Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨབ་གན་གྱི་བུ་མོ་ཆུང་ཆུང་ཞིག་གི་ལས་དབང་།

Posted on 2012-08-14 By ཁ་བརྡ་ 8 Comments on ཨབ་གན་གྱི་བུ་མོ་ཆུང་ཆུང་ཞིག་གི་ལས་དབང་།

ཨབ་གྷ་ནི་སི་ཐན་གྱི་གྲོང་གསེབ་བྷག་ལེན་ཞེས་པའི་ས་གནས་སུ། སྦག་བཙོག་ཆེ་ཞིང་སྐར་ཁུང་མེད་པའི་ས་འོག་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་ལོ་ན་བཅུ་བཞིར་སོན་ཙམ་གྱི་ན་ཆུང་བུ་མོ་ཞིག་ལྕི་བ་དང་རྩ་སྙིགས་སོགས་ཀྱི་ཁྲོད་དུ་ཤི་མ་སོན་དུ་གྱུར་ཡོད་པ་ཞིག་ཉེན་རྟོག་པའི་ལག་ཏུ་རྙེད་སོན་བྱུང་ཡོད་པ་རེད།
ཁོ་མོའི་མིང་ལ་སའི་ཧར་གྷུལ་ཟེར་ཞིང་ཨབ་གྷ་ནི་སི་ཐན་གྱི་བྱང་ཕྱོགས་སུ་ཡོད་པའི་རིའི་སྒང་གི་མངའ་སྡེ་བྷ་ཌག་ཤན་ཞེས་པའི་ས་ཁུལ་སྐྱོ་པོ་ཞིག་ནས་ཚར་ལོང་བྱུང་བ་ཞིག་ཡིན་འདུག སའི་ཧར་གྷུལ་གྱི་ཨ་ཕ་ཚེ་ལས་འདས་པ་ནས་ཟུང་ཁོ་མོ་བུ་ཚབ་དང་ལྷན་དུ་འཇིགས་སུ་རུང་བའི་ལས་དབང་ཞིག་གི་ཕྲང་ལམ་བརྒལ་དགོས་བྱུང་ཡོད་འདུག

རྒྱས་པ་དྲ་སྦྲེལ་ཁ་བྱང་འདིར་ཡོད་པ་ནས་གཟིགས་རོགས། 

གསར་འགྱུར།

Post navigation

Previous Post: རེབ་གོང་ནས་ཉེན་རྟོག་པར་ངོ་རྒོལ་སྐད་འབོད་བྱས་འདུག
Next Post: ཆོས་དབྱིངས་སྐྱིད་འདི་ལྟར་བརྗོད་ན།

Comments (8) on “ཨབ་གན་གྱི་བུ་མོ་ཆུང་ཆུང་ཞིག་གི་ལས་དབང་།”

  1. རི་རྒྱལ་ཏི་སེ། says:
    2012-08-14 at 5:39 pm

    བླ་མ་མཁྱེན། བུ་མོ་མཉམ་ཆུང་འདི་འདྲ་བ་སའི་གོ་ལིའི་ཁྱོན་འདི་ལ་ས་ཡ་མང་པོ་ཡོད་པར་ངེས་ན། ང་འདྲ་བའི་མི་ནུས་མེད་གཅིག་གིས་སྐྱོབས་ཐབས་བྲལ་བ་ནི། བུ་ལག་རྡུམ་ཞིག་གི་མ་ཆུ་ཡིས་འཁྱེར་བ་ལྟར་ལྟས་བསྡོད་རྒྱུ་ལས་བྱེད་ཐབས་གང་ཡང་མེད་པར་བརྟེན། རང་གི་སྙིང་དབུས་ནས་སྙིང་རྗེ་བཅོས་མ་མ་ཡིན་པ་ཞིག་སྒོམ་རྒྱུ་ལས། གཞན་ཕན་ནུས་གང་ཡང་སྟོན་རྒྱུ་མེད་ནི། ཁོ་བོའི་བྱས་པའི་ལས་ངན་གྱི་བླངས་པའི་ལུས་ངན་གྱི་རྣམ་སྨིན་ཙམ་ལས་མ་འདས་སོ་སྙམ་དུ་རློམ་བཞིན་པའོ།།

  2. ཡར་འཕེལ། says:
    2012-08-15 at 12:20 am

    དེ་འདྲ་གང་སར་ཧ་ཅང་མང་པོ་ཡོད་ངེས་རེད།

  3. རང་དབང་ཨ་རྡུ་མན་ says:
    2012-08-15 at 1:41 am

    སྙིང་རྗེ་་་་མོ་རང་གི་ཚེ་འཇུག་ལ་བདེ་སྐྱིད་ཞིག་ཐོབ་པར་ཤོག།

  4. དགེ་བསྙེན་རྡོ་རྗེ་ says:
    2012-08-15 at 5:36 am

    ཁ་ཆེའི་ཆོས་ལུགས་ནང་ལ། ཨ་ནེའི་དགོན་པ་མེད་པའི་ཞེན་ཆ་རེད།

  5. ལུང་རྟོགས། says:
    2012-08-15 at 1:17 pm

    ག་རེ་ཨ་ནེའི་དགོན་པ། འདི་ནུབ་ཕྱོགས་ལུང་པར་ཁྲིད་ནས་མ་འོང་པར་ཨབ་རྒན་ལྟ་བུའི་ལུང་པའི་ནང་བུད་མེད་ཀྱི་རང་དབང་འཐབ་རྩོད་བྱེད་མཁན་ལ་སྐྱེད་སྲིང་བྱེད་དགོས་པ་རེད།

  6. ཤེས་དགའ་ says:
    2012-08-15 at 1:59 pm

    ཨབ་གཱན་གྱི་སྐྱེས་པ་བསོད་ཟད་དེ་ཚོ་མེ་མདའ་རང་གིས་བཤད་ན་མ་གཏོགས་མི་སྐད་གོ་དཀའ་ཙམ་རེད། བྱས་ཙང་བུ་མོ་དེ་ཁ་ཆེ་ཆོས་ལུགས་ལ་ངོ་རྒོལ་བྱེད་མཁན་གྱི་གཏེ་དཔོན་ལ་སྐོས། གོ་ལག་ཡག་ཐག་ཆོད་ཅིག་དང་དམག་སྦྱོང་ཟེར་དུས་ཡག་ཐག་ཆོད་ཅིག་བཏང་། ཨབ་གཱན་ས་ཐོག་གི་ཆབ་སྲིད་པ་ཁ་ཆེའི་ཤི་རི་ཡ་ཁྲིམས་ལུགས་གི་ཀླད་རྙིང་མཁྲེགས་བཟུང་པ་དེ་ཚོ་འཇབ་རྒོལ་ངང་རྩ་མེད་བཟོས་དགོས་རེད་ཡ།

  7. ཤེས་དགའ་ says:
    2012-08-15 at 2:14 pm

    འོན་ཀྱང་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་ནུབ་ཕྱོགས་པའི་གཤིས་ཀ་དེ་དེ་འདྲའི་ཡག་པོ་ཞིག་ཀྱང་མ་རེད། གལ་ཏེ་རང་ལ་ཁེ་ཕན་མེད་ན་གདོང་གི་སྐྱི་པགས་ཐེན་ཙམ་བྱས་ནས་དགད་མོ་ཤོར་རྒྱུ་ཙམ་ཡང་དཀའ་མོ་རེད། དཔེར་ན་ཨབ་གཱན་ནང་ཨ་རིས་བཙན་འཛུལ་བྱས་པའི་རྗེས་སུ་ ༢༠༠༧ ལོའི་རྒྱལ་སྤྱིའི་ཨ་ཕིམ་ Opium བརྒྱ་ཆ་ ༩༢% ཙམ་ཨབ་གཱན་ནས་ཐོན་བསྐྱེད་བྱུང་པ་དེ་ལས་གསལ་པོ་གོ་ཐུབ་པ་ཅིག་རེད། དེ་ཙམ་དུ་མ་ཟད་ཞིང་ཁ་འདེབས་ལས་ཀྱི་ཐོན་འགྱུར་དང་དབོར་འདྲེན་སོགས་ལ་ CIA ཡི་ལག་པ་ཡོད་པ་མི་ཚོས་ཐེ་ཚོམ་བྱས་པ་ལ་རྒྱུ་མཚན་མེད་པ་མ་རེད། ནུབ་ཕྱོགས་པ་ཚོ་དགེ་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་བཤད་ན་དགེ་ཆོས་ཀྱིས་”སྐྲ་སེར་སྤྲེ་འུས་རིགས་ལ་དྭོགས་ཟོན་མཛོད།།”གསུང་པ་ལ་རྒྱུ་མཚན་མེད་པ་མ་རེད།

  8. བོད་པ་སྐྱབས says:
    2012-08-17 at 12:06 am

    འདི་ལ་ལྟ་ཐུབ་ན་The stoning of Soraya  M ཁ་ཆེའི་ནང་ནས་
    བུ་མེད་ཀྱི་ཐོབ་ཐང་ཟུར་ཙམ་ཤེས་ནི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme