Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་དུ་བོད་མི་ལས་འགུལ་བ་༡༥ ཉེན་རྟོག་པས་འཛིན་བཟུང།

Posted on 2009-07-142009-07-14 By ཀླུ་ 3 Comments on བལ་ཡུལ་དུ་བོད་མི་ལས་འགུལ་བ་༡༥ ཉེན་རྟོག་པས་འཛིན་བཟུང།

un0714-22

       སྤྱི་ཚེས་༡༤ ཉིན་བལ་ཡུལ་དུ་གནས་སྡོད་བྱེད་མཁན་བོད་མི་ཉི་ཤུ་ལྷག་གིས་རྒྱལ་ས་ཀཱ་ཐ་མན་ཀྲོའུ་ལ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གྱི་ལས་ཁུངས་མདུན་ཞི་བའི་རྔམ་སྟོན་སྐད་འབོད་གྱི་ལས་འགུལ་ཟིག་སྤེལ་ཡོད་པ་དང་།  ཁོང་ཚོས་བོད་ནང་རྒྱ་ནག་གིས་དྲག་གནོན་གཏིང་འཛིན་བྱས་བ་ནས་འཛིན་བཟུང་བྱས་པའི་བོད་མི་ཚོ་གློད་དཀྲོལ་གཏོང་དགོས་པ་དང་། བོད་མི་དམར་གསོད་གཏོང་རྒྱུ་མཚམས་འཇོག་དང་དྲག་སྤྱོད་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ཁྲིམས་ལྟར་རྒྱབ་སྐྱོར་དང་ཐག་གཅོད་ཡོང་རྒྱུ། ད་དུང་ཞིན་ཅང་ལ་ཡང་གཅིག་མཚུངས་དང་ཞིན་ཅང་ཡུ་གུར་མི་རིགས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་སོགས་གྱི་དགོས་འདུན་རྒྱུ་མཚན་དུ་འཁོད་འདུག།  དེ་འབྲེལ་གྱི་ཡིག་ཆ་ཡང་རྒྱལ་ཚོགས་ལས་ཁུངས་དང་འབྲེལ་ཡོད་ལ་སྤྲད་ཡོད་ཟེར།  བོད་མི་ཚོས་དུས་ཡུན་སྐར་གྲངས་༡༥ ཙམ་ལ་ལས་འགུལ་སྤེལ་རྗེས་ཉེན་རྟོག་པས་བུ་༡༢ དང་བུ་མོ་གསུམ་བཅས་བསྡོམས་པས་མི་གྲངས་ ༡༥་བཙན་གྱིས་རླངས་འཁོར་ལ་བཅུག་ནས་འཛིན་བཟུང་བྱས་སོང་།

གསར་འགྱུར།

Post navigation

Previous Post: སིངྒ་ལའི་མཚོ་འགྲམ་ཞིག་ཏུ་དགེ་འདུན་ཆོས་འཕེལ་གྱི་སྐུ་བརྙན་སེར་ཟིང་ངེ་བ་ཞིག་ཡོད།
Next Post: གོང་ས་མཆོག་གི་སྐུ་པར་དཀོན་རིགས་ཤིག

Comments (3) on “བལ་ཡུལ་དུ་བོད་མི་ལས་འགུལ་བ་༡༥ ཉེན་རྟོག་པས་འཛིན་བཟུང།”

  1. སྨོན་ལམ་མཐར་ཕྱིན། says:
    2009-07-14 at 9:43 am

    ཉེ་ཆར་འདི་གར་ཡོང་བའི་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་དེ་ཚོས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ཚུན་ཆད་ལ་བོད་མི་ཞི་རྒོལ་བ་རྣམས་ལ་བལ་གཞུང་ཉེན་རྟོག་པ་དང་དམག་མིས་རྡུང་རྡེག་བཏང་དང་གཏོང་བཞིན་པ་དེ་ཚོ་མཚམས་འཇོག་ཡོང་བའི་ལས་འགུལ་སྤེལ་རྒྱུ་ཡིན་གསུངས་སོང་ཡང་ད་ལྟ་གོ་རིག་ཅི་ཡང་མི་འདུག

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-07-14 at 6:52 pm

    ཁོང་ཚོ་ལྷག་བསམ་རྣམ་དག་ཡིན་སྲིད་ཀྱང་། བལ་ཡུལ་དེ་ཡང་རྒྱ་ནག་སྲིད་གཞུང་ལྟར་དཔོན་ངན་ཁ་ཤས་ཀྱིས་ལག་འོག་ན་འཁོར་གྱི་ཡོད་རབས་འདུག ད་ནི་ཉེས་པ་མེད་བཞིན་ཏུ་མང་གཙོའི་རྒྱལ་ཁབ་དུ་གྲགས་པའི་བལ་ཡུལ་བ་འདི་ཚང་གིས་ཀྱང་རྒྱ་ནག་གི་སྲུ་ཞུ་ཡག་པོ་སྒྲུབ་བཞིན་འདུག ལོ་རེ་ནས་ལོ་རེ་ཇེ་སྡུག་ནས་ཇེ་སྡུག་རེད། བོད་པ་སོང་ཟེར་ནས་རྐུབ་ལ་དབྱུགས་པས་མ་བརྡུང་བ་དེ་ནི་ཡག་ཙམ་རེད། ད་འདི་ལྟར་བལྟས་དེ་འོང་དུས་ཐག་རིང་བོ་འགོར་ས་མ་རེད།

  3. འཇའ་མཚོན་ཆུ་མིག says:
    2009-07-14 at 11:17 pm

    དངོས་གནས་བལ་ཡུལ་ནང་གནས་སྡོད་བྱ་མཁན་ཚོའི་ང་ཚོའི་ཤ་ཁྲག་གཅིག་པའི་འཐབ་རྩོད་ནང་ཞུགས་མཁན་དེ་དག་ལ་སྐྱབས་སུ་མཆི་ཞུ་རྒྱུ་ཡིན། བལ་ཡུལ་ནི་བོད་དང་ས་འབྲེལ་ཡིན་པར་་བརྟེན་འགྲམ་འགག་སྒོ་བརྒྱུད་ནས་རྒྱ་མིའི་གསང་ལས་པ་དང་མྱུལ་མ་མང་པོས་ཉིན་ལྟར་བསྐོར་གཡེང་བྱ་གི་ཡོད་ལ། ཁོང་ཚོས་བོད་མི་ལས་འགུལ་དོན་གཉེར་བྱ་མཁན་རྣམས་ལ་རྒྱུན་གཏན་ནས་བསྐོར་གཡེང་བྱ་གི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག ལས་འགུལ་སྤེལ་སྐབས་ཁ་ཤས་ཀྱིས་མཉམ་དུ་འཛུལ་ཞུགས་བྱ་གི་ཡོད་ཁུལ་བྱས་ཏེ་དོན་དུ་བརྡ་ལན་སྤྲད་དེ་མཚམས་སུ་འཛིན་བཟུང་དང་ཉེན་ཁ་འཕྲད་སྲིད་པས་ང་ཚོའི་འཐབ་རྩོད་པ་ཚོས་གཟབ་གཟབ་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། གཙོ་བོ་དགྲ་བོའི་ཁ་གཏད་དུ་མདུན་དུ་ལངས་ཏེ་མི་ཚེ་སྐྱེལ་མཁན་ཞིག་ཡིན་ན་དེ་ཚོའི་རིགས་ལ་སྐྲག་དགོས་དོན་ཡོད་པ་མ་རེད། སྐྲག་སྣང་བྱ་གི་མེད་པར་བརྟེན་ལས་འགུལ་དེ་འདྲ་སྤེལ་་ཐུབ་ཀྱི་ཡོད་རེད། དེ་ལས་ཉིན་གཅིག་ངས་འཐབ་རྩོད་པ་ཚོས་འགྲམ་འགག་སྒོའི་མཛའ་གྲོགས་ཟམ་ཆེན་ཟེར་བའི་སྟེང་སྐད་འབོད་བྱ་གི་འདུག་ཅེས་གཏམ་བཟང་ཞིག་སྒུག་ནས་བསྡད་ཡོད། བོད་རྒྱལ་ལོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme