Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་བསྟུད་མར་བྱུང་བ།

Posted on 2012-08-142012-08-14 By ཁ་བརྡ་ 34 Comments on ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་བསྟུད་མར་བྱུང་བ།

གནས་ཚུལ་མཁོ་འདོན་པཿ སྐལ་བཟང་རྡོ་རྗེ།
གནས་ཚུལ་འབྱོར་དུསཿ ༢༠༡༢ ཟླ་ ༨ ཚེས་ ༡༣

དེ་རིང་གི་ཨ་མདོ་རྔ་པའ་ཁུལ་གྱི་རང་ལུས་ཀྱི་འདྲ་དཔར་ཞིག་བོད་ནས་འབྱོར་སོང་། བསྐུར་མཁན་གྱིས་འདི་ལྟར་བྲིས་འདུག

༡ དེ་རིང་བོད་ནས་འབྱོར་བའི་གནས་ཚུལ་ནང་། མདོ་སྨད་རྔ་པ་ཁུལ་དུ་དེ་རིང་རྒྱ་ནག་ཆུ་ཚོད་༦།༥༠ཐོག་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་དང་། དེ་རྗེས་གཞོན་སྐྱེས་གཅིག་ཉེན་རྟོག་པས་བསད་པ། ཆུ་ཚོད་༨པ་ཙམ་ལ་དགེ་འདུན་པ་ཞིག་གིས་དགོན་པའི་མདུན་དུ་རང་ལུས་མེར་བསྲེགས་བཏང་བའི་ཛ་དྲག་གནས་སྟངས་ཐོན་འདུག ཚང་མས་དོ་སྣང་གནང་རོགས། ད་ལྟ་རྔ་བ་རྫོང་ཐོག་ཏུ་མི་མང་པོས་སྐད་འབོད་རྒྱག་བཞིན་པའི་བརྙན་པར་ཞིག་ཕྱིར་ཐོན་ཡོད་འདུག་ཀྱང། མཚན་མོ་ཡིན་ཙང་གསལ་པོ་ཡོད་ས་མ་རེད།
༢ ཡང་བསྐྱར་འདི་ལྟར་བྲིས་འདུག གོ་ཐོས་ལྟར་ན་ཆུ་ཚོད་ཕྱེད་ཙམ་གྱི་གོང་དུ་རྔ་བ་ཀིརྟི་དགོན་གྱི་འགྲམ་དུ་སླར་ཡང་གྲྭ་བ་ཞིག་གིས་རང་ལུས་མེ་རུ་ཕུལ་སོང་ཟེར་བའི་གནས་ཚུལ་ཞིག་ཀྱང་འདུག་པ་ད་ལྟ་ཁ་གསལ་གང་ཡང་མི་འདུག དེ་བདེན་ན།། འདི་དེ་རིང་གི་རང་ལུས་མེར་བསྲེགས་གསུམ་པ་རེད་ཟེར།

དེ་རིིང་དུས་ཚོད་ལྔ་བ་ཙམ་ལ། རྔ་བ་ནས་གྲྭ་བ་གཅིག་དང་། མི་སྐྱ་གཅིག་གིས་སྐུ་ལུས་མེར་བསྲེགས་བཏང་བ་རེད་འདུག གཉིས་ཀ་སྐུ་གྲོངས་ཡོད་འདུག དེ་མིན་མི་བདུན་བརྒྱད་ཙམ་འཛིན་བཟུང་བྱས་འདུག་པའི་གནས་ཚུལ་འདུག

གསར་འགྱུར།

Post navigation

Previous Post: ཨ་མདོ་རྔ་པར་ཕྱི་ཚེས་ ༡༣ ཉིན་གྱི་རང་ལུས་མེར་སྲེག་གནས་ཚུལ།
Next Post: ངས་འདི་ལྟར་བསམ།

Comments (34) on “ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་བསྟུད་མར་བྱུང་བ།”

  1. ལོག་སྨྲ་ཚར་གཅོད། says:
    2012-08-14 at 1:21 am

    རང་སྲོག་བློས་བཏང་གནང་མཁན་གྱི་གངས་རིའི་དཔའ་རྒོད་ཚོ། ཁྱེད་ཚོས་རང་མི་རིགས་ཀྱི་བདེ་དོན་ཆེད་དུ་ཡོད་ཚད་ལུས་སྲོག་དང་བཅས་པ་ཕུལ་ཏེ་དགྲ་བོ་རྒྱ་དམར་གྱི་འདོད་པའི་ལྡོག་ཕྱོགས་ནས་ངོ་རྒོལ་བྱས་པ་དེ་ཆེས་ཕུལ་བྱུང་ནང་གི་ཡང་བྱུང་དང་རླབས་ཆེན་གྱི་གཟི་བརྗིད་ཆེ་ཤོས་སུ་ཁོ་བོས་ངོས་འཛིན་བྱེད་བཞིན་ཡོད་། འོན་ཀྱང་ཕྱི་རོལ་གྱི་བོད་པ་ལོ་གཞོན་ཀླད་གསར་ཅན་མང་པོས་ཁྱེད་ཚོ་ལས་ཀྱང་དར་དམར་འཕྱར་མཁན་དང་རྒྱ་མིའི་འདོད་དོན་སྒྲུབ་མཁན་ཆོས་དབྱིངས་སྐྱིད་ལ་དགའ་བསུ་མང་བ་བྱས་སོང་ལ་ཁྱབ་བསྒྲགས་ཀྱང་ཆེ་བ་བྱས་སོང། ཁོ་མོ་ནང་བཞིན་ཁྱེད་ཚོར་དགའ་གུས་བྱེད་མཁན་མ་བྱུང་འདུག་པས་དེ་ལས་ཁྱེད་ཚོས་སླད་ཕྱིན་མགོ་བདེ་དང་རྒྱ་མིར་དགའ་ཞེན་གྱིས་མིང་གྲགས་ཐོབ་ཐབས་འདྲ་བྱོས་དང་གསར་བུ་ཚོས་དགའ་ངེས་སུ་འདུག

    འཇིག་རྟེན་མཐུན་འཇུག་གི་ཁ་ཕྱོགས་དང་སྲིད་པ་འཁོར་ཕྱོགས་ཀྱི་རིང་ལུགས་ནས་བཤད་ན།
    གང་དགྲ་ལ་དགའ་བའི་ལས་ཤིག་བྱས་ན་གཉེན་ལ་སྡུག་པའི་ལས་ཤིག་བྱས་པའི་ཁྱབ། དཔེར་ན་གཞི་མོ་ཆོས་དབྱིངས་སྐྱིད་བཞིན། རང་གི་འཇོན་ཐང་དགྲ་ཕྱོགས་ནས་ངོམས་པ་དེ་ཡང་དགྲ་དགའ་གཉེན་སྡུག་གི་ལས་ཤིག་ཡིན་ནོ།
    རྡ་ས་དང་པེ་ཅིང་གཉིས་ཀས་དགའ་བསུ་ཐོབ་པའི་བོད་པ་གསུམ།
    ༡) ང་ཕོད། ༢) འབའ་པ་ཕུན་ཚོགས་དབང་རྒྱལ། ༣) ཆོས་དབྱིངས་སྐྱིད།
    ཁོང་རྣམ་པ་གསུམ་ནི་ངོ་མ་བོད་ཀྱི་འཇོན་པོ་རྣམ་གསུམ་རེད།
    ང་ཚོ་མཐའ་གཅིག་ཏུ་རྒྱལ་བའི་ཕྱོགས་སུ་ལངས་ནས་གུང་ཁྲན་གྱི་དགྲ་བོར་གྱུར།
    ར་སྡིག་སོགས་བོད་མི་མང་པོས་གུང་ཁྲན་གྱི་ཕྱོགས་སུ་ལངས་ནས་ང་ཚོའི་དགྲ་བོར་གྱུར།
    བོད་མི་མང་ཆེ་བས་རྒྱ་དམར་གྱིས་འདོད་ཕྱོགས་དང་མི་མཐུན་པའི་ལས་འགུལ་གྱིས་ངོ་རྒོལ་བྱས་ཏེ་སྐུ་སྲོག་གྲངས་མེད་དོར་དགོས་བྱུང་། འགའ་ཞིག་གིས་གུང་ཁྲན་གྱི་འདོད་དོད་སྒྲུབ་པ་ལའང་བོད་མི་རྣམས་ཀྱི་དགའ་བསུ་བྱས་པ་དེ་ནི་ཆེས་ཡ་མཚན་གྱི་གནས་ཤིག་ཏུ་གྱུར་པ་རེད་ལ། མགོ་གཉིས་མགོ་བདེ་རིགས་ལ་རྒྱལ་ཁ་ཐོབ་པའི་དུས་ཤིག་ལ་སླེབས་ཟིན་ཏོ། ད་ནི་ངོ་མ་བོད་མི་རྣམས་ཀྱིས་འབུང་འགྱུར་གང་གི་ཕྱོགས་ནས་དང་ཅི་ཞིག་བྱེད་དགོས་མི་ཤེས་པ་མགོ་ཐོམ་གཞི་ཆེན་པོ་ཞིག་བཟོ་མཁན་ནི་ཕུགས་དོན་དང་རྩ་དོན་གྱི་ལ་རྒྱའི་གནས་ལ་རྨོངས་པའི་བོད་མི་ཀླད་གསར་ཅན་ཚོ་ཁོ་ན་རེད།

  2. མཁས་དབང་ says:
    2012-08-14 at 1:39 am

    བོད་ནང་གནས་བཏོང་དེ་ལ་ལྟས་ན་བློ་སེང་གཙོས་པའི་བོད་མིང་ཡོད་ཏོ་ཅོ་་་་་སྐད་འབོད་ལ་འགྲོ་དགོས་པ་རེད་ཏེ་་་་་་སྡ་ས་གནས་བཞུགས་དཔོན་རྒན་རྣམས་གྱིས་ཁ་བདེ་པོ་རང་བཤད་དེ་་་་་་་སྐྱེད་པོ་གཏོང་རྒྱུ་མ་ཏོག་ཤེས་གི་མ་རེད་་་གང་དྲག་་་་་་་མི་དགོས་པའི་་་་་་དུལ་རྒྱལ་དང་དུལ་རྒྱལ་་་་་་ལྷ་དང་གླུ་་་་་་ཧཧཧཧཧ་་་་་ད་དེང་སང་རྒན་མོ་དང་རྒན་པོ་མང་པོ་ཞིག་གིས་་་་་དུལ་རྒྱལ་བསྟེན་མཁན་མ་ཏོག་སེམས་ཅན་ཐམས་བཅད་བདེ་བ་དང་ལྡན࿒ར་གྱུར་གྱི་གསུང་གིན་འདུག་་་་་་་་་་་་་དེ་འདྲ་གསུང་ན་འདྲི་གི་རེད་པས་གྲོགས་པོ་ཚོ་་་་་ང་ལ་གསུང་རོགས་གནང་་་་་་་་་

  3. མེ་ཏོག་ཁྲ་བོ། says:
    2012-08-14 at 1:54 am

    ད་ནི་༧གོང་ས་༧མཆོག་གི་དབུ་ཁྲིད་དེ་མཉམ་འབྲེལ་རྒྱལ་ཚོགས་མདུན་ངོ་བརྒོལ་ཟས་བཅད་གནང་དགོས་པའི་དུས་ལ་སླེབས་ཡོད། རང་དབང་ལུང་པ་ཡོད་པ་སྲིད་སྐྱོང་བློ་སེང་གཅིག་པོའི་འགན་ག་ལ་ཡིན། གྷན་དྷི་དངོས་སུ་མི་མང་མཉམ་དུ་ཕེབས་ནས་རྒྱ་གར་རང་བཙན་ཐོབ་པ་རེད། ལྟ་བ་གྷན་དྷི་དང་གཅིག་མཚུངས་ཡིན་དགོས་ན་སྤྱོད་པ་དེ་བས་ཡིན་དགོས། བོད་རིགས་ནང་ནས་འཛམ་གླིང་ནང་མཚན་སྙན་ཆེ་ཤོས་ནི་༧ གོང་ས་༧ མཆོག་ལས་མ་མཆིས་ད་ནི་མི་རིགས་ཀྱི་རྩ་དོན་མཐའ་མའི་ཐག་ཆོད་ཡོང་བ་ལ་མགོན་པོ་མཆོག་མི་མང་ལས་འགུལ་སྤེལ་བ་དང་ལྷན་ཕེབས་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ། དེ་བཞིན་ཆོས་ཀྱི་དབུ་ཁྲིད་རྣམ་པ་ཚང་མས་ལས་འགུལ་མཉམ་ཞུགས་ཀྱིས་འཛམ་གླིང་ཕྱོགས་མཐར་གནས་པའི་སློབ་ཚོགས་ཡོངས་ལ་བོད་མི་རིགས་སྐྱོབས་ཆེད་རོགས་རམ་འབོད་བསྐུལ་བྱེད་རན་འདུག

  4. རི་རྒྱལ་ཏི་སེ། says:
    2012-08-14 at 2:17 am

    དཔའ་བོ་ཁྱེད་རྣམ་གཉིས་ཀྱི་ཆོས་སྦྱིན་གྱི་སྙིང་སྟོབས་ལ་གཟེངས་བསྟོད་དང༌། ༧རྒྱལ་བ་དོན་གྱི་བདག་པོར་དད་མདུན་རྩེ་གཅིག་པའི་ངང༌། རང་གི་མི་རིགས་དང་རྒྱལ་ཁབ་ལ་བཅངས་པའི་ལྷག་བསམ་གྱིས་གཞུང་བཟང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་འབྲེལ། ཕྱི་མ་ངན་སོང་གི་སྡུག་བསྔལ་དང་བྲལ་བའི་སླད་དུ། དྲ་གྲོགས་ཡོངས་ནས་མགོན་པོ་མི་འཁྲུགས་པའི་གཟུངས་འདི་གང་མང་ལྗགས་ཀློག་ཡོང་བ་མཁྱེན། ཨོཾ་བཛྲ་ཨཀྵོ་བྷྱ་སྭཱ་ཧཱ། ན་མོཿརཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྟྭཱ་ནཱཉྩ་སྭཱ་ཧཱ།

  5. ཀརྨ་སྐལ་བཟང་ says:
    2012-08-14 at 2:23 am

    རང་ལུས་མེ་སྲེད་གཏང་མཁན་དེ་ང་ཚོ་ཚང་མའི་དོན་དུ་རེད་ལ་སྟོད་ར་གཏང་ན་ཡག་པོ་རེད་། བུ་མོ་ཆོས་དབྱིངས་སྐྱིད་ལ་སྨད་ར་གཏང་དགོས་དོན་གང་ཡིན་ནམ་།ཅིག་ལ་སྟོད་ན་ཅིག་ལ་སྨད་དགོས་པའི་ཆ་བ་ཡོད་མ་རེད་ ལོ་སྨྲ་ཚར་གཅོད་ལྐུག་པ་རང་རེད་། མོ་འདྲ་པོ་བོད་ཀྱིས་ལོ་རྒྱུས་ཐོག་བྱུང་བ་དང་པོ་རེད་། དེ་ང་ཚོས་དགའ་སུ་ཞུ་དགོས་པ་རེད་། དགོས་པའི་དབང་གིས་རྟག་ཞི་བ་ལ་འ྄ཕྱགས་འཚལ་ལོ་གསུང་པ་ལྟར་། ཡང་ན་ཁྱེད་ཀྱིས་ཆོ་ཁ་གིས་ཕྱོགས་རིགས་ཡིན་འདྲ་། མིི་སྡུག་པོ་ལབ་པའི་སྔོན་ལ་བསམ་བློ་བརྒྱ་གཏང་། མོ་རང་བོད་ཀྱིས་དཔལ་མོ་བྱུང་བ་ལ་བོད་མི་དམངས་གིས་དགའ་སུ་བྱེད་འོས་པའི་དུས་ཁྱེད་འདྲ་བའི་མི་ངན་ངུ་ནས་འདུག་ལགས།

  6. གདོང་དམར་གྱི་གངས་ཕྲུག says:
    2012-08-14 at 3:15 am

     ཨོྃ་མ་ཎི་པདྨེ་ཧུྃ།  ཨོྃ་མ་ཎི་པདྨེ་ཧུྃ།  ཨོྃ་མ་ཎི་པདྨེ་ཧུྃ།  བོད་རིགས་སྤུན་ཟླ་རྣམས་རང་ལུས་མེ་བསྲེགས་མཚམས་འཇོག་བྱེད་དེ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཐུབ་ན་ཡག་པོ་རེད། ཡིན་གཅིག་་་་མན་གཅིག་་་་རང་སྲོགས་བློས་བཏང་དགོས་མ་རེད། ཨོ་རྩལ་འགྲན་ཚོགས་ཞུགས་མཁན་ལ་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུས་ཐུབ་པའི་རེ་བ་ཆེན་པོ་ཡོ་རེད།

  7. amdo baglab says:
    2012-08-14 at 3:42 am

    བོད་མི་སྙིང་སྟོབས་འདི། ཧ་ལས་པ་རེད། བཙན་བྱོལ་ནང་དུ་འདི་ལྟར་ཡོད་ན་དངོས་གནས་རླབས་ཆེན་ཆགས་རྒྱུ་ཉག་གཅིག་རེད། ད་གནས་ཚུལ་གོ་ཐོས་ཡོད་པ་ཐམས་ཅད་ཀྱིས། མ་ཎི་ཕྲེང་སྐོར་རེ་ངེས་གསུངས་རོག་ཞུ།

  8. ལོག་སྨྲ་ཚར་གཅོད། says:
    2012-08-14 at 3:57 am

    རང་ཉིད་ཀྱི་སེམས་སྡུག་ཡོད་ཚད་ངོ་དེབ་སོགས་ཀྱི་གྲོགས་ཕན་ཚུལ་བཤད་རེས་བྱོས།
    གཙོ་བོ་ང་ཚོས་བོད་ནང་གི་བོད་མིས་རང་ལུས་མེ་བསྲེག་བཏང་ཚད་གྲངས་ཀ་བརྒྱབ། ཕྱི་བསྒྲགས་བྱེད་བཞིན་བསྡད་ན་དེ་ཡང་ཐབས་ཤེས་ངོ་མ་ཤིག་མིན་པ་གསལ་བོ་རེད། བཙན་བྱོལ་དུ་ཡོད་པའི་གཞུང་དང་ཚོགས་པ་གང་རུང་གིས་དབུ་ཁྲིད་པའི་སྟེང་ནས། ཕྱི་ལྟོས་མེད་པའི་བོད་བསྐྱོད་ལས་འགུལ་སྤེལ་ན་འཕྱིས་དྲག་མེད་ནས་སྔ་དྲག་མེད་པའི་གནས་བབ་དེ་ཚང་མས་ཤེས་དགོས་པ་ཞིག་རེད། རྒྱལ་གཅེས་དཔའ་བོ་དེ་དག་གིས་རང་གི་ལུས་སྲོག་ལོངས་སྤྱོད་ཡོད་ཚད་བློས་བཏང་སྟེ། བོད་སྤྱི་བའི་བདེ་སྡུག་གི་ཆེད་དུ་ཨུ་ཐུག་ཐབས་ཟད་ངང་བསྔོས་ཟིན་ན། ང་ཚོས་རང་ཉིད་ཀྱི་འཁོས་འབྱོར་ཕྲན་བུ་རེ་བློས་མ་ཐོངས་པར་སྡོད་པ་ནི་ངོ་ཚ་དགོས་པ་ཞིག་རེད་ལ། སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱིས་ཤི་དུར་ཁུང་ནས་གཟིགས་པའི་ཚེ་ན་ཡང་། ང་ཚོའི་ཉེས་བ་གནམ་སར་ཤོངས་དཀའ་བ་བཤད་མ་དགོས་པ་ཞིག་རེད། དེ་བས་ཚང་མས་རང་གཞུང་ལ་ཁ་ཕྱོགས་ཏེ་འདིའི་སྐོར་ལ་བསམ་འཆར་འདོན་འགོ་བརྩམ་རྒྱུ་ལས་གང་ཡང་ལྷག་ཡོད་མ་རེད། སྤུན་ཟླ་ཚོ་ལངས་ཤོགས།

  9. རིན་ཆེན says:
    2012-08-14 at 4:43 am

    ཚེ་འདི་དང་ཕྱི་མ་ཐམས་ཅད་དུ། །དོན་བསམ་པ་ཡིད་བཞིན་འགྲུབ་པར་ཤོག ཅེས་ཚིག་བཟང་པོས་སྔོན་དུ་བཏང་ནས་བོད་ཀྱི་བདེ་དོན་ཆེད་དུ་རང་ལུས་མེ་བསྲེགས་གཏོང་མཁན་རྣམས་ལ་སྨོན་འདེབས་ཞུ་རྒྱུ་དང་པོ་ཡིན། གཉིས་པ་བཙོན་བྱོལ་བོད་མི་ཡོངས་ནས་མཁྱེན་དགོས་པ་ཞིག་ལ་རྡ་ས་རི་སྒང་དུ་ཁ་རྒྱག་པ་བཤད་ནས་དུས་ཚོད་སྐྱེལ་མཁན་བཙོན་བྱོལ་བོད་མིའི་མགོ་དཔོན་ཚོས་བོད་དོན་འཐད་དོན་ངོ་མ་ལས་ཀ་གང་བྱེད་ཀྱི་འདུག་ཞིབ་མོར་དཔྱོད་དང་། གསུམ་པ་ལྷ་དང་འདྲེ་རྩོད་ལེན་བྱས་ནས་ལོ་ངོ་བཅུ་ཕྲག་སོང་ཡང་ད་དུང་མུ་འཐུད་གནས་ཡོད་པས་བོད་རིགས་སྤྱན་ཟླ་ཡི་ནང་དབྱེན་སྦྱོར་དབྱེནདཀྲུགས་ལས་ཕན་ནུས་གང་བྱུང་སོང་། བཞི་པ་བོད་མིའི་གཞིས་སྒུར་རྣམས་སུ་མར་མེ་ཁྲོམ་སྐོར་ཁྲལ་སེལ་བྱེད་ནས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་བཏང་བའི་གདུང་སེམས་མཉམ་སྐྱེད་ཟེར་བ་དེ་བོད་ལ་ཡོད་པའི་བོད་མི་རྣམས་མགོ་སྐོར་ཐབས་མིན་ན་གང་རེད། ལྔ་པ་བྱམས་དང་སྙིང་བཤད་ནས་བོད་ཀབདེན་མཐའ་གསལ་རྒྱུ་ཡོད་ན་བོད་མི་མང་པོ་དེ་འདྲ་ལུས་སྲོག་མེ་ལ་བསྲེགས་བཅུག་དགོས་དོན་གང་ཡིན་ནམ།

  10. རིན་ཆེན says:
    2012-08-14 at 4:51 am

    ཚེ་འདི་དང་ཕྱི་མ་ཐམས་ཅད་དུ། །དོན་བསམ་པ་ཡིད་བཞིན་འགྲུབ་པར་ཤོག ཅེས་ཚིག་བཟང་པོས་སྔོན་དུ་བཏང་ནས་བོད་ཀྱི་བདེ་དོན་ཆེད་དུ་རང་ལུས་མེ་བསྲེགས་གཏོང་མཁན་རྣམས་ལ་སྨོན་འདེབས་ཞུ་རྒྱུ་དང་པོ་ཡིན། གཉིས་པ་བཙོན་བྱོལ་བོད་མི་ཡོངས་ནས་མཁྱེན་དགོས་པ་ཞིག་ལ་རྡ་ས་རི་སྒང་དུ་ཁ་རྒྱག་པ་བཤད་ནས་དུས་ཚོད་སྐྱེལ་མཁན་བཙོན་བྱོལ་བོད་མིའི་མགོ་དཔོན་ཚོས་བོད་དོན་འཐད་དོན་ངོ་མ་ལས་ཀ་གང་བྱེད་ཀྱི་འདུག་ཞིབ་མོར་དཔྱོད་དང་། གསུམ་པ་ལྷ་དང་འདྲེ་རྩོད་ལེན་བྱས་ནས་ལོ་ངོ་བཅུ་ཕྲག་སོང་ཡང་ད་དུང་མུ་འཐུད་གནས་ཡོད་པས་བོད་རིགས་སྤྱན་ཟླ་ཡི་ནང་དབྱེན་སྦྱོར་དབྱེནདཀྲུགས་ལས་ཕན་ནུས་གང་བྱུང་སོང་། བཞི་པ་བོད་མིའི་གཞིས་སྒུར་རྣམས་སུ་མར་མེ་ཁྲོམ་སྐོར་ཁྲལ་སེལ་བྱེད་ནས་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་བཏང་བའི་གདུང་སེམས་མཉམ་སྐྱེད་ཟེར་བ་དེ་བོད་ལ་ཡོད་པའི་བོད་མི་རྣམས་མགོ་སྐོར་ཐབས་མིན་ན་གང་རེད། ལྔ་པ་བྱམས་དང་སྙིང་རྗེ་བཤད་ནས་བོད་ཀྱི་བདེན་མཐའ་གསལ་རྒྱུ་ཡོད་ན་བོད་མི་མང་པོ་དེ་འདྲ་ལུས་སྲོག་མེ་ལ་བསྲེགས་བཅུག་དགོས་དོན་གང་ཡིན་ནམ། ཐུགས་རྗེ་གཟིགས་བོད་ཀྱི་བླ་དཔོན་རྣམས་ཀྱིས་ཁ་རྒྱག་པ་བཤད་ནས་དུས་ཚོད་མ་སྐྱེལ་རོགས་གནང་།། །།

  11. བླ་སྨྱོན་ says:
    2012-08-14 at 5:11 am

    ཕྱི་རྒྱལ་དང་རྒྱ་གར་དུ་ཡོད་པའི་བོད་མི་རྣམས་རང་སོའི་ལྟོགས་གོས་ཆེད་ངལ་ནག་གིས་ངོ་གདོང་ཁེབས་རྒྱུ་ལས་གཞན་ཁ་ཙམ་ལས་གང་ཡང་མེད་པ་ཉིན་རེ་ལས་ཉིན་རེ་ཇི་གསལ་དུ་གྱུར།། དྲག་དར་དམར་པོ་ཡི་འོག་ཏུ།།ཐར་བའི་ཚེ་སྲོག་འབུལ་མཁན་རྣམས།།ཕྱི་སྡོད་བོད་མི་རྣམས་ལ་ནི།།རེ་ལྟོས་ཡེ་ནས་མ་གནང་ཞིང་།། །།

  12. བསོད་ནམས། says:
    2012-08-14 at 6:03 am

    སེང་གེ་བཀའ་ཤག་ལགས། ཁྱེད་རང་བློ་བད་ེབོ་དང་གཉིད་ཁུགས་ས། ད་དུང་བོད་མི་མང་ལ་གཉིད་སྨན་སྤྲད་ནས་སྡོད་ཀྱི་ཡིན་ནམ། ད་ངོ་མ་བཟང་ཐག་ཆོད་པའི་ལས་འགུལ་ཞིག་མ་སྤེལ་ན་ང་ཚོས་བཀའ་ཤག་དང་གཞུང་འདིར་ངོ་རྒོལ་དང་རྩིས་མེད་གཏོང་རྒྱུ་ཡིན། མིང་དང་རྐུབ་ཀྱོག་དགོས་པ་ནང་བཞིན་ད་མི་མང་ཁྲིད་ནས་འགྲོ་དགོས།

  13. གནམ says:
    2012-08-14 at 6:18 am

    ཕྱོགས་སོ་སོ་ནས་བོད་མི་རེ་རེ་རང་གི་ནུས་བ་ཡོད་ཚོད་ཀྱིས་སྒར་བླངས་བྱེད་པའི་དུས་ལ་བབ་པ་རེད། གཞུང་ལ་ཁ་གཏང་བའི་དུས་ཞིག་མ་རེད།
    རྒྱ་ཁབ་སོ་སོ་ནས་ཡིན་ཐལ། བོད་མི་ག་ཚོད་མེ་ལ་མཆོད་པའི་མྱི་གྲངས་ཙམ་ཞིག་ངོས་པར་དུ་ཕྱོགས་སོ་སོ་ནས་རྒྱ་དམར་གཞུང་ཚབ་སྒོ་ཁ་ནས་ཧྥ་ལོང་གོང་ལྟར་ངོ་རྒོལ་རྒྱུན་མི་ཆད་པར་ཤོག

  14. ལུང་རྟོགས། says:
    2012-08-14 at 8:29 am

    སོ་སོ་ཡར་ལང་ནས་ལས་འགུལ་སྤེལ་ན་སུས་ཀྱང་བཀག་ཡོད་པ་མ་རེད། སྐབས་འཚོལ་བ་འདི་ཚོས་ངོ་མ་སུན་བཅུག་གི

  15. ས་ཡ་༦་ says:
    2012-08-14 at 8:42 am

    ལུང་རྟོགས་ལགས་ལ་ཡིད་མོན་བྱེད་བཞིན་ཡོད་ལ་ད་ང་ཚོ་རང་དབང་ལུང་པ་ལ་ཡོད་པ་ཚང་མས་བསམ་བློ་གཏོང་དགོས་པ་གལ་ཆེ་༑

  16. དགེ་བསྙེན་རྡོ་རྗེ་ says:
    2012-08-14 at 9:18 am

    བསྲེགས་ནས་ངོ་རྒོལ་བྱས་པ་ལས། གསོན་ནས་ངོ་རྒོལ་བྱས་པ་མི་བཟང་ངམ། བདེན་པ་ཉིད་རྒྱལ་འགྱུར་ཅིག །

  17. བོད་འཁྱར་ says:
    2012-08-14 at 9:57 am

    འོ་ཡ་གྲྭ་གྲོགས་ཚོ་ཉོན་དང་ ལོག་སྨྲ་ཚར་གཅོད་ཟེར་བ་འདི་ཧ་ཅང་སེམས་ཤུགས་ཅན་ཞིག་རེད་འདུག་པས་རང་ལུས་མེ་མཆོད་ཕུལ་ཐག་ཆོད་རེད་ཡ་་་ ཨོྂ་མ་ཎི་པདྨེ་ཧཱུྂ།

  18. འདྲེ་ནག་མགོ་དགུ་ says:
    2012-08-14 at 9:57 am

    མངོར་ན་མགོན་པོ་སྤྱན་རས་གཟིགས་དབང་གིས། །སྲས་བཅས་རྒྱལ་བའི་སྤྱན་སྔར་གངས་ཅན་ཞིང་། །
    ཡོངས་བཟུང་རྒྱ་ཆེའི་སྨོན་ལམ་གང་མཛད་པ། །འབྲས་བཟང་དེང་འདིར་མྱུར་དུ་འཆར་བར་མཛོད།་།
    བྱང་ཆུབ་སེམས་དཔའ་དེ་དག་གི་སྨོན་ལམ་་མྱུར་དུ་འགྲུབ་པར་ཤོག

  19. བླ་སྨྱོན་ says:
    2012-08-14 at 10:29 am

    བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ཕྱག་ལས་གང་གནང་དགོས་མིན་སོགས་རྩོད་ལན་མ་གནང་བར་ཆོས་ཀྱི་དབུ་ཁྲིད་རྩོད་ལེན་བྱས་ནས་ཉི་མ་འཕུལ་ཐབས་མ་གནང་རོགས། སྔོན་རྒྱ་དམར་དམག་མི་ཆབ་མདོ་འབྱོར་དུས་བོད་ཀྱི་དཔོན་རིགས་ཚོས་དམག་ག་གྲ་སྒྲིག་མ་བྱས་པར་གཏོར་མ་འཕེན་ཏེ་ལྷ་སྲུང་རེ་ལྟོས་བྱས་པ་དང་གཅིག་མཚུངས་མ་གནང་རོགས། སྤུན་གྲོགས་ཚོས་བསམ་བློ་ཐོངས་ཤིང་། བསམ་བློ་ཐོངས་ཤིང་།།

  20. རང་དབང་ཨ་རྡུ་མན་ says:
    2012-08-14 at 3:00 pm

    གངས་ལྗོངས་ཕ་ནུ་ཚོ་་་་་་་རྨོངས་གཉིད་ལས་སད་དང་་་་་་ཁྱེད་རང་ཚོས་ལས་ཀ་དེ་ནི་་་་་་རང་གཞན་གཉིས་ཕུང་དང་འདི་ཕྱི་གཉིས་ཕུང་ལས་གཞན་ཕུན་ཐོག་གང་ཡང་མེད་པའི་ཁར་་་་ད་དུང་༧ གོང་ས་མཆོག་ལ་འཛམ་གླིང་མི་དམངས་ཚོས་མཐོང་ཆུང་བྱེད་སའི་ཡུལ་དུ་གྱུར། བཙན་བྱོལ་བོད་མི་ཚོ་ནི་སུན་སྣང་སྐྱེས་བཞིན་མཆིས།
    བློ་སེང་གཙོས་བརྡ་སའི་དཔོན་ངན་ཚོར་ཕྱི་གླིང་འགོ་ཁྲིད་ཚོ་མཇལ་ཕྲད་བྱེད་ཡག་གི་ལག་ཆས་ཙམ་ལས་དོན་དངོས་ཐོག་བོད་དོན་ལ་ཕུན་ཐོག་ཏིལ་འབྲུ་ཙམ་ཡང་མེད་པ་མ་ཟད་་་་རྒྱ་ནག་ནས་དམ་དྲག་ཤུགས་ཆེར་བཏང་དང་གཏོང་བཞིན་ཡོད།
    གོང་ས་མཆོག་བོད་ལ་ཕེབས་ཡག་ལ་འགོག་རྐྱེན་ཆེས་ཤོས་མེར་སྲེག་ལས་ཀ་དེ་ཆགས་ཡོད། ད་དུང་ཀརྟི་བླ་མས་བརྡ་སའི་དཔོན་ངན་ཚོའི་མདུན་དུ་ཞེ་པོ་འཇོན་ཡོད་མདོག་མདོག་བྱེད་བཞིན་ཡོད་་་་རྣམ་རྟོག་སློང་མཁན་རང་རེད་་་ད་དུང་ལུས་གྲ་ཆས་ཤིག་གྱོན་གྱི་འདུག་་་འདུལ་བ་མ་ཤེས་མཁན་སྤོར་ཏོག་གཡག་སྙིང་ཅན་ནང་པའི་ཆོས་ཀྱི་ཞབས་འདྲེན།
    གསོད་ཕམ་ལ་བཅོལ་རྫོགས་ཡོད་པ་དེ་ད་བར་མ་ཚོར་རམ་་་་་
    མདོར་བསྡུས་ནས་བཤད་ན་་་་མེར་སྲེག་ལས་ལས་ཀ་འདིས་་་་རང་དབང་བཙོང་ནས་མནར་གཅོད་དང་ཉོས་པ་དང་་་་བོད་རྒྱ་ཞི་མོལ་གྱི་ལམ་བུ་གཅོད་བྱེད་ཀྱི་རལ་གྲི་་་་་གོང་ས་མཆོག་ལ་ཞི་བདེའི་རྟགས་མ་ཡར་བསྡུས་ནས་དྲག་དམག་གི་སྤྱི་ཁྱབ་ལ་བསྐོས་ཡོད།།

  21. འདྲེ་ནག་མགོ་དགུ་ says:
    2012-08-14 at 4:57 pm

    གཞིས་ལུས་སྤུན་ཟླ་ཚོ། ཁྱེད་རྣམ་པས་༧གོང་ས་མཆོག་བོད་དུ་ཕེབས་བཅུག་དགོས་པ་དང་། བོད་ལ་ཆོས་དད་་རང་དབང་དང་། སྨྲ་བརྗོད་རང་དབང་། འགྲོ་འདུག་རང་དབང་། རང་ས་རང་སྲུང་གི་རང་དབང་།
    མི་རིགས་ཀྱི་ཐོབ་ཐང་སོགས་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་དུ་ཕུལ་བ་དེ་ཆུད་ཟོས་ནམ་ཡང་སོང་མེད་ལ། འགྲོ་
    ཡང་མི་སྲིད། ང་ཚོར་ཁྱེད་རྣམ་པར་མཆོད་འབུལ་སྨོན་ལམ་ཚུན་ཆད་གང་ཐུབ་ཞུ་བཞིན་ཡོད་ལ། འདི་གར་
    ༧རྒྱལ་བ་རིན་པོ་ཆེ་དང་། ས་སྐྱ་གོང་མ་རིན་པོ་ཆེ། ཀརྨ་པ་རིན་པོ་ཆེ། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སོགས་
    བླ་མ་སྐྱེས་ཆེན་དམ་པ་ཚང་མས་ཐུགས་སྨོན་སྐྱབས་འཇུག་གནང་གིན་འདུག བཀའ་ཁྲི་བློ་བཟང་སེང་གེ་
    མཆོག་གིས་དབུས་བོད་གཞུང་གི་ལས་ཀྱི་སྣེ་མོར་གཏོགས་་པ་ཚང་མས་རང་ནུས་གང་ཡོད་ཀྱིས་འདིའི་ཐོག་
    ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་མང་བོ་དང་མཇལ་འཕྲལ་གནང་སྟེ་ཁྱེད་རྣམ་པའི་རེ་འབོད་དོན་འཁྱོལ་ཡོང་ཐབས་གནང་གིན་འདུག་ལ། དེ་བཞིན་གཞུང་མིན་པའི་ཚོགས་པ་སྐྱིད་སྡུག་དང་མི་མང་བཅས་ནས་རང་ནུས་
    ཡོད་ཀྱིས་ཤུགས་རྒྱག་བཞིན་ཡོད། ཁྱེད་རྣམ་པའི་སྐུ་ལུས་མེ་མཆོད་ཕུལ་བ་དེས་འཛམ་གླིང་མི་མང་སེམས་འགུལ་ཐེབས་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་དངངས་སྐྲག་ལངས་ཏེ་ཅི་བྱེད་འདི་བྱེད་མེདཔར་ཆགས་ཡོད། ཁོ་བ་ཚོས་དྲག་པོའི་དཔུང་ཤུགས་ངོམ་པ་ནི་འཆི་ཁའི་འཕར་འཚག་རེད། ཕྱི་ལོགས་སུ་ཡོད་པའི་
    ཀླ་ཀློའི་རྒྱུག་ཁྱི་ཁ་ཤས་ཡོད་པ་དེ་དག་ཀྱང་དངངས་སྐྲག་ལངས་ཏེ་ཉལ་ན་གཉིད་མི་ཁུག་པའི་ཚོད་ལ་བསླེབས་
    འདུག ཁོ་བ་ཚོས་འདིར་སྨྲ་བརྗོད་རང་དབང་བེད་སྤྱད་ནས་སྤྱི་ཚོགས་ནང་ལ་དཀྲུག་ཤིང་བསླང་རྒྱུ་དང་།
    ཁྱེད་རྣམ་པར་སེམས་ཁུར་ཡོད་མདོག་གིས་སྐྱག་རྫུན་བཤད་པ། ༧རྒྱལ་བ་རིན་པོ་ཆེ་སོགས་ལ་མཙན་སྨད་
    ཞུ་བ་སོགས་བྱསདང་བྱེད་མུར་ཡང་། ཁོ་ཚོར་གྲུབ་འབྲས་ནི་རྒྱ་སྒོར་ཁ་ཤས་ཤིག་ལས་གཞན་རི་བོང་རྭའི་
    སྤུན་ཟླར་གྱུར་ཡོད། ལེགས་ཉེས་བླང་དོར་གྱི་གནས་ལ་རྣམ་དཔྱོད་མཆོག་ཏུ་ཡངས་པའི་བོད་མི་མང་རྣམས་
    མོལ་ཁ་ཆོས་ལུགས་ཀྱི་དབྱེ་བ་མེད་པར་རྡོག་རྩ་གཅིག་ལ་བསྐྲིལ་ཟིན་པས། ཁོ་བ་ཚོ་ལ་དེ་ཟུག་གཟེར་དྲག་པོ་
    ཞིག་ལང་བཞིན་འདུག མདོར་ན་བོད་ནང་དུ་སྐུ་ལུས་མེ་ལ་བསྒྲོན་དང་སྦྲོན་བཞིན་པ་འདི་དག་གི་འགན་
    ཡོངས་རྫོགས་རྒྱ་དམར་གཞུང་ལ་ཡོད་པ་ལས་གཞན་ལ་སུ་ལ་ཡང་ཁག་དཀྲི་བྱེད་མེད་པ་འཛམ་གླིང་མི་མང་
    ཡོངས་ཀྱིས་མཁྱེན་བཞིན་ཡོད་པ་རེད། བོད་རྒྱལ་ལོ། བོད་རྒྱལ་ལོ། རྒྱ་དམར་ཕམ་པར་རྒྱོབས།

  22. འདྲེ་ནག་མགོ་དགུ་ says:
    2012-08-14 at 5:13 pm

    ང་ཚོར་ཁྱེད་རྣམ་པར་ཞེས་པ་༼ ང་ཚོས་ཁྱེད་རྣམ་པར་མཆོད་འབུལ་ ༽ ལ་བཅོས།
    དེ་བཞིན་གཞུང་མིན་པའི་༼ གཞུང་འབྲེལ་མིན་པའི་ ༽ལ་བཅོས།
    ཁོ་བ་ཚོ་ལ་དེ་ཟུག་གཟེར་༼ ཁོ་བ་ཚོ་ལ་དེ་བས་ཟུག་གཟེར་ ༽ལ་བཅོས།

  23. ཀརྨ་སྐལ་བཟང says:
    2012-08-14 at 8:37 pm

    འདྲེ་ནག་འདྲེ་ནག་རང་རེད་མིང་དོན་གཉིས་མཚུངས་པའི་མི།
    ་ཁྱེད་རང་ད྄་ཕྲུག་མིན་ན་ག་སྲིད་ཕ་མ་ཡོད་ན་མེ་ལ་བསྲེགས
    ཁྱེད་རང་རང་བསྲེགས་གཏང་ཁྱེད་ལ་སྤུན་མཆེད་ཡོད་འང་མེ་ལ་རྒྱོབ་
    དེ་ནས་་སྐྱབས་མགོན་ཆེན་པོ་རྣམས་ཀྱིས་སྨོན་ལམ་འདེབས་ཀྱི་རེད་།
    བླ་མ་ལ་དད་པ་ཡོད་མདོག་ཁ་པོ་མ་བྱེད་རོགས། མི་རང་སུ་ཡི་ཡང་
    ད་བའི་རྟེན་འདིར་ཡིན་བཞིན་ནོར་ལས་ལྷག།

  24. འདྲེ་ནག་མགོ་དགུ་ says:
    2012-08-14 at 8:47 pm

    གཞན་འདིའི་ནང་དུ་༧གོང་ས་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་གཉིས་ལ་མཚན་སྨད་ཞུ་མཁན་དག་ལ་
    སྐྱག་པ་ཟོ་ཟོ་ཟོ་ཟོ་

  25. འདྲེ་ནག་མགོ་དགུ་ says:
    2012-08-14 at 8:58 pm

    སྐལ་བཟང་ཡིན་ན་ཅིག་སྐྱག་པ་སྐལ་བཟད་ཁྱོད་གདོན་འདྲེ་ང་ལ་སྐྱབས་འགྲོ་བྱེད་མཁན་དེ་མིན་ནམ།
    ངས་ཁྱོད་དམྱལ་བའི་མཐིལ་ལ་འཕེན་དུས་འགྱོད་པ་མ་སྐྱེ་ཨ། ཁྱི་རྒན་རང་རེད་སྐྱབས་བཅོལ་ས་༧རྒྱལ་བ་
    ཡིད་བཞིན་ནོར་བུ་ཕར་བཞག་ནས་འདྲེ་ནག་ང་ལ་སྐྱབས་སུ་འགྲོ་ཡི་འདུག་ག ད་དུང་ནང་པ་ཡིན་མདོག
    ཞབས་འདྲེན་རང་རེད། ང་ཚོ་བོད་ལ་འདི་འདྲ་སྐྱེ་དགོས་རྒྱུ་ལ་ཨང་།

  26. བླ་སྨྱོན་ says:
    2012-08-14 at 10:00 pm

    འདྲེྲེྲེ་ནག་གིས་བཤད་ཡ་ལ་ལྟོས་དང་། ག་རེ་་སྐྱབས་མགོན་རིན་པོ་ཆེ་ལ་སོགས་པས་བསྔོ་སྨོན་གསོལ་འདེབས་ཞུ་ཡི་འདུག བོད་མི་རྣམས་ཀྱི་ཚེ་སྲོག་མཁན་ཁྱེད་དང་ཁྱེད་འདྲ་བའི་ཀླ་ཀློ་རྣམས་གཅིག་པ་རེད།

  27. བླ་སྨྱོན་ says:
    2012-08-14 at 10:00 pm

    འདྲེྲེྲེ་ནག་གིས་བཤད་ཡ་ལ་ལྟོས་དང་། ག་རེ་་སྐྱབས་མགོན་རིན་པོ་ཆེ་ལ་སོགས་པས་བསྔོ་སྨོན་གསོལ་འདེབས་ཞུ་ཡི་འདུག བོད་མི་རྣམས་ཀྱི་ཚེ་སྲོག་འཕྲོག་མཁན་ཁྱེད་དང་ཁྱེད་འདྲ་བའི་ཀླ་ཀློ་རྣམས་གཅིག་པ་རེད།

  28. མིག་བརྒྱད་པ། says:
    2012-08-14 at 10:13 pm

    ཞི་བདེའི་དེད་དཔོན་མཆོག་གི་བཀའ་དགོངས་ལྟར།།
    བྲིས་པའི་གདོང་དམར་བོད་པའི་མིང་བྱང་འདི།།
    དགུང་དུ་འདེགས་པའི་དཔའ་བོ་དཔའ་མོ་ཚོའི།།
    སེམས་ཀྱི་སྒྲོན་མེ་ནམ་ཡང་ཤི་བ་མེད།།

    འཇིགས་རུང་མུན་པ་ཐང་ལ་འཕྱན་དུས་སུ།།
    ཀུན་གསལ་ནང་གི་བདེན་པའི་མེ་དཔུང་གིས།།
    རང་ལུས་བསྲེགས་པ་དཔའ་བོ་དཔའ་མོའི་ཚོའི།།
    སེམས་ཀྱི་སྒྲོན་མེ་ནམ་ཡང་ཤི་བ་མེད།།

  29. འདྲེ་ནག་མགོ་དགུ་ says:
    2012-08-14 at 11:58 pm

    བླ་མས་ཤི་བོ་ལ་བསྔོ་སྨོན་གནང་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གནས་ཚུལ་ཡིན་གྱི། སུས་རང་ལུས་
    མེར་སྲེག་གཏོང་བ་ལ་སྐུལ་གྱིན་འདུག ༧གོང་ས་མཆོག་ལ་སོགས་པས་ཐུགས་སྨོན་སྐྱབས་འཇུག་ལོས་མཛད།
    འདྲེ་ནག་ང་ལ་སྐྱབས་སུ་སོང་ནས་སྨྱོན་པར་ཆགས་པ་བླ་སྨྱོན་ཁྱོད་དང་ཁྱོད་འདྲ་བ་རྣམས་ཀྱིས་ཤི་བོར་བསྔོ་
    སྨོན་སྐྱབས་འཇུག་གནང་ན་རང་ལུས་མེར་སྲེག་ལ་སྐུལ་འདེད་བཏང་བ་ཡིན་པའི་ཁྱབ་པ་ཞིག་སྒྲུབས་དང་།
    རིགས་ལམ་ལ་བྱ་ང་མ་བྱང་གི་རོལ་རྩེད་བྱའོ། །

  30. ཀརྨ་སྐལ་བཟང་ says:
    2012-08-15 at 12:41 am

    འདྲེ་ནག་ཁྱེད་སྐྱིས་སློབ་སྦྱོང་དེ་ཕལ་ཆེན་afghan Taliban ་ནས་བྱེད་ཡོད་ས་རེད་།་ མི་ལ་ངན་བཀུར་དང་འཇིག་བཀུར་བྱེད་མཁན་མི་འཆི་ཚར་ན་བླ་མའི་འགྲོན་གི་རེད་ཟེར་བ་སོགས་་རྨོངས་དད་ཅང་་བྱེད་ནས་མ་འདུག་རོགས་་དེ་སང་དུས་རབ་ཉེ་ཅིག་རེད། སོ་སོ་སྡིག་པ་བསགས་པ་དེ་སོ་སོ་ཁུར་དགོས་པ་རེད་མ་ཏོག་བླ་མའི་ཁུར་་གི་མ་རེད་། གླུན་པོ་འདྲེ་ནག་མགོ་དགུ་ཁྱེད་དང་ཁྱེད་རང་ནང་མིས་རང་ལུས་མེ་བསྲེགས་ན་སྐྱབས་མགོན་རྣམས་ཀྱིས་དམྱལ་བ་ནས་ཁྱེར་ནས་ཁྱེད་བདེ་བ་ཅན་ལ་མི་འགྲོ་བ་ཐེ་ཚོམ་མེད་་་་་ལྐུགས་པ་རང་རེད་་་་་་་་་་

  31. འདྲེ་ནག་མགོ་དགུ་ says:
    2012-08-15 at 11:27 am

    ཡ་ཁོ་རེ་སྐལ་བཟང་དུ་བཏགས་པ་སྐལ་ངན་དུ་སོང་བ་ལྟས་ངན་འུག་པ་མགོ་ཁྱོད། ཤི་རྣ་ཐལ་བས་མ་བཀབ་
    ན། རྣ་སྐམ་དེ་གླགས་ནས་ཉོན་ཅིག ངས་སློབ་སྦྱོང་གང་ལ་བྱས་བརླ་འཚོང་ཁྱོད་ལ་ཇུས་གཏོགས་སྐར་ལི་ཅིག་ཡོད་མ་རེད། ཀླ་ཀློའི་རྒྱུག་ཁྱི་ཁྱོད་ལྟ་བུ་བྱས་ནས་མི་ཡུལ་ལ་སྡོད་པ་ལས་དམྱལ་བ་མནར་མེད་ལ་ལྷུང་ཡང་འགྱོད་པ་མེད་ཧ་གོ་སོང་ངམ། ཕ་རུས་འཚོང་མཁན་རང་རེད། ད་དུང་སངས་རྒྱས་ཀྱི་བསྟན་བསྟན་པ་དང་བོད་མི་ཡ་དྲུག་གི་བདེ་དོན་ཆེད་དུ་སྐུ་ལུས་མེ་མཆོད་དུ་ཕུལ་མཁན་ཚོ་སྡིག་པའི་དབང་གིས་དམྱལ་བར་སྐྱེ་གི་ཟེར་བ་ཁོ་ནས་ཁྱོད་རང་ཀླ་ཀློའི་རྐུབ་ལ་ལྕེ་ལེབ་ལྡག་མཁན་པ་ཅིས་མི་ཤེས། ང་ཚོ་བོད་པ་ཚང་མ་རྒྱུག་ཁྱི་
    ཁྱོད་ལྟར་བུ་གླེན་པས་ཕ་ཡི་བཅོམ་མཁན་ག་ལ་ཡིན། རྒྱ་དགའ་མ་ཁྱོད་རྒྱ་ནག་་ལ་མགྱོགས་པོར་རྒྱུགས་མ་གཏོགས་ཝུ་ཅེན་ཐའོ་ལ་སྐྱག་པ་ཤོར་གྲབས་འདུག་པས། གལ་སྲིད་རྒྱུག་ཁྱི་གཞན་ཚོས་ཧབ་ཐོབ་བརྒྱབ་ན་
    ལྟས་ངན་འུག་པ་མགོ་ཁྱོད་ལ་རག་མི་་ཡོང་།

  32. འདྲེ་ནག་མགོ་དགུ་ says:
    2012-08-15 at 11:33 am

    རྐུབ་ལ་ལྕེ་ལེབ་ལྡག་མཁན་ཡིན་པ་ཅིས་མི་ཤེས་ལ་༼ འཆོས་ཤིག

  33. བླ་སྨྱོན་ says:
    2012-08-15 at 12:15 pm

    ཁྱོད་འདྲེ་ནག་མགོ་དགུ་ནས་ཁ་ནས་སྐད་ཆ་སྣང་དགུ་བཤད་ནས་ད་དུང་བོད་མི་མང་པོ་ཞིག་གི་ཚེ་སྲོག་མེ་ལ་བསྲེག་རྒྱུའི་གྲྭ་སྒྲིག་བྱོས་ཤིང་། ཁྱོད་རང་མེ་བསྲེག་གཏང་ན་གོང་ས་མཆོག་དང་། ཀིརྟི་རིན་པོ་ཆེ་རྣམས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་སུ་འདྲེན་གྱི་རེད་ཟེར་ནས་ཆོས་ལོག་པ་སྤེལ། དེ་འདྲ་ཡི་བསྟན་བཤིག་ལ། ཁྱོད་རང་དམྱལ་བ་འགྲོ་དུས་མཉམ་དུ་སྐྱབས་མགོན་རྣམས་ཀྱང་མི་ཁྲིད་པའི་རེ་བ་ཡོད།

  34. འདྲེ་ནག་མགོ་དགུ་ says:
    2012-08-15 at 9:22 pm

    རྣམ་རྟོག་ལང་མཁན་རང་རེད། སྐྱབས་མགོན་དེ་དག་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཤ་
    སྟག་ཡིན་པ་ཡོངས་གྲགས་ཡིན་ན། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དམྱལ་བར་སྐྱེ་ཡི་རེད་ཟེར་བ་བླ་སྨྱོན་ནང་ནས་ཡང་ཆགས་པ་རང་རེད། དེ་བླ་སྨྱོན་དྲགས་འདུག་ན་དྲ་གྲོགས་ཚོས་ཁོ་་སྨྱོ་ནད་སྨན་ཁང་ལ་གཡུགས་
    རོགས་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme