Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ན་གཞོན་གསར་བའི་སྐད་སྒྲ

Posted on 2012-08-112012-08-11 By ཁ་བརྡ་ 2 Comments on ན་གཞོན་གསར་བའི་སྐད་སྒྲ

བསོད་ནམས་རྒྱལ

༡
ཁྱོད་ཀྱིས་ཞོགས་པའི་ཉི་ཟེར་ལ་ལྟོས་མྱོང་ངམ
ཁྱོད་ཀྱིས་དགོང་ཁའི་མཚམས་སྤྲིན་ལ་ལྟོས་མྱོང་ངམ
ཁྱོད་ཀྱིས་རྒོད་པའི་རང་དབང་གི་གཤོག་འགྱུར་ལ་ལྟོས་མྱོང་ངམ
འོ་ན། ཁྱོད་ཀྱིས་ས་ཆེན་གྱི་བྲང་གཞུང་ལ་སེམས་ཀྱིས་རེག་རེག་བྱས་མྱོང་ངམ
འོ་ན་། ཁྱོད་ཀྱིས་ཆུ་བོའི་བཞུར་རྒྱུན་ལ་རྣ་བས་གསན་གསན་བྱས་ཨེ་མྱོང
འོ་ན། ཁྱོད་ཀྱིས་དྲག་ཏུ་འཕྱོ་བའི་རྦ་རླབས་ལ་གཏད་དེ་ཀྲོང་ངེར་འགྲེང་མྱོང་ངམ
རང་དབང་། སུ་ཞིག་གི་བླ་སྲོག་ལ་འཐིམས་པའི་ཟོར་ཡང་གི་གཤོག་འགྱུར་ཅིག
སྙིང་སྟོབས། སུ་ཞིག་གི་སེམས་ཁོངས་ན་འབར་བའི་མེ་ལྕེ་དྲག་པོ་ཞིག
མཛེས་སྡུག། སུ་ཞིག་གི་བྲང་ཁོག་ན་བཞད་པའི་རྨི་ལམ་གྱི་མེ་ཏོག་ཆུན་པོ
བརྩེ་དུང་། སུ་ཞིག་གི་གློ་དང་རྒྱུ་མའི་བར་ན་འཁྱུག་པའི་གློག་ཞགས་དམར་པོ་ཞིག
འདི་ནི་ན་གཞོན་གསར་བའི་སྐད་སྒྲ་སྟེ།
ན་གཞོན་གསར་བ་ནི་མཚམས་སྤྲིན་ལྟ་བུའི་མཛེས་སྡུག་དང
ཉི་ཟེར་འདྲ་བའི་བཀྲག་མདངས
གཤོག་འགྱུར་ལྟ་བུའི་རང་དབང
རྦ་རླབས་དང་མཚུངས་བའི་སྙིང་སྟོབས་ཀྱི་བདག་ཉིད་ཅན་ཡིན་ནོ
འདི་ནི་ན་གཞོན་གསར་བའི་ཐུན་མིན་གྱི་རང་གཤིས་དང
རང་ངོ་རང་གི་ཟིན་པའི་ལེ་ཚན་ཡང་ཡིན

༢
དུས་ཚོད་ཡོངས་ཀྱི་ཁ་གདང་ཏེ་མཐོང་བྱེད་མིག་ཀྱང་བགྲད
ནམ་མཁའ་ཐམས་ཅད་རྡུལ་གྱིས་ཁེངས་ཏེ་ལོ་མ་མཐའ་དག་ཡོངས་སུ་འཁུམས
རྐང་ལག་ཡོངས་རྫོགས་སྒྲོག་གིས་བསྡམས་ནས་ངོ་གདོང་ཧྲིལ་བོར་སེར་ཁ་གས
གསོན་པོ་ཁོག་གི་སྙིང་དམར་བྲུས་ཤིང་ཤི་བོའི་དུར་སའི་རྒྱུ་མ་སློག
རི་ལུང་ཀུན་ལ་ཁྲག་གིས་བརྫིས་ཤིང་གཙང་ཆབ་སྔོན་མོ་ཁྲག་ལ་བསྒྱུར
གཉའ་ལ་རྟ་ལྟར་ཞོན་ཏེ་རང་ཁྱིམ་དྲོན་མོའི་དགོད་སྒྲ་གཏོར་ཅིང་གཏོར
མིག་ཆུ། སུ་ཞིག་གི་སྙིང་ལ་གོས་ཁ་ཤོར་བའི་ཁྲག་ཐིགས་རེ་རེ
ན་ཟུག། སུ་ཞིག་གི་སེམས་ངོགས་སུ་བཏབ་པའི་མེ་མུར་གྱི་ཕོན་པོ
ཤ་འཁོན། སུ་ཞིག་གི་ངོ་གདོང་ན་འབར་བའི་ཁྲོ་བ་ཡི་མེ་དཔུང་ནག་པོ
འགན་འཁྲི། སུ་ཞིག་གིས་དགུང་ལ་ཁྱེར་བའི་སེམས་ཀྱི་དཔའ་འབར་ཆེན་པོ་ཞིག
འདི་ནི་ན་གཞོན་གསར་བའི་སྐད་སྒྲ་སྟེ
ན་གཞོན་གསར་བ་ངུ་དགོས། ན་ཟུག་གིས་ངུ་དགོས
ངུ་བཞིན་ངུ་བཞིན་དགོད་དགོས། ང་རྒྱལ་གྱིས་བགད་དེ་མཆོངས་དགོས
མི་རབས་གསར་བ་ཁྲོ་དགོས། ཤ་འཁོན་གྱིས་ཁྲོ་དགོས
ཁྲོ་བཞིན་ཁྲོ་བཞིན་དགའ་དགོས། སྤོབས་སེམས་ཀྱིས་དགའ་སྟེ་བསྐྱོད་དགོས
འདི་ནི་ན་གཞོན་གསར་བའི་ལས་འགན་དང
སྐྱོ་གར་སྙིང་སྟོབས་ལ་བསྒྱུར་བའི་ལེ་ཚན་ཡང་ཡིན

༣
“ཕ་མས་སྤྲད་པའི་མགོ་བོ་མཐོ་པོ་དེ་གཞན་གྱི་རྐང་འོག་ལ་མི་འཇོག”
རང་ལ་ཡོད་པའི་རང་ཚུགས་དེ་ཅི་ལྟར་ཡང་གཞན་ལ་བཙན་གྱིས་ཀྱང་མི་བསྒྱུར
དུངས་ཞེན་གྱི་རལ་གྲི་གཉའ་ལ་ཁྱེར་ཏེ་སྲོག་གི་དངོས་ལུགས་དངོས་མ་དེ་ཡང་མི་གསོད
རང་གི་བསྒྲུབ་འདོད་པ་དེ་ཤུགས་་ཀྱིས་བསྒྲུབས་ཏེ་མཚན་མོའི་རྨི་ལམ་འཁྲུགས་པར་ཡང་མི་བྱེད
གཉའ་གནོན་དང་བཙན་འཛུལ་གྱི་གོ་མཚོན་ཇི་ལྟར་རྣོ་ཡང་སྒལ་ཚིགས་མཁྲེགས་པོ་དེ་གཅོད་མི་ཐུབ
རླུང་འཚུབ་དང་དྲག་ཆར་གྱི་ཉིན་མཚན་ཇི་ལྟར་རྩུབ་ཀྱང་<<ལང་ཚོའི་རྦབ་ཆུ>>་ཡི་ཞལ་ཆེམས་སེམས་ཀྱིས་དོར་མ་སྲིད
ང་རྒྱལ། སུ་ཞིག་གི་ཐོད་ལ་བཏེགས་ཡོད་པའི་དར་ཆ་རིང་མོ་ཞིག
དྲང་བདེན། སུ་ཞིག་གི་ཚེ་སྲོག་གིས་སྲུང་བའི་སྙིང་གསོན་པོ་ཞིག
རང་ཚུགས། སུ་ཞིག་གི་གཡོ་བ་མེད་པའི་མཁར་རྫོང་བརྟན་པོ་ཞིག
བསམ་བློ། སུ་ཞིག་མཆོངས་བསྐྱོད་ལ་མཁོ་བའི་ཟད་པ་མེད་པའི་ལྷམ་ཟུང་གཅིག
འདི་ནི་ན་གཞོན་གསར་བའི་སྐད་སྒྲ་སྟེ།
ན་གཞོན་གསར་བའི་མགོ་བོ་རིན་པོ་ཆེ་ནམ་ཡང་བསྒུར་མི་སྲིད་ལ
ན་གཞོན་གསར་བས་ནམ་ཡང་རང་ཉིད་བོར་ཡང་མི་སྲིད
ན་གཞོན་གསར་བས་རང་ཉིད་ནི་འཇིག་རྟེན་འདིར་ཁོ་ན་ཉིད་ཡིན་པའི་ར་སྤྲོད་བྱེད
དེ་བས་ཁོ་ཚོ་ལ་ཡོད་པ་ཁོ་ན་ཡང་རང་ཉིད་ཁོ་ན་ཡིན་ཞིང
ཁོ་ཚོའི་སྲུང་བྱ་ཡང་རང་ཉིད་ཀྱི་བསྒྲགས་གཏམ་ཁོ་ན་ཡིན
འདི་ནི་ན་གཞོན་གསར་བའི་རང་ཚུགས་དང
གསར་གཏོད་ལ་ཕྱོགས་པའི་ལེ་ཚན་ཡང་ཡིན

༤
ནམ་མཁའི་དབྱིངས་སུ་ཉི་འོད་དང་ཟླ་འོད
ཐ་ན། སྐར་ཚོགས་ཀྱང་མེད་དུས
ཕ་ཡུལ་གྱི་ནམ་ཟླ་ཧ་ཅང་འཁྱགས་ཏེ
རུས་པའི་ནང་གི་རྐང་ཡང་འཁྱགས་ཀྱིས་བསྡམས་ལ་ཉེ
ཏག་ཏག ། ཏག་ཏག་གི་བར་སྐབས་དེར
ཉི་མ་འདྲ་བའི་མེ་དཔུང་ཞིག་་གངས་ཅན་པའི་མཁའ་དབྱངས་སུ་དྲག་ཏུ་འཕྱོ་་སོང

མཆོད་མེ་གཅིག་སྒྲོན། སུ་ཞིག་གིས་རང་དབང་ལ་མཆོད་པའི་ཁྲག་གི་མཆོད་མེ་ཞིག
མཆོད་མེ་གཉིས་སྦར། སུ་ཞིག་་གིས་གསོན་པ་ལ་སྒྲོན་པའི་ན་ཟུག་གི་མཆོད་མེ་་ཞིག
མཆོད་མེ་གསུམ་འཕྱོ། སུ་ཞིག་གི་བདེ་སྐྱིད་ལ་སྦར་བའི་འགན་འཁྲི་ཡི་མཆོད་སྦྱིན་ཞིག
ད་དུང་་་་ད་དུང་་་་་་་་་་ད་དུང་་་་་་་་་་་
འདི་ནི་ན་གཞོན་གསར་བའི་སྐད་སྒྲ་་ལགས
ན་གཞོན་གསར་བས་རང་ལུས་མཆོད་སྦྱིན་བྱས་ཏེ་འོད་ཟེར་དང་དྲོལ་ཁོལ་ལ་སྙེག
ན་གཞོན་གསར་བས་རང་ལུས་མེ་ལ་སྦར་ཏེ་བདེ་སྐྱིད་དང་རང་དབང་རྩད
ན་གཞོན་གསར་བའི་མཚོན་པ་ནི་འོད་ཟེར་ཡིན་ལ
ན་གཞོན་གསར་བའི་དམ་བཅའ་ཡང་གསོན་པའི་ཆེད་དུ་འཆི་བ་ཡིན
ན་གཞོན་གསར་བ་མཚན་སྨག་འཇོམས་པའི་འབྲི་མར་སེར་བའི་མཆོད་མེ་དེ་ཡང་ཡིན
འདི་ནི་ན་གཞོན་གསར་བའི་སྙིང་སྟོབས་་དང་འཐབ་རྩོད་ཡིན
མི་རབས་གསར་བ་ལམ་དུ་ཞུགས་པའི་ལེ་ཚན་ཡང་ཡིན
ན་གཞོན་གསར་བ་མཚན་སྨག་འཇོམས་པའི་འབྲི་མར་སེར་བའི་མཆོད་མེ་དེ་ཡང་ཡིན
འདི་ནི་ན་གཞོན་གསར་བའི་སྙིང་སྟོབས་་དང་འཐབ་རྩོད་ཡིན
མི་རབས་གསར་བ་ལམ་དུ་ཞུགས་པའི་ལེ་ཚན་ཡང་ཡིན

སྣ་ཚོགས།

Post navigation

Previous Post: དཔའ་མོ་ཞིག་གི་འཕྲིན་ཡིག
Next Post: བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ལ་ཟངས་ཀྱི་རྟགས་མ་ཐོབ་འདུག

Comments (2) on “ན་གཞོན་གསར་བའི་སྐད་སྒྲ”

  1. གཅན་བཟོད་རྒྱམ། says:
    2012-08-12 at 1:24 am

    བསོད་ནམས་རྒྱལ་གྱིས་སྙན་ངག་ཡག་པོ་ཞིག་བྲིས་འདུག ངོ་མ་སྙིང་སྟོབས་སྲོག་དབུགས་ལྷག་མ་ཞིག་སྦྱིན་ཡོང་གི

    ཨོ་རེད། ཁ་བརྡ་ཚང་གིས་རྩོམ་ཡིག་འདི་སྣ་ཚོགས་ཀྱི་གྲས་སུ་བཀོད་འདུག སྙན་ངག་གི་སྡེ་ཚན་ཞིག་ཡོད་བསམ་བྱུང་མོད། འདི་སྙན་ངག་མ་རེད་ཟེར་ནི་ཆེས་ཡིན་རེ། ཧ་ཧ་ཧ

  2. རང་དབང་ཨ་རྡུ་མན་ says:
    2012-08-12 at 6:25 am

    སྔོན་གྱི་བགྲེས་སོང་་་་་་སུ་ཞིག་གིས་གཏོར་བར་མི་ནུས་པའི་རི་རྒྱལ་ལྷན་པོ། སུ་ཞིག་གིས་དཔོག་པར་དཀའ་བའི་རྒྱ་མཚོ་ཆེན་པོ། སུ་ཞིག་གིས་བགྲང་བར་མི་ནུས་པའི་བསྐལ་པ་ཆེན་པོ། སུ་ཞིག་གིས་གཏུབ་པར་མི་ནུས་པའི་ལ་རྒྱའི་དམ་ཚིག །སུ་ཞིག་གིས་བརྗོད་པར་མི་ནུས་པའི་ཕུག་བསམ་རིང་པོ། སུ་ཞིག་གིས་བསླུ་བར་མི་ནུས་པའི་ཀླད་པ་ཡི་གངས་རི། སྔོན་གྱི་བགྲེས་སོང་སོང་ལགས།
    ཁྱེད་ཉིད་ངེད་བོད་པ་ཚང་ལ་བཀའ་དྲིན་ཤིན་ཏུ་ནས་ཆེ། ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད། འོན་ཀྱང་་་་་
    དེང་སང་ནི་་་་་་་་དུས་ངན་ཤར་དུས་མི་ངན་དར་་་་་་་ཞེས་པའི་དཔེ་ལྟར། མི་ངན་དང་དཔོན་ངན་ཚོས་གཞུང་དང་ཚོགས་པ་ཁག་གི་ཞབས་སྟེགས་ནི་ཡོངས་སུ་ཁེངས། རྐུན་མ་ཇག་པ་ཚོས་སྲང་ལམ་དང་ཁྲོམ་གྱི་ར་བར་འགྲོ་ལམ་རྦད་དེ་བཀག་་་་་
    གཡོ་སྒྱུ་ཁྲམ་གསུམ་དང་སྤྲེད་ལད་སོགས་ཀྱིས་དྲང་བདེན་གྱི་གནས་ལུགས་རིགས་པ་རྩ་མེད་དུ་གཏོང་བཞིན་མཆིས།
    བགྲེས་སོང་ལགས་་་་་་ཁྱེད་ཉིད་གང་དུ་ཡོད། སླར་ཡང་མི་ཡུལ་འདིར་ཐེངས་ཤིག་ཕེབས་ན་བཟང་བ་ལ་ཨ།
    ད་དུང་་་་་་་་ཁྱེད་རྣམ་པ་ཚོ་བཞུགས་དུས་་་་བདག་པས་གཞན་གཅེས་དང་མར་ཤེས་དྲིན་དྲན་སོགས་ནི་་་་་་་་་
    དུས་དེང་སང་ནེ་ཙོ་ཡི་ངང་ཚུལ་དུ་གྱུར་པ་ཙམ་དུ་མ་ཟད་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་རྒྱང་རིང་དུ་དོར་ནས་གཡོ་སྒྱུ་དང་ཧམ་སེམས་རང་ཉིད་ཀྱི་དོན་དུ་གཞན་གྱི་ཚེ་སྲོག་ལ་ཡ་ང་སྙིང་རྗེ་སྤུ་ཙམ་མེད་མཁན་ཚོས་་་་་་ཆོས་གོས་རྣམ་གསུམ་ལུས་ལ་གྱོན་ནས་འཛམ་གླིང་གང་སར་ཁྱི་སྨྱོན་བཞིན་རྒྱུགས་བཞིན་གདའ། དྲང་བདེན་དང་དཀར་ཕྱོགས་ལ་དགའ་བའི་མི་སྣ་ཚོགས་ནི་བདེན་པའི་སེམས་ཡོད་ཀྱང་བརྗོད་སའི་ཁ་་མེད་པ་ལྟ་བུའི་ངང་ཚུལ་དུ་གྱུར། བགྲེས་སོང་ལགས་་་་་་ཁྱེད་ཀྱི་གསན་ཨེ་བྱུང་། ང་ཡི་རེ་བར་་་
    སྐུ་ཉིད་ཀྱི་དྲང་བདེན་དང་རང་དབང་སླར་གསོའི་ཆེད་དུ་བདེན་པའི་ཕོ་ཉ་ཞིག་མགྱོགས་མྱུར་གཏོང་རོགས་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme