Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞབས་འདྲེན་མ་ཞུ་ཨང་། ༼ཚན་པ་གཉིས༽

Posted on 2012-08-13 By ཁ་བརྡ་ 25 Comments on ཞབས་འདྲེན་མ་ཞུ་ཨང་། ༼ཚན་པ་གཉིས༽

ལུང་རྟོགས་རྒྱལ་མཚན།

༡༽བོད་ལ་ཡོད།

བྱམས་བརྩེ་ལྡན་པའི་ཆོས་ལུགས་བོད་ལ་ཡོད།།
གཟི་བརྗིད་ལྡན་པའི་ལོ་རྒྱུས་བོད་ལ་ཡོད།།
རིན་ཐང་ལྡན་པའི་རིག་གཞུང་བོད་ལ་ཡོད།།
དཔའ་མཛངས་ལྡན་པའི་རྒྱལ་བློན་བོད་ལ་ཡོད།།
གངས་ཅན་བོད་ཀྱི་རིགས་རྒྱུད་ཕ་བཟང་བུ།།
ཕ་མེས་བཟང་པོའི་ཞབས་འདྲེན་མ་ཞུ་ཨང་།།

གཞན་སེམས་འགུགས་པའི་གཤིས་རྒྱུད་བོད་ལ་ཡོད།།
གནས་ཚད་མཐོ་བའི་སྐད་ཡིག་བོད་ལ་ཡོད།།
རྒྱུ་འབྲས་ལྡན་པའི་དྲང་ཚུགས་བོད་ལ་ཡོད།།
འགྱུར་བ་མེད་པའི་ཕྱི་ཐག་བོད་ལ་ཡོད།།
གངས་ཅན་བོད་ཀྱི་རིགས་རྒྱུད་ཕ་བཟང་བུ།།
ཕ་མེས་བཟང་པོའི་ཞབས་འདྲེན་མ་ཞུ་ཨང་།།

གནམ་ལས་མཐོ་བའི་སྤོབས་པ་བོད་ལ་ཡོད།།
ས་ལས་ཆེ་བའི་སྙིང་སྟོབས་བོད་ལ་ཡོད།།
ལྕགས་ལས་མཁྲེགས་པའི་མི་གཤིས་བོད་ལ་ཡོད།།
སྟག་ལ་འགྲན་པའི་དཔའ་ངར་བོད་ལ་ཡོད།།
གངས་ཅན་བོད་ཀྱི་རིགས་རྒྱུད་ཕ་བཟང་བུ།།
ཕ་མེས་བཟང་པོའི་ཞབས་འདྲེན་མ་ཞུ་ཨང་།།

༢༽ཞབས་འདྲེན་ཡིན།

མེས་པོའི་བཀའ་དྲིན་བརྗེད་ན་ཞབས་འདྲེན་ཡིན།།
རང་རིགས་སྐད་ཡིག་བརྗེད་ན་ཞབས་འདྲེན་ཡིན།།
རྒྱུ་འབྲས་སྤངས་བླངས་བརྗེད་ན་ཞབས་འདྲེན་ཡིན།།
མི་རིགས་ལ་རྒྱ་བརྗེད་ན་ཞབས་འདྲེན་ཡིན།།
གངས་ཅན་བོད་ཀྱི་རིགས་རྒྱུད་ཕ་བཟང་བུ།།
ཕ་མེས་བཟང་པོའི་ཞབས་འདྲེན་མ་ཞུ་ཨང་།།

དགྲ་ལ་མགོ་བོ་སྒུར་ན་ཞབས་འདྲེན་ཡིན།།
སྤུན་ཟླ་ནང་འཁྲུག་བྱས་ན་ཞབས་འདྲེན་ཡིན།།
གཞུང་དྲང་ཕྱི་ཐག་མེད་ན་ཞབས་འདྲེན་ཡིན།།
རྐུ་རྫུན་གཡོ་ཁྲམ་བྱས་ན་ཞབས་འདྲེན་ཡིན།།
གངས་ཅན་བོད་ཀྱི་རིགས་རྒྱུད་ཕ་བཟང་བུ།།
ཕ་མེས་བཟང་པོའི་ཞབས་འདྲེན་མ་ཞུ་ཨང་།།

སེམས་རྒྱུད་ཡོན་ཏན་མེད་ན་ཞབས་འདྲེན་ཡིན།།
གཞན་ཕན་ལྷག་བསམ་མེད་ན་ཞབས་འདྲེན་ཡིན།།
ཉམ་ཐག་སྙིང་རྗེ་མེད་ན་ཞབས་འདྲེན་ཡིན།།
སྤྱི་དོན་སེམས་ཁུར་མེད་ན་ཞབས་འདྲེན་ཡིན།།
གངས་ཅན་བོད་ཀྱི་རིགས་རྒྱུད་ཕ་བཟང་བུ།།
ཕ་མེས་བཟང་པོའི་ཞབས་འདྲེན་མ་ཞུ་ཨང་།།

སྙན་ངག

Post navigation

Previous Post: སྙན་ངག་གི་ལེའུ། ༼སྙན་ངག་ཚན་པ་བཞི༽
Next Post: དུས།

Comments (25) on “ཞབས་འདྲེན་མ་ཞུ་ཨང་། ༼ཚན་པ་གཉིས༽”

  1. བཀའ་འགྱུར་མགོ་སེ says:
    2012-08-13 at 3:07 am

    ཕ་བཟང་མེས་དབོན་བུ་ཞིག་གིས་སྐད་ཆ་ངོ་མ་དེ་་་་་་་་་སླེབ་བྱུང་་་་་་་་་་་་་་་་་མ་འོང་བའི་གསོན་རྩ་བོད་པའི་བུ་ཕྲུགས་དག་གིས་མ་བརྗེད་པར་གནང་རོག་

  2. གནམ་གྱི་བུ། says:
    2012-08-13 at 3:50 am

    ཡག་པོ་གསུང་འདུག་
    ངོ་སོ་བསྟོད་

  3. དོམ་ཁྲ says:
    2012-08-13 at 4:54 am

    བཟང་གི་ངོ་མ་བཟང་གི གངས་ཅན་པ་ཙམ་མ་ཚད་འགྲོ་བ་མིའི་རིགས་ཀྱིས་བླང་དོར་གཉིས་ཀྱི་རྡོམ་ཚིག་ཆེན་པོ་ཞིག གཞས་པ་གྲགས་ཅན་ཞིག་གིས་གཞས་གདངས་ཀྱི་ལམ་ནས་གཅིག་གསུང་པ་ཡིན་ན་ཅི་འདྲ་བཟང་གི

  4. མེ་ཏོག་དཀར་པོ། says:
    2012-08-13 at 5:10 am

    ང་ཚོ་ལ་བསླབ་བྱས་མ་འདང་བ་གང་ཡང་མེད། ཁ་ཐོགས་ཚད་ཀྱིས་བསླབ་བྱ་རྒྱབ་ན་ཁྱད་ཚར་འདུག་ག ཧ་ཧ་ཧ གད་མོ་བྲོ་བཅལ་ཨང་།

  5. ལུང་རྟོགས། says:
    2012-08-13 at 6:10 am

    རྣམས་པ་ཚོ་ཕེབས་ནས་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ། དྲ་གྲོགས་གཞན་ལ་བསླབ་བྱས་མ་འདང་པ་མེད་ངེས་ཀྱང་། མེ་ཏོག་དཀར་པོ་ལྟ་བུ་དག་ལ་འདི་འདྲའི་བསླབ་བྱ་རེ་མ་རྒྱབ་ན་རང་ངོ་རང་གིས་ཤེས་ཀྱི་མི་འདུག ཧཧཧ

  6. ཁ་བ་དཀར་པོ་ཕོ་གསར། says:
    2012-08-13 at 6:24 am

    ཞབས་འདྲིན་ལན་གསུམ་ཞུ་པའི་དགུ་བཅུ་གསུམ་གྱི་ཚོགས་གཞོན་ཀླུ་མཁར་བྱམས། དང་པོ། བདེ་སྲུང་བོད་གནས་ཉམས་ནང་ལ་ལོ་བདུན་སྡོད་ཡོད་ནའམ་ཕྱག་ཚོད་8 ལས་ཁུངས་ནང་ལ་སྡོད་མྱོང་མེད། གཉིས་པ། ཟ་གོས་འགོ་མ་ཐུབ་པ་ལོ་ངོ་བཞི་རིང་ལ་ཁྱི་སྨྱོན་རྒྱུག་རྒྱུག་བྱས། གསུམ་པ། དགུ་བཅུ་གསུམ་གྱི་ཚོགས་གཞོན་ལ་སླེབས་ནས་དཔལ་འབྱོརགྱི་ཁོར་སྒྲུབས་བྱེད་མ་ཐུབ་པ་གཏན་འཇགས་མ་དངུལ་འབུམ་10 བཏོན་ཟིན་པ་རེད་འདུག

  7. ཇ་མ་ says:
    2012-08-13 at 9:20 am

    ཁ་བ་དཀར་པོ་ཕོ་གསར་ནས་བཤད་པ་དེར་སྤང་རྟགས་ཨེ་ཡོད་ལ། ཨ་དྲིན་ཅན་ཚོ། ང་ཡིད་ཆས་མ་སོང་། འདི་ཕྲག་དོག་སྐད་ཆ་ཡིན་ནམ་སྙམ།

  8. འདྲེ་ནག་མགོ་དགུ་ says:
    2012-08-13 at 10:53 am

    ་མེ་ཏོག་དཀར་བོ་ནི་ང་ནོར་མེད་ཕལ་ཆེར་ཞྭ་དམར་བཀའ་བརྒྱུད་པ་རེད། ཞྭ་དམར་བ་ལ་དད་པ་ལྡོག་ཏུ་མེད་
    པ་ཡོད་མཁན་ཞིག་རེད། ཕྲན་གྱིས་ཁོ་རྒྱུས་ལོན་བྱས་པར། ཁོ་རྙིང་མའི་ཆོས་ལ་རྒྱུས་མངའ་ཏིལ་འབྲི་ཙམ་ཡང་
    མི་འདུག་པས་རྙིང་མ་ཡིན་མི་སྲིད། ཁོ་ས་སྐྱའི་ཆོས་ལ་ཡང་རྒྱུས་མངའ་མི་འདུག་པས་ས་སྐྱ་བ་ག་ལ་ཡིན།
    དགེ་ལུགས་ལ་རང་རྗེས་འཛིན་དང་གཞན་འཛིན་གྱི་ལྟ་བ་གཉིས་སུ་འབྱེད་ཁུལ་བྱས་པས་དགེ་ལུགས་པ་དེ་བས་ཀྱང་ཡིན་མི་སྲིད། ཁོས་ལུང་དྲངས་པར། བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་
    ནཱ་རོ་པ། །ཞེས་པ་འདི་ནི་ཏེ་ལོ་པས་ནཱ་རོ་པ་གདམས་པ་ཡིན་ཞིང་། ལུང་འདི་ཀམ་ཚང་ལ་མཚོན་ན་གྲྭ་བ་
    ཅུང་དཔེ་ཆ་བ་ཡིན་ཟེར་མཁན་ཕལ་ཆེར་གྱི་ཁ་ན་མ་ཎི་ལྟར་འདོན་པའི་ལུང་ཞིག་རེད། དེར་བརྟེན་ཀརྨ་པ་
    ཨྱོན་འཕྲིན་རྡོར་ལ་མ་དགའ་བ་ཙམ་ལས། དེ་མིན་ཁོ་ལ་སྐྱོན་ཆེ་བ་མ་མཐོང་། སྤྱིར་བཏང་ནས་ཁོ་ལྟ་གྲུབ་ཚད་མཐོ་བོ་ཡོད་མཁན་དེ་འདྲ་ཡང་རེད་མི་འདུག

  9. འདྲེ་ནག་མགོ་དགུ་ says:
    2012-08-13 at 10:55 am

    ཏིལ་འབྲུ་ལ་བཅོས་

  10. ས་ཡ་༦་ says:
    2012-08-13 at 11:17 am

    གང་བཤད་ཀྱང་རུང་མ་བཤད་ཀྱང་རུང་བཅོས་མིན་གྱི་བསླབ་བྱ་ཞིག་ཡིན་པ་ཚོར་བས་དེ་ལ་མི་དགའ་བའི་རྣམ་འགྱུར་སྟོན་དགོས་དོན་མི་འདུག་སྙམ་མོ་

  11. རགས་རྟོགས་ says:
    2012-08-13 at 11:33 am

    ཁེངས་དྲེགས་མི་ན་ཨོ་ཙམ་རེད་་་་་ཀུ་རེ་ཡིན་་་ཡིན་ནའང་ཅུང་བདེ་མི་སྲིད་པ་མིན་པས་དེ་ལྟར་གོ་ན་འགྲིག

  12. ལུང་རྟོགས། says:
    2012-08-13 at 12:08 pm

    དྲ་གྲོགས་ཚོ། རྩོམ་ཡིག་དང་འབྲེལ་བའི་བསམ་ཚུལ་གསུང་རོགས།

  13. བསོད་ནམས། says:
    2012-08-13 at 12:28 pm

    དེང་སང་བྱས་རྗེས་ཅན་ནི་བོད་ནང་དུ་རང་ལུས་མཆོད་མེར་ཕུལ་མཁན་ཚོ་རེད། ཞབས་འདྲེན་ཞུ་མཁན་ནི་བཙན་བྱོལ་སློབ་གྲྭ་དང་དགོན་པ་ནང་ནས་བོད་མིང་འོག་ཟས་ཟས་བཏུང་བཏུང་རྗེས་རྒྱ་ནག་གཞུང་ཚབ་ཁང་དུ་རྒྱ་ལ་མགོ་བཏགས་ནས་བོད་ནང་དུ་ལས་ཀ་འདྲ་མིན་བྱེད་མཁན་དང་ཕྱིར་བཙན་བྱོལ་ནང་ཡོང་སྟེ་རྒྱགཞུང་གི་ལས་འགན་བསྒྲུབ་བཞིན་པ་དེ་ཡིན།

  14. འདྲེ་ནག་མགོ་དགུ་ says:
    2012-08-13 at 8:26 pm

    ལུང་རྟོགས་ལགས་ཀྱི་བསླབ་བྱ་ནི་གནད་དུ་འཁེལ་བ་ཞིག་བྲིས་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  15. གླང་ཐང་བུ་ says:
    2012-08-13 at 8:51 pm

    རྩོམ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།

  16. གླང་ཐང་བུ་ says:
    2012-08-13 at 8:54 pm

    གངས་ཕྲུག་རྡོག་ལ་བསྒྲིལ་ན།
    རྒྱ་དམར་རྒོལ་བར་མི་སླ།
    གངས་ཕྲུག་ནང་འཁྲུག་རྒྱབ་ན།
    དེ་ནི་བོད་མིའི་ཞབས་འདྲེན

  17. རིན་ཆེན says:
    2012-08-13 at 10:14 pm

    ལུང་རྟོགས་ནས་ཡག་པོ་བྲིས་འདུག་དགའ་བསུ་ཡོད། འོན་ཀྱང་བོད་མི་ཚང་མ་གཅིག་སྒྲིལ་ནི་ཤིན་ཏུ་དཀའ་ལས་ཁ་པོ་རེད་སྙམ། འགའ་ཤས་ཀྱིས་ཆོས་ལུགས་མཐུན་སྒྱིལགཏོར་ཐབས་དང་བོད་མི་དུམ་བུར་གཏོང་ཐབས་ཀྱི་ལས་འགུལ་ཤ་རྟག་སྥེལ་གྱི་འདུག དཔེར་ན་་་་་་ ཁ་བ་དཀར་པོ་ཕོ་གསར་གྱིས་གཞུང་དྲང་ལ་སྙིང་སྟོབས་དང་ལྡན་པ། ཐོབ་ཐང་དང་དམངས་གཙོ་ཡི་རང་དབང་རྩོད་ལེན་བྱེད་ཐུབ་མཁན་མཁས་དབང་གླུ་མཁར་བྱམས་ལ་དོན་མེད་སྐྱོན་འཛུགས་ག་ཚོད་བྱས་འདུག ཁྱོད་ལ་ཁོངས་དང་རྒྱུ་མཚན་བཤད་རྒྱུ་ཡོད་ན་དྲ་ཐོག་མ་ཡིན་པར་གདོང་ཐུག་ནས་སྐད་ཆ་བཤད་ན་མི་ལུགས་སམ།། ཚང་མས་ལྟོས་དང་བོད་མི་དབར་དཀྲུགས་བཤིག་རྒྱག་མཁན་འདི་འདྲ་རིགས་དུས་དེང་སང་ཉིན་རེ་ལས་ཉིན་རེ་མང་དུ་ཐོན་གྱི་འདུག ཚང་མས་ཡིད་གཟབ་གནང་རོགས།།།

  18. རང་དབང་ཨ་རྡུ་མན་ says:
    2012-08-13 at 10:38 pm

    ་ལས་པའི་ཡག་པོ་འདུག་་་་་འདི་གཞས་པ་གྲགས་ཅན་ཀུན་དགའ་ཕུན་ཚོགས་ནས་་་་་གླུ་དབྱངས་ཤིག་འཐེན་ན་ལམ་སེང་སྐད་གྲགས་ཆོད་ས་རེད།།

  19. ས་ཡ་༦་ says:
    2012-08-14 at 1:18 am

    ང་ཚོ་ལ་དགོས་པ་དེ་སྙན་གྲགས་ཡིན་པ་ལས་སྐད་གྲགས་མིན་ལ་ཀུན་དགའི་གཞས་ལ་སྙན་གྲགས་ཀྱི་ཐ་སྙད་འཇོག་པ་ལས་སྐད་ཞེས་ཚིག་ཕལ་སྦྱར་ན་ཐལ་ཆ་ཆེ༑

  20. མཁས་དབང་ says:
    2012-08-14 at 1:49 am

    ཞབས་འདྲིན་ཁ་བ་དཀར་པོ་ཕོ་གསར་ལགས་་་་་་དེང་སང་བརྩོན་འབྱོར་ནང་ལ་དཔའ་བོ་ཉུང་ཤས་མ་ཏོག་མེད་་་་་བློ་མཁར་བྱམས་ཁོང་དངོས་གནས་དཔའ་བོ་ཡིན་ལ་ཁས་དབང་ཡང་ཡིན་་་་་་འདི་འདྲའི་དཔའ་བོ་རྣམས་ལ་ཞབས་འདྲིན་ཟེར་ན་་་་་ཞབས་འདྲིན་ངོ་མ་དེ་ཡིན་ནོ་ཧཧཧཧཧཧཧཧ

  21. རགས་རྟོགས་ says:
    2012-08-14 at 3:18 am

    ཚིག་ཉོག་བལྟ་བར་དགའ་བོ་མེད་ལ་དེ་བས་འབྲི་བ་ལ་་་་་་་་་་་

  22. ཁ་བ་དཀར་པོ་ཕོ་གསར། says:
    2012-08-14 at 6:26 am

    མཁས་དབང་ལགས་ཞབས་འདྲེན་སུ་ཡིན་མིན་དང་མཁས་དབང་སུ་ཡིན་མིན་ཁྱེད་རང་གི་ཟུར་ཙམ་གྱི་ཧ་གོ་གི་མི་འདུག ང་ཚོར་བོད་མི་རིགས་ཡིན་ན་གོང་༧ས་མཆོག་ལ་ཚད་མེད་ཞུ་མཁན་མི་གཅིག་ལ་དཔའ་བོ་དང་མཁས་དབང་ཡིན་པ་ངས་ཀྱི་ཁས་ལེན་རྩ་བ་ཉིད་ནས་ཞུ་ཐུབ་ས་མ་རེད། ཁྱེད་རང་ལམ་ལོག་ལ་མི་འཇོགས་པའི་རེ་བ་ཡོད།

  23. ནུབ་ཕྱོགས་གངས་ཕྲུག་ says:
    2012-08-14 at 1:35 pm

    མེ་ཏོག་དཀར་པོ་ལགས་འདྲེ་ནག་མགོ་དགུ་ལ་ལན་གཅིག་ཕུལ་དགོས་འདུག ཁྱེད་རང་ཁ་བརྡར་མང་པོ་ཕེབས་ཀྱི་འདུག་ག ཁོས་ཏེ་ལོས་གསུངས་པའི་མགུར་དེ་ཀམ་ཚང་མ་གཏོགས་ཆོས་བརྒྱུད་གཞན་གྱི་ལུང་དེ་བགྲང་ཚུལ་མེད་ལུགས་གསུངས་འདུག

  24. མཁས་དབང་ says:
    2012-08-14 at 3:33 pm

    ཁ་བ་དཀར་པོ་ཕོ་གསར་ལགས་་་་་གོང་ས་མཆོག་ལ་མཚན་སྨོད་ཞུ་ན་ང་ཡང་ངོས་ལེན་ནམ་ཡང་མེད་་་་་་་ཡིན་ན་ཡང་ང་ཚོ་བོད་འདི་དམངས་ཚོགས་ཡིན་པ་སོང་ཙམ་་་་སོ་སོ་རང་ཉིད་གྱིས་བསམ་བློ་ཡག་པོ་ཞིག་བཏོང་དེ་་་་་མངས་ཚོགས་ལ་བཤད་ཆོགས་པ་རེད་་་་་སྐབས་རེ་གོང་ས་མཆོག་གི་འདྲིས་མ་སོང་གསུང་མཁན་ཡོད་པ་རེད་་་་་ཁོང་གི་བཤད་པ་དེ་རྒྱུ་མཚན་གང་ལ་བསྟེན་བཅས་འདྲིས་མ་སོང་ཟེར་གི་ཡོད་མེད་ཤེས་དགོས་་་་་དེ་ནས་ཁོང་ལ་འབྲེལ་བ་བྱས་དེ་་་་རྒྱུ་མཚན་གང་གི་ཕྱིར་་་འདྲིས་མ་སོང་ཟེར་གི་ཡོད་མེད་སྐད་ཆ་དྲིས་དགོས་་་་་དཔེར་ན་བོད་རང་གཙན་མི་དགོས་གསུང་པ་དེ་ངོས་་ལེན་བྱེད་ན་འགྲི་གིན་ཡོད་ནམ་་་་་་་་་་་གང་ལྟར་དམངས་ཚོགས་སོང་ཙམ་སྐད་ཆ་གང་ཡིན་རུང་བཤད་ཆོགས་པ་ཞིག་རེད་་་་་་་་་་བོད་མི་མངས་པོ་ཞིག་རྩོན་འབྱོར་ལ་ཡོངས་དགོས་པའི་རྒྱུ་མཚན་ཤེས་དགོས་་་་་་་་་་་་སྐབས་དེ་དུས་་་་་ཆོལ་ཁག་དང་ཆོས་ལུགས་གི་རྩོད་པ་མེད་པ་རེད་་་་་་་་་་གང་ཡིན་ནམ་བོད་མིང་ཚང་མའི་དམིགས་ཡུལ་གཅིག་པ་སོང་ཙམ་རེད་་་་་་་ད་དེང་སང་ག་འདྲ་འདུག་་་་་་་དམིགས་ཡུལ་ཐ་དད་པ་ག་ཚོད་འདུག་་་་་་་་ངེས་པར་དུ་ཤེས་དགོས་་་་་་་་་་་་རྒྱ་གར་དུ་ཡོད་པའི་བོད་མིང་རྣམས་གྱིས་རྒྱ་གར་གིས་རྒྱལ་ས་དེ་་་་སོ་སོ་རང་ཉིད་གྱིས་རྒྱལ་ས་ཡིན་པ་ནང་བཞིན་བྱེད་གི་འདུག་་་་་་ཡག་པོ་མ་རེད་་་་མ་འོང་པའི་འདུན་ལམ་ལ་བསམ་བློ་གང་ཡང་མ་བཏོང་པ་སོང་ཙམ་རེད་་་་་་་་་་དེ་གས་ཚང་མའི་ཤེས་དགོས་་་་་་་་་་་ལམ་ལོགས་རང་མཁྱིན་པའི་ཉེན་ཁ་འདུག་་་་གཟབ་ཟབ་གནང་རོགས་གནང་་་་་་

  25. མཁས་དབང་ says:
    2012-08-14 at 3:38 pm

    སྔར་བོད་མི་འབུམ་ཁྲག་མངས་པོའི་རང་བཙན་ཆེད་དུ་མེད་པ་ཆགས་་་་ད་ལྟ་ཡང་ཆགས་དང་ཆགས་བཞིན་པ་རེད་་་་་་བློ་སེང་གཙོས་པའི་བོད་མིང་སྒྲིགས་འཛུགས་གི་ལས་བྱེད་རྣམས་གྱིས་འབྲེལ་བཤད་ལོགས་པ་ཀྱང་ཀྱང་རྒྱབས་བཅས་སྡོད་འདོད་ཡོད་ནམ་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme