Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩེད་མོ་དང་རིགས་ཞེན།

Posted on 2012-08-142012-08-14 By ཁ་བརྡ་ 19 Comments on རྩེད་མོ་དང་རིགས་ཞེན།

རུ་ཤུལ་བུ།

ཕྱི་ཚེས་བཅུ་གཅིག་ཉིན་དབྱིན་ཅི་རྒྱལ་ས་ལོན་ཏྲོན་ནས་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་འཛམ་གླིང་རྩེད་ཐང་དུ་བོད་པ་ཚང་ལ་གོ་སྐབས་ཡོད་ན་མི་རིགས་གཞན་དང་གཅིག་མཚུངས་ཡིན་པས་དཔང་རྟགས་སུ་རྒྱ་མོ་དག་གི་ཕྲག་གདང་ལ་རྐང་པ་བཞག་ནས་བོད་པ་ཚང་གི་ལོ་རྒྱུས་ལ་དངུལ་གྱིས་རྟགས་མ་ཞིག་གིས་ཟིན་ཐོ་བཀོད་པ་དེ་འུ་ཅག་ཚང་མ་དགའ་འོས་པའི་དོན་བཟང་ཞིག་ཅི་ལ་མིན། ཕྱི་ཚེས་བཅུ་གསུམ་ཉིན་ནས་མདོ་སྨད་རྨ་ཆུའི་ཡུལ་དུ་གེ་སར་རྟ་རྒྱུག་འགྲན་ཚོགས་ཆེན་མོ་འགོ་ཚུགས་ཡོད་འདུག རྟ་རྒྱུག་འགྲན་ཚོགས་འདི་ལ་དྲ་བ་ཁག་དང་wechatསོགས་སུ་གླེང་སྣ་ཚོགས་ཤིག་བཤད་ཀྱིན་ཡོད་དེ་འགའ་རེས་སྡུག་གི་ཁུ་བོ་མ་ཐེགས་པའི་སྐབས་འདིར་སྐྱིད་ཀྱི་རྟ་ཁ་བསྒྲིགས་ན་མི་འགྲིག་ཚུལ་དང་ཡངའགའ་རེས་བྱ་བ་གང་ལ་ཐུག་ཀྱང་བོད་པའི་རིག་གཞུང་ཅི་ཡོད་ལ་བདག་པོ་མ་བརྒྱབ་ན་ཉིན་ཞིག་གཞན་ལ་སྐད་ཆ་འདྲི་བའི་དུས་ཤིག་བྱུང་མི་སྲིད་པའི་ངེས་པ་མི་འདུག མ་ཟད་བོད་འབྲོག་དམངས་ཀྱི་འཚོ་དང་དཔལ་འབྱོར་སོགས་ཀྱི་ཆེད་དུ་གོ་སྐབས་ཅི་ཡོད་འཆོར་དུ་འཇུག་མི་རུང་ཟེར། རྨ་ཆུའི་རྟ་རྒྱུག་སྐབས་རྩེད་རིགས་སྣ་ཚོགས་ཤིག་ཡོད་ལ་རྟ་རྒྱུག་ལའང་རིགས་དུ་མ་ཞིག་ཡོད་པ་མཆོད་མེད་དྲ་བ་ལས་འདིར་དྲངས་ན་“རྟ་གཤིབ་ཀྱི་ཕ་ས་སྟེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་ཉིན་ལྔའི་རིང་དུ་གེ་སར་རྟ་རྒྱུག་འགྲན་ཚོགས་སྤེལ་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲན་ཚོགས་ལ་སྨི༡༠༠༠དང་། སྨི༢༠༠༠། སྨི༣༠༠༠བཅས་ཀྱི་རྟའི་མགྱོགས་ཚད་འགྲན་སྡུར་དང་། སྨི༥༠༠༠དང་སྨི༡༠༠༠༠ཡི་རྟའི་རྒྱུག་ཤུགས་འགྲན་སྡུར་བཅས་རིགས་ཆེ་བ་གཉིས་སུ་ཡོད་ཅིང་། བྱ་དགའི་དངུལ་གྲངས་ཁྱོན་སྡོམ་སྒོར་ཁྲི༥༨དང་། རྣམ་གྲངས་རྐྱང་མའི་བྱ་དགའ་ཆེས་མཐོ་བའི་དངུལ་གྲངས་སྒོར་ཁྲི༡༠ཡིན་པ་རེད། མིག་སྔའི་བར་དུ་ཞིན་ཅང་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན་བཅས་ཀྱི་རྫོང་ཁག༢༢ལ་འབྲེལ་བ་བྱས་ནས་རྟ༨༠༠ལ་ཉེ་བ་འགྲན་སྡུར་དུ་ཞུགས་རྒྱུ་རེད། ”ཡང་རྩེད་རིག་གི་སྐྱོར་ལ་“འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་རྨ་ཆུ་རྫོང་གིས་རྟ་རྒྱུག་འགྲན་སྡུར་དང་བསྡོངས་ནས། རྨ་ཆུའི་འབྲོག་ཁྱིའི་འགྲེམ་སྡུར་སྐབས་དང་པོའམ་རིག་གནས་གླེང་སྟེགས་དང་། ཆིན་རྒྱལ་རབས་ཀྱི་རྫ་བཟོས་དམག་རྟ་དང་རྨ་ཆུའི་རྟའི་ཞིབ་འཇུག་བརྗོད་གཞིར་བྱས་པའི་གླེང་སྟེགས། བོད་ཀྱི་སྲོལ་རྒྱུན་གྱི་རྟ་ཐོག་སྤོ་ལོ། གེ་སར་སྒྲུང་བཤད། སྒྲ་སྙན་རྡུང་ལེན་སོགས་ཀྱི་བྱ་འགུལ་ཚར་དུ་དངར་བ་སྤེལ་རྒྱུ་རེད།”ཁ་རྩང་ཕྱི་ཚེས་བཅུ་གསུམ་ཉིན་ངོས་སུ་རྟ་རྒྱུག་འགྲན་ཚོགས་འགོ་བཙུགས་ནས་དང་པོ་སྨི་༡༠༠༠་ཅན་དེ་རྒྱུག་སྐབས་ཨང་དང་པོ་ཤིན་ཅང་ནས་ཡོང་བའི་རྒོད་མ་ཞིག་ཡིན་ལ་དང་གཉིས་པ་རྨེ་བ་སྦྲ་ཆེན་ནས་ཡོང་བའི་རྒྱ་རྟ་ཞིག་ཡིན་ལ་གསུམ་པ་རྔ་བ་མཚན་ཉིད་མཐའ་བ་ནས་ཡོང་རྒྱ་རྟ་ཞིག་བཅས་གསུམ་ག་རྒྱ་རྟ་དག་ལ་ཐོབ་ནས་མི་མང་གི་སེམས་པ་སྨུག་ལོང་གིས་བཏུམ་ནས་རང་ར ིགས་ལ་ཡིད་ཆད་ཅིང་རང་ཟོག་ལ་མདངས་རླགས་འདུག་ཟེར། དེ་རིང་སྨི་༣༠༠༠་ཅན་གྱི་སྐབས་དང་པོ་གཉིས་པ་གཉི་ག་མཛོ་དགེ་ཐང་སྐོར་ཀྱི་འབྲོག་རྟ་ངོ་མ་རེ་ཡིན་ལ་གསུམ་པ་བཞི་པ་ལྔ་པ་གསུམ་རྨ་ཆུ་ནས་ཡིན་ལ་དེའང་རང་སའི་འབྲོག་རྟ་ངོ་མ་རེ་ཡིན་པ་མ་ཟད་ཨང་བཅུ་བ་བར་དུ་བོད་རྟ་རྐྱང་པ་ལས་རྒྱ་རྟ་གཅིག་ཀྱང་སླེབས་མེད་པས་དེར་འདུས་སྐྱེས་ཕོ་མོ་རྒན་གཞོན་མེད་པར་བོད་མི་ཡོད་དོ་ཅོག་གིས་ཁ་གཅིག་གྲག་གིས་བོད་རྟ་ཞིག་ལ་ཐོབ་སོ ང་ས་ཆ་དང་རྫོང་ཁག་ལ་ཁྱད་པར་མེད་ཟེར་བཞིན་དེ་རིང་ཧ་ཅང་དགའ་འདུག ད་དུང་དེ་དང་མཉམ་དུ་སེམས་ཁྲལ་ཞིག་ཡོད་པ་ནི་སྨི་༥༠༠༠་ཅན་དང་༡༠༠༠༠་ཅན་གཉིས་ཀྱི་ནང་དུ་རྒྱ་རྟ་རེ་ཡོད་པ་དེ་རེད་ཟེར། ཡང་བཤད་ཚུལ་གཞན་ཞིག་ཡོད་པ་ནི་རྒྱ་རྟ་དག་ལ་རྒྱུག་ཐག་རིང་ན་མི་བཟང་བས་བོད་རྟ་དག་ལ་ཐོབ་རྒྱུ་ངེས་ཅན་རེད་ཟེར་བཞིན་རང་གིས་རང་ལ་སེམས་གསོ་ཡང་བྱེད་ཀྱིན་འདུག་ཟེར། དོན་དམ་པར་རྒྱ་རྟ་བོད་རྟ་གང་ཡིན་ཀྱང་རྟ་ནི་རྟ་རང་ཡིན་ན་ཁྱད་པར་ཆེན་པོ་མེད་མོད་དེང་སང་བོད་ནང་གི་རིགས་ཞེན་གྱིས་དུད་འགྲོ་རྟ་ལའང་ཁྱད་པར་ཆེན་པོ་འབྱེད་ཀྱིན་འདུག

སྣ་ཚོགས།

Post navigation

Previous Post: བཀའ་ཁྲིའི་གསུང་ལས་འཕྲོས་པའི་གཏམ།
Next Post: སྤེལ་ལྗམ་ས་གནས་ཁག་དྲུག་ལ་ཕྱོགས་བསྐྱོད།

Comments (19) on “རྩེད་མོ་དང་རིགས་ཞེན།”

  1. གཟུར་གནས་བློ་ལྡན་། says:
    2012-08-14 at 1:26 pm

    དེ་ནི་བོད་པ་ཚང་རིགས་ཞེན་ཀྱིས་མྱོས་པའི་རྟགས་རེད་། རྟ་དེ་རིགས་རྒྱ་རྟ་དངོས་མ་ཡིན་པའི་ངེས་པ་མེད་ཀྱང་བོད་མི་མཐོང་རྒྱ་ཆུང་བས་བོད་རྟ་མིན་ཚད་ལ་རྒྱ་རྟ་དང་ བོད་ཁྱི་མིན་ན་རྒྱ་ཁྱི་དང་ བོད་ར་མིན་ཕྱིནརྒྱ་་ར་སོགས་ཟེར་བཞིན་ཡོད་། རྒོད་བྲོ་བ་ཞིག་ལ་རྫས་སྨན་ལ་བོད་པས་རྒྱ་སྨན་ཟེར་བཞིན་ཡོད་ དོན་དངོས་ནུབ་ཕྱོགས་པས བཟོས་ཙང་རྒྱ་རིགས་ཚོསདེ་ལ་་ཤིས་གཡོ་སྟེ་ནུབ་སྨན་ཟེར་ཞིང་ ཁོ་རང་ཚོའི་སྨན་ལ་ཀྲུང་གཡོ་ཟེར་འབོད་ དེ་ནི་བོད་སྨན་དང་ཆ་འདྲ་བའི་སྲོལ་རྒྱུན་གྱི་སྨན་རང་རེད་། ཧ་ཧ་ཧ་ཧ་ཧ་།

  2. ལྷ་སྲས་ཐ་ཆུང་། says:
    2012-08-14 at 1:44 pm

    རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་པ་ཚང་ལ་མཐོང་རྒྱ་ཆེ་རུ་གཏོང་རྒྱུའི་གོ་སྐབས་མ་བྱུང་བ་རེད་མ་གཏོགས་བོད་པ་རྣམས་ག་དུས་ཡིན་ཡང་རྗེས་ལུས་དང་ལེ་ལོའི་ངང་དུ་ལྷག་མི་སྲིད།
    ད་ལྟའི་བར་དུ་བོད་པ་ཚང་ལ་རིགས་ཞེན་གྱིས་མ་འདང་བའི་དབང་གིས་བོད་ཕྱི་ནང་གཉིས་སུ་གྱེས་དགོས་བྱུང་ལ་ད་ནི་གཉིད་སད་པའི་བོད་པ་རྣམས་ལ་ལ་རྒྱ་དང་རིགས་ཞེན་ཡོད་པས་ནམ་ཞིག་རྒྱ་གུང་ཁྲན་ལས་རྣམ་པར་རྒྱལ་ངེས་ཡིན།

  3. གཟུར་གནས་བློ་ལྡན་། says:
    2012-08-14 at 1:55 pm

    བོད་པའི་རིགས་ཞེན་ནི་གསར་དུ་འབུས་བཞིན་པའི་ཨ་གསར་རང་བཞིན་ཞིག་རེད་ ལོ་ཤས་མཚམས་གཡུག་ངེས་།

  4. ཁྲི་རལ་པ། says:
    2012-08-14 at 2:16 pm

    བོད་མིའི་རིགས་ཞེན་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བྱུང་བ་ཅིག་ཡིན་པ་༧ཏཱ་ལའི་བླ་མས་རྟག་པར་གསུང་གིན་འདུག་ག  བོད་མིའི་རིགས་ཞེན་དོར་རྒྱུ་དེ་འདྲ་ལས་སླ་བོ་ཡོད་པ་མ་རེད་ད།ང་ཚོས་རིམ་པས་བལྟས་ཆོག་གི་རེད།

  5. ཁྲི་རལ་པ། says:
    2012-08-14 at 2:26 pm

    རུ་ཤུལ་ལགས་ནས་གསར་འགྱུར་འདི་མིའི་སེམས་ཚོར་དང་བཅས་ཏེ་ཧ་ཅང་ཡག་པོ་བྲིས་འདུག་པས།ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷན་མཛོ་དགེ་ཟེར་པ་དེ་མཛོད་དགེ་ལ་བཅོས་དགོས་ས་རེད།མདོ་སྨད་ཆོས་འབྱུང་སོགས་ལོ་རྒྱུས་མང་པོར་བོད་རྒྱལ་ཁྲི་རལ་གྱི་བློན་དགའ་ཡེ་དར་རྒྱའི་ཁ་སྣོན་དུ་བཏང་བའི་གདུང་བརྒྱུད།མཛོད་པ་དགེ་འདུན་གྱི་དབང་བསྒྱུར་ས་ཁོངས་ལ་མཛོད་དགེའི་ཡུལ་ཅེས་བཏགས་འདུག

  6. འཇམ་དབྱངས། says:
    2012-08-14 at 2:57 pm

    མདོ་སྨད་རྨ་ཆུའི་ས་ཁུལ་ནི་དེ་སྔ་ཆོས་རྒྱལ་སྲོང་བཙན་དང་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ནས་བཟུང་སྟེ་དགྲ་ཕྱོགས་ལ་དམག་འཐབ་ཀྱི་ས་གནས་གལ་ཆེན་ཞིག་ཡིན་པ་ཕུད། སྐབས་དེའི་ཉེར་མཁོའི་དམག་རྟ་གསོ་སྐྱོང་བྱེད་སའི་ས་གནས་གལ་ཆེན་ཞིག་ཀྱང་ཆགས་ཡོད་སྟབས། ང་ཚོ་རྨ་ཆུའི་ཡུལ་ལ་གྱི་ལིང་རྟའི་མ་ཡུམ་ཞེས་བརྗོད་ཀྱང་ཆོག་པ་ཡིན། དུས་དེ་དག་ནས་བཟུང་མདོ་སྨད་ཁུལ་སྤྱི་དང་ལྷག་པར་རྨ་ཆུའི་ཕྱོགས་སུ་རྟ་བཟང་གསོ་སྐྱོང་བྱེད་པར་བག་ཆགས་དམིགས་བསལ་ཞིག་བཞག་ཡོད་པར་མ་ཟད། ཆོས་རྒྱལ་ཁག་གིས་བསྐོ་བཞག་གནང་བའི་དམག་སྡེ་ཕན་ཚུན་བར་ལོ་རེར་རྟ་རྒྱུག་འགྲན་བསྡུར་བྱེད་པའི་སྲོལ་བཙུགས་ཡོད་པས། ང་ཚོ་རྨ་ཆུའི་རྟ་རྒྱུག་འགྲན་བསྡུར་ནི་བོད་རྒྱལ་ཁབ་ཀྱི་དབང་ཐང་དར་བའི་དུས་རབས་ལ་རྗེས་དྲན་བྱེད་པའི་དུས་སྟོན་ཞིག་ཡིན་ཞེས་བརྗོད་ཀྱང་ཧ་ཅང་འཚམ་པ་ཡིན། ཡིན་ན་ཡང་སྔར་གྱི་རྟ་རྒྱུག་འགྲན་བསྡུར་གྱི་ལ་རྒྱ་འཛིན་ཐུབ་མིན་ནི་ད་ལྟའི་འབྲེལ་ཡོད་བོད་རིགས་མི་མང་ལ་རག་ལས་པ་ཡོད་པ་ལས། ངན་ཁག་གཡུག་སའི་གང་ཟག་གསུམ་པ་ཞིག་མེད་པར་མཐོང་། གང་ལྟར་རང་སྟེང་ནས་ཤུགས་རྒྱག་དགོས་པ་ནི་གནད་ཀྱི་དོན་པོ་རེད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

  7. འཇམ་དབྱངས། says:
    2012-08-14 at 3:08 pm

    བོད་ཕྱི་ནང་ཀུན་ལ་ཞིབ་བལྟ་དང་། ལྷག་པར་བོད་ནང་གི་བོད་རིགས་མི་མང་གི་སེམས་ཁམས་ལ་ཞིབ་འཇུག་བྱས་ན། བོད་མི་རིགས་ཀྱི་རིགས་ཞེན་ནི་ཆར་ཤུལ་གྱི་འཇའ་ཚོན་བཞིན་ཡལ་ཆོག་ཆོག་ཞིག་ཏུ་མ་མཐོང་། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་སུ་ཡིན་ཡང་རང་ཉིད་ཀྱིས་རང་ཉིད་ལ་སྤོབས་པ་བསྐྲུན་དགོས་པ་ལས། བག་འཁུམ་དང་གཉའ་ཞུམ། རང་གིས་རང་ལ་མཐོང་ཆུང་སོགས་བྱེད་པ་ནི་རང་མི་རིགས་ཉམས་རྒུད་དུ་འགྲོ་བའི་ཉེན་ལམ་ཡིན་པས། རང་གིས་རང་ལ་སྤོབས་པ་བསྐྲུན་པ་དགོས་ལ། རང་གིས་རང་ལ་ཡིད་ཆེས་བསྐྲུན་དགོས། རང་གིས་རང་ཉིད་བག་འཁུམ་གྱི་རྒྱ་ལས་གྲོལ་ཐུབ་བྱེད་དགོས། དེ་འདྲ་རེད་མི་འདུག་གམ་གྲོགས་པོ་གཟུར་གནས་བློ་ལྡན་ལགས། ནམ་ཡང་རང་གི་མི་རིགས་ཏེ། བོད་ཁ་བ་གངས་ཅན་པ་རྣམས་ལ་གདེང་འཇོག་བྱེད་པ་ལས་མཐོང་ཆུང་རིགས་མི་གནང་བར་ཞུ་ཞེས་ཀྱང་གསལ་འདེབས་སོ།།

  8. དགེ་བསྙེན་རྡོ་རྗེ་ says:
    2012-08-14 at 4:40 pm

    དངུལ་དང་ལི་ཡི་རྟགས་མ་མིན་པར་ཟངས་ཀྱི་རྟགས་མ་མིན་ནམ།

  9. ཡར་འཕེལ། says:
    2012-08-15 at 12:15 am

    བདེན་པ་རེད། དགེ་བསྙེན་རྡོ་རྗེ་ཧ་ཅང་བདེན། གསེར་དངུལ་གང་ཡང་མ་རེད། ཟངས་མའི་རྟགས་མ་ཞིག་རེད། གནས་ཚུལ་ག་རེ་ཡིན་ཡང་དྲང་བཤད་དགོས་པ་གལ་ཆེན་རེད། ང་ཚང་ཧ་ཅང་འུད་བསྟོད་བྱས་ནའང་དེ་འདྲ་ཞིག་རེད། ང་ཚོར་ཁག་མེད། ང་ཚོ་ལ་སྤྲང་རྟགས་དེ་ཞིག་ཡོད་པ་རེད། སྙིང་རྗེ། བོད་པ་ཚང་ད་བར་མིའི་རྐུབ་འོག་ལ་བསྡད་བསྡད་པའི་བག་ཆགས་དང་། བླ་རྒན་འཇིག་རྟེན་ལ་ཆ་རྒྱུས་མེད་མཁན་རེ་སྤྱི་གཙུག་ཏུ་བཀུར་བར་ང་ཚོར་བག་ཆགས་ཤིན་ཏུ་འཐུགས་པོ་ཞིག་ཡོད། ད་གཉིད་སད་དགོས་པ་རེད་དེ། ཐབས་སྐྱོ་བ་ཞིག་ལ་དེང་སང་བོད་ནང་གི་ས་ཁུལ་གང་མང་ཞིག་ན་བོད་མིའི་རྨོངས་དད་ནི་ཇེ་ཆེ་ནས་ཇེ་འཐུག་ལ་འགྲོ་བཞིན་འདུག་གོ། དེ་ནི་ཤིན་ཏུ་ཡ་ང་བ་ཞིག་རེད་དཱ། གྲོགས་པོ་ཚོ།

  10. རུ་ཤུལ་བུ་ says:
    2012-08-15 at 1:11 am

    དགོངས་དག་དངུལ་མ་ཡིན་པ་ངས་ཀྱང་མཐོང་ཡོད་མོད་འབྲི་ནོར་ཤོར་འདུག ད་དུང་ཆད་ལྷག་ནོར་གང་མང་འདུག འདི་ངའི་སྐྱོན་ཡིན། རང་ཉིད་ཀྱིས་ཀྱང་རྗེས་ནས་ཚང་མ་ཤེས་ཀྱང་དྲ་བར་བཀོད་ཚར་འདུག གཟབ་གཟབ་མ་བྱས་པའི་སྐྱོན་རེད། ངས་འབྲི་ནོར་ཤོར་བ་ལས་འུད་སྒྲོག་བྱས་པ་རྩ་བ་ནས་མིན། དེ་ལུགས་ཐུགས་འཇགས་འཚལ། ཡར་འཕེལ་ཟེར་བ་ལ་ཞུ་རྒྱུར་ཁྱོད་བོད་པ་ཚང་ལ་ཤ་ཚ་ཡོད་ལ་རྣམ་དཔྱོད་ལྡན་ད་དུང་རྨོངས་གཉིད་ལས་སད་ཡོད་ན་ཁྱོད་ཀྱིས་བོད་མི་མང་གི་སྣེ་ཁྲིད་ཤོས་དང་ང་ཁྱོད་སུ་ལའང་མདུན་ནས་འགོག་མཁན་མེད་ལ་གཞུགས་ནས་འཐེན་མཁན་ཡང་མེད། ཅིག་གིས་བྱ་བ་དེ་འགྲིག་མི་འདུག ཉིག་གི་ལས་ཀ་རེད་མི་འདུག་ཟེར་ནས་གཞན་ལ་ངན་སྨོད་བྱེད་པ་ལས་རང་གིས་འགན་ཞིག་འཁུར་ཅིས་མི་ཆོག

  11. མི་བུ་ says:
    2012-08-15 at 2:53 am

    ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་མི་དེ་ཚོའི་བོད་དབྱིན་གཉིས་ཀྱི་ཆུ་ཚད་དེ་འདྲའི་སྐྱོ་བ་ལ་ཨང་། ཐ་ན་ཟངས་དང་ལི་མའི་བར་གྱི་དབྱེ་བའང་ཕྱེ་ཐུབ་ཀྱི་མི་འདུག ཁ་སང་ཡོ་རོབ་ཀྱི་རྒྱལ་ཁབ་སེ་བན་ཀྱིས་བོད་དོན་སྐོར་ཁྲིམས་གཏུགས་བྱས་སྐོར་གྱི་འགོ་བརྗོད་དུ་ས་པན་གྱི་ཁ་མཆུ་ཞེས་བྲིས་འདུག་བསམ་བྱུང་།་ཨ་ཨ།་ད་མང་པོ་བཤད་ནས་ཅི་ན་ཕན་ཐང་།་མ་ཤོད་ཡ།

  12. བཀའ་འགྱུར་མགོ་སེ says:
    2012-08-15 at 3:40 am

    ང་ཚོ་བོད་པ་ཚངས་ལ་དངུལ་དང་རྒྱོ་རྒྱབ་ཡ་གཉིས་ཡོད་ན་གཞན་དགོས་མ་རེདདོ

  13. བཙན་བྱོལ་བ་ says:
    2012-08-15 at 4:11 am

    སྔ་ལོར་བཙན་བྱོལ་ནང་དུ་རྒྱལ་ཡུམ་ཆེན་མོ་རྩེད་འགྲན་བྱེད་སྐབས། དྲ་ནང་གི་བོད་རིགས་རྣམས་ཀྱིས་དུས་ཚོད་གཉན་འཕྲང་དེ་འདྲའི་སྐབས་སུ། རྩེད་འགྲན་རིགས་སྤེལ་བ་དེ་འགྲིག་མེད་རབས་དང་བོད་དོན་ལ་ཚོར་བ་མེད་རབས་ཀྱི་བོད་ཞེན་གྱི་གཏམ་སྒྲོག་སོང་། ད་ཆ་གཉན་འཕྲང་ཙམ་དུ་མ་ཟད། མེ་ལྕེ་གཅིག་མཇུག་གཉིས་མཐུད་སྦར་བཞིན་པའི་སྐབས་སུ། རྟ་རྒྱུགས་རྩེད་འགྲན་སྤེལ་བ་མ་ཟད། དྲྭ་པ་རྣམས་ཀྱི་རྒྱབ་སྐྱོར། ད་ཡིན་ན། བོད་རིགས་ཟེར་བ་དེ། ངོ་མ་སླ་པོ་རེད།

  14. ཁྱབ་འཇུག says:
    2012-08-15 at 9:03 am

    རི་ཤུལ་ལོ་ལོ ༡ བོད་ལ་༼སྐྱིད་ཀྱི་རྟ་བོ་མཉམ་བྱོན་དང་སྡུག་གི་ཁུར་བོ་མཉམ་འཁུར། ༽ ཟེར་བའི་དཔེ་ཞིག་ཡོད་རེད། ༢ བོད་ཀྱིས༼རོ་ཐོག་ཏུ་བྲོ་ལྡིང་༽བ་དེ་ཡག་པོ་ཞིག་ལ་རྩི་སྲོལ་མི་འདུག ༣ ཁྱོའི་ཁྱིམ་མི་གཅིག་རྗེས་གཉིས་མཐུད་དུ་ཤི་བཞིན་པའི་སྒང་ལ་རྟ་རྒྱུག་གླུ་ལེན་གར་རྩེ་བྱེད་སྲོལ་ཡོད་རྒྱུ་རེད་དམ། ༤ སྤྱིར་རྟ་རྒྱུག་འགྲན་བསྡུར་ནི་བོད་ཀྱི་སྲོལ་རྒྱུན་ཡག་པོ་ཞིག་རེད་ཡིན་ནའང་དེ་ཡང་དུས་སྐབས་ཤིག་ལ་བསྟུན་དགོས་གི་རེད་མ་གཏོགས་རྨ་ཆུའི་དུད་འགྲོའི་རྟ་རྒྱུག་དེ་རྨ་ཆུའི་བོད་མི་དང་བོད་མའི་རང་བསྲེགས་ལ་འབྲེལ་བ་མེད་ཟེར་བ་ནི་གླེན་བཤད་དེ་དུད་འགྲོ་དེ་ཚོ་རང་དགར་རྒྱུག་པ་ཡིན་ན་མ་གཏོགས་རིགས་ཞེན་དང་བོད་མིའི་མནར་གཅོད་ལ་འབྲེལ་བ་ཅིའི་མེད།

  15. གཟུར་གནས་བློ་ལྡན་། says:
    2012-08-16 at 12:25 am

    ངས་བོད་རིགས་ལ་སྨ་འབེབས་བྱ་འདོད་པ་མིན་ ཡིན་ཡང་དེང་སང་རིགས་ཞེན་ཆེ་དྲག་ནས་བོད་ཕུང་གི་འདུག་པར་མ་གཟོད་ནས་ཞུས་པ་ཞིག་ཡིན་། ལྷ་སྲས་ལགས་།

  16. ཁྱབ་འཇུག says:
    2012-08-16 at 8:36 am

    གཟུར་གནས་བློ་ལྡན གནའ་ནས་ད་བར་བོད་མི་རིགས་ཀྱི་ཆེད་དུ་རྒྱ་དམག་ལ་འཐབ་འཛིང་བྱས་ནས་གཤེགས་ཟིན་པ་དེ་དག་དང་ད་ལྟ་ཡང་དམར་པོ་མེ་ཡི་ཀློག་ནས་བོད་མིའི་ཆེད་དུ་གཤེགས་ཀྱིན་པའི་དཔའ་བོ་དཔའ་མོ་འདི་དག་ཀྱང་རིཊ་ཞེན་ཆེས་དྲགས་པས་མིན་ན་ཁོང་ཚོས་ཁྱོའི་དེ་འདྲ་ཞིག་ཀྱང་མ་གཏོགས་པར་ཨ་གསར་ཙམ་ཀྱིས་བཞུད་སོང་བ་རེད་ཟེར་ན་ད་ཁྱོད་ལས་རིཊ་ཞེན་༼ཚད་ལྡན༽ཅན་ཞིག་མེད་ལས་ཆེ། སྡར་མ་དག་གིས་བཤད་རྒྱུ་ནི་ནམ་ཡང་འདི་ཁོ་ན་རེད་དེ་ཁྱོད་འདྲ་བའི་སྐབས་འཚོལ་བ་ཚོས་རིཊ་ཞེན་མེད་ནའང་བཤད་རྒྱུ་ཡོད་ལ་རིཊ་ཞེན་ཡོད་ནའང་བཤད་ཅིག་ཡོད་པས་མདོར་ན་དེས་ཁྱོད་རང་ཉིད་ཅི་ཅང་མི་ནུས་བའི་༼བར་དོ་བ༽་ཞིག་ཡིན་པ་གསལ་བྱེད་བྱས་བ་ཙམ་རེད། རིཊ་ཞེན་ཆེས་དྲག་ནས་མི་རིཊ་རྒུད་སོང་བ་ཞིག་ཡོད་ན་དེ་ད་ཁྱོའི་མི་རིཊ་ཡིན་རྒྱུ་རེད།

  17. dhoshul says:
    2012-08-16 at 11:30 am

    རྟ་ལ་རྒྱ་རྟ་དང་བོད་རྟ་ཁྱད་པར་ཆེན་པོ་ཡོད་པ་རེད། དེ་མེ་པ་བཤད་ན་དངོས་པོའི་གནས་ཚུལ་ལ་རྒོལ་བ་རེད།

  18. dhoshul says:
    2012-08-16 at 11:33 am

    ངོ་མ་རྒྱ་རྟ་དང་བོད་རྟ་མི་འདྲ་བ་གདལ་པོ་རེད།

  19. དགེ་བསྙེན་རྡོ་རྗེ་ says:
    2012-08-16 at 12:59 pm

    ཟངས་ཀྱི་རྟགས་མ། མ་རེད། ལི་ཡི་རྟགས་མ། རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme