནས་བྱུང་བའི་་་ངེད་ཀྱི་ཁ་བརྡ་ཞེས་པ་དེ་ཡང་ལྷགས་བསམ་ལྷད་མེད་ཀྱི་བོད་མི་ཞིག་གི་རང་གི་ཤེས་ཚུལ་བསམ་ཚུལ་གྱི་ཁ་བརྡ་ཞིག་ཡིན་པས་། དོན་ལྔ་སྣོད་དྲུག་བར་རྨ་ཡིས་ཁེངས་ཏེ་སྣག་ཁྲག་འཛགས་པའི་དཔེ་དང་སྦྱོར་དོན་ཡང་མེད་ལ་། འགྲོ་ཡང་མི་འགྲོ།
    རྒྱུ་ནོར་ལོང་སྤྱོད་དང་ཤེས་བྱ་ཡོན་ཏན་གྱི་ཁྱད་པར་ཏོག་ཙམ་ཤོར་ཚེ་གཞན་པ་དེ་རྐང་བའི་ལྡོག་འོག་དུ་གནོན་པ་འདི་ཡང་རིང་མོ་ཞིག་ནས་བརྒྱུད་ཡོང་བའི་ང་ཚོའི་ཐུན་མོང་མ་ཡིན་པའི་གོམས་སྲོལ་ཞིག་རེད། ཡག་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (51)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme