Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་མོ་ཞིག་གི་འཕྲིན་ཡིག

Posted on 2012-08-112012-08-11 By ཁ་བརྡ་ 9 Comments on དཔའ་མོ་ཞིག་གི་འཕྲིན་ཡིག

ནམ་མཁའ།

དུས་རྒྱུན་ཏུ་ངའི་སེམས་ཁོང་ནས་ཡལ་མི་ཐུབ་པའི་གཅུང་པོ་དོན་འགྲུབ། ཁྱེད་ཀྱིས་སྔོན་ལྟར་སློབ་སྦྱོང་ལ་འབད་བཞིན་གཟུགས་ཕུང་བདེ་བོ་ཡིན་ནམ། འདིར་ཕ་མ་གཉིས་ཀྱིས་ཁྱེད་རང་གི་ཆུང་དུས་ཀྱི་བྱ་སྤྱོད་གླེང་ཞོར་ཚང་མ་བདེ་བོ་རེད། ཡི་གེ་འདི་ཐེངས་གསུམ་པ་དེ་ཡིན་ལ།ཐ་མ་དེ་ཡང་ཡིན་སྲིད། དེ་རིང་འདིར་ངས་ཁྱེད་ལ་གང་ཞིག་བཤད་འདོད་པ་ཆ་ཚང་བརྗོད་རྒྱུ་ཡིན། ཨ་མས་རྒྱུན་ཏུ་ཁྱེད་ཀྱི་འདྲ་པར་རྒྱབ་ལོགས་སུ་བོད་ཡིག་གསལ་ལ་མི་གསལ་བའི་ཡིག་འབྲུ་འགའ་ཅན་ཞིག་ཡོད་པ་དེར་བལྟས་ཏེ་མིག་ཆུ་ལྷུང་བཞིན་འདུག་མོད། ཡིན་ཡང་དྲན་གདུང་གི་མིག་ཆུས་རེ་སྒུགས་ཀྱི་མྱུ་གུ་ལ་འབྲས་བུ་འབྱུང་སྲིད་པའི་ཁྱེད་ཀྱི་བློ་ཕམ་མི་དགོས། བུ་ཕྲུག་ས་མཐར་ལྷུང་བའི་ཕ་མ་སུ་ཡིན་ཡང་སེམས་ཁོང་ན་སྡུག་བསྔལ་མེད་མཁན་ཞིག་དཀོན། སྐབས་རེ་ང་རང་ཡང་སེམས་སྐྱོ་དགོས་བའི་གནས་ཚུལ་ཁ་ཤས་ཞིག་བྱུང་སོང་། དེ་ནི་ཁྱེད་རང་གི་ཆུང་དུས་ཀྱི་རྩེད་རོགས་དང་གྲོགས་པོ་འགའ་མཐོང་ཚེ་ཨ་མས་མིག་ཆུ་འཐོར་ཞོར་ཁོང་ཚོའི་མཉམ་དུ་སྐད་ཆ་བཤད་སྐབས་སེམས་པ་སྨྲེངས་སྟེ། ཁ་ནས་ཚིག་འགའ་ཡང་དཀྲོལ་མི་ཐུབ་པར་ཁྱེད་ཀྱི་འདྲ་པར་ཁོང་ཚོར་བསྟན་གྱི་འདུག་པ་མ་ཟད། པར་དེ་ཡང་ཨ་མ་མོའི་ལག་ཏུ་བཟུང་ནས་དུས་རྒྱུན་བལྟ་གི་ཡོད་པ་ཤེས་ཐུབ།པར་ངོས་ཆ་ཚང་ཚུལ་རག་ཆགས་ནས་ནག་པོར་གྱུར་འདུག ལོ་རྟག་པར་ལོ་གསར་ཚེ་གཅིག་ལ་ཁྱེད་ཀྱི་ལོ་གསར་སྐལ་ཡིན་ཟེར་ནས་ཤིང་ཏོག་དང་ཟས་རིགས་ཆ་ཚང་ཞིག་ལོགས་སུ་བགར་ནས་འཇོག་དུས་ནང་མི་ཚང་མ་ཡང་མིག་ཆུ་ཁྲོམ་ཁྲོམ་བཞུར་གྱིན་འདུག་པས་ཆ་ཚང་དུས་ཡུན་གང་མཚམས་ཞིག་ལ་འཇམ་ཐིང་ངེར་སྡོད་དགོས་བྱུང་། སྐབས་རེ་ཨ་མ་ཞོགས་པ་ཡང་ལངས་ནས་ཐབ་ཚང་ལ་ཕེབས་དུས་མོའི་མིག་ཀོང་གཉིས་དམར་པོ་གྱུར་འདུག་ལ། ཅུང་ཟད་སྐྲང་ཡོད་སྟངས་ལ་བལྟས་ཚེ། མོ་རང་གིས་མཚན་མོ་ཡང་ཁྱེད་རང་དྲན་ནས་མིག་ཆུ་གཏོང་གི་ཡོད་པ་ཤེས་ཐུབ།
ད་རུང་ཡང་ངས་ཁྱེད་རང་རྒྱ་གར་ལ་ལམ་འཇུག་བྱས་བའི་སྐོར་སུ་གཅིག་ལ་བཤད་མེད། ངའི་མིག་ལམ་ནས་ཡལ་མི་ཐུབ་པ་ཞིག་ཡོད་པ་ནི།ངས་ཁྱེད་རང་ལ་ཁ་བཏགས་ཞིག་གིས་བསྐྱལ་མ་བྱས་དུས།
ཁྱེད་ཀྱི་མིག་མཐར་མཆི་མ་བཀང་འཁྱིལ་ནས་མགྲིན་པ་བརྣངས་སྟེ། ཨ་མའི་བདེ་སྡུག་གཅེན་པོ་དང་ཁྱེད་གཉིས་ལ་རག་ལས་ཡོད་པས་གཉོར་སྐྱོང་གང་ཐུབ་ཞིག་བྱེད་རོགས་དང་། མ་ཟད་ཁྱེད་ཀྱི་བུ་ཕྲུག་གཉིས་སློབ་གྲྭར་བསྐྱལ་ཏེ་སློབ་སྦྱོང་ཡག་པོ་ཞིག་སྤྲོད་ཐུབ་ཀྱིས་ཞེས་བཤད་པ་དེ། དེ་རིང་ངའི་རྣ་ལམ་དུ་ད་རུང་ལྷང་ལྷང་ཐོས་ཀྱི་འདུག དེང་སང་ཁོང་གཉིས་ཡང་འཚར་ལོངས་བྱུང་སྟེ་ཁྱེད་ཀྱིས་བཤད་པ་ལྟར་སློབ་གྲྭ་འགྲོ་བཞིན་པའི་སྒང་ཡིན། ཡིན་ཡང་ད་རུང་ལོ་ན་ཆུང་བས་ཕ་ཡུལ་གྱི་གནས་ཚུལ་མེ་མདའི་འོག་ན་མྱངས་བཞིན་པ་དེ་དག་ཤེས་དཀའ། དེང་སང་ཕ་ཡུལ་གྱི་འབྲོག་པ་ཚོ་ཡང་ནོར་ལུག་རང་གི་ས་ཐོག་ནས་འཚོ་སྐྱོང་བྱེད་པའི་རང་དབང་ཙམ་ཡང་མེད་པར་ཆ་ཚང་གྲོང་ཁྱེར་ནང་བཙན་འདེད་བྱེད་བཞིན་ཡོད་ལ། གལ་སྲིད་མི་འགྲོ་མཁན་ཡོད་ཚེ་གཞུང་ལ་ངོ་རྒོལ་གྱི་ནག་ཉེས་བཙུགས་ཏེ་ཉེས་ཆད་དུས་བཀག་བཙོན་འཇུག་ཡང་བྱེད་ཀྱི་འདུག མ་ཟད་རོང་པའི་ས་ཞིང་ཆ་ཚང་ཡང་བཙན་འཕྲོག་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་དང་གཞུང་ལམ་བཟོ་བཞིན་འདུག་པས་དུས་ནམ་ཞིག་ལ་བོད་མི་ཆ་ཚང་གང་ལ་འགྲོ་དགོས་མིན་ཤེས་དཀའ་ཚོད་རེད། ཡིན་ཡང་འདི་དག་ཚང་མ་སྡུག་གཏམ་བཤད་ས་ཞིག་བོད་ཆོལ་ཁ་གསུམ་ལ་བཙལ་ཀྱང་རྙེད་ཐུབ་དཀའ། རྒྱ་ནང་གི་རྒྱ་རིགས་མང་པོ་བོད་པའི་ས་ཐོག་ལ་གནས་སྤོར་བྱེད་པ་དང་། བོད་རང་གི་ས་ཐོག་ནས་ཀྱང་ཁོང་ཚོས་དབང་ཤུགས་ཚད་དེ་བོད་མི་ཆ་ཚང་འུ་ཐུག་ཐབས་ཟད་དུ་གྱུར་འདུག སྲིད་གཞུང་ལ་ཞུ་གཏུགས་བྱས་ཀྱང་རྒྱ་རིགས་ཀྱི་ཕྱོགས་ནས་སྡོད་པ་ལས་བོད་མི་ཚོར་གནས་ལུགས་བཤད་ས་ཅི་ཡང་མེད། དྲག་དམག་ཚོ་དངོས་སུ་མིག་གིས་མཐོང་ས་མེད་ན་ཡང་ཆབ་སྲིད་ཀྱི་དོན་རྐྱེན་ཕྲན་བུ་རེ་བྱུང་ཚེ། རླུང་འཁོར་མང་པོ་གང་ནས་ཡོང་བ་ཡང་མི་ཤེས་བར་མཚོན་ཆ་ལག་ཏུ་བཟུང་སྟེ། གྲོང་ཁྱེར་ཆ་ཚང་དྲག་དམག་གི་ཁེངས་ཀྱི་འདུག འདི་དག་ཚང་མ་ཕ་ཡུལ་གྱི་གནས་ཚུལ་ཟུར་ཙམ་ཞིག་རེད།
ཁྱེད་ཀྱི་ལག་ཏུ་ངའི་འཕྲིན་ཡིག་འབྱོར་དུས་ཕལ་ཆེར་གཅེན་མོ་ང་རང་འཇིག་རྟེན་འདི་དང་གཏན་བྲལ་དུ་སོང་ཡོད་སྲིད། དེ་དུས་ཁྱེད་ཀྱིས་ཀྱང་ང་རང་སྨྱོན་མ་ཞིག་ཏུ་མི་འཛིན་པའི་རེ་བ་ཡོད། ངའི་བུ་ཕྲུག་གཉིས་ལ་བསམ་གཞིགས་མ་བྱས་བ་ཞིག་ག་ལ་ཡིན། ང་ཡང་ངེད་གཉིས་ཀྱི་ཨ་མའི་ཁྱེད་རང་དྲན་པ་བཞིན་ངའི་བུ་ཕྲུག་གཉིས་སེམས་ནས་བློས་གཏོང་མི་ཐུབ་མོད། འོན་ཀྱང་བོད་མི་ས་ཡ་དྲུག་ལ་ཕན་པའི་ལས་དོན་ཞིག་ངའི་མི་ཚེ་ལ་འདི་ལྟ་བུ་ཞིག་སྒྲུབ་པའི་ནུས་པ་ལས་ཅི་ཡང་མེད་པ་ཁྱེད་ཀྱིས་ཀྱང་ཤེས་གསལ་རེད། མ་འོང་པར་ངའི་བུ་ཕྲུག་གཉིས་ལ་ཁྱེད་ཀྱིས་གོ་བརྡ་ཞིག་སྤྲོད་པའི་རེ་བ་ཤིན་ཏུ་ཆེ། མ་ཟད་ཨ་མ་དང་བུ་ཕྲུག་གཉིས་ཀྱི་ཕ་ལགས་སོགས་ལ་ཁྱེད་ཀྱིས་སེམས་གསོའི་འཚམས་འཕྲིན་རེ་རྒྱུན་ཏུ་གཏོང་རོགས། དེ་ཡང་གོ་བརྡ་གསལ་བོ་བྱས་ཏེ་སྤྲོད་དགོས། མཐར་༧གོང་ས༧་མཆོག་དང་བོད་མི་ཡོངས་ཀྱི་འདོད་དོན་འགྲུབ་པའི་ཉིན་མོ། ངས་ཐེངས་གཅིག་མཐོང་མྱོང་བའི་བོད་ཀྱི་སེང་དར་དེ་དགུང་ལ་འཕྱར་ནས་ཕ་ཡུལ་དུ་ཡོང་བའི་རེ་སྨོན་དང་བཅས། འོག་གི་ཁ་ཆེམས་འདི་བུ་ཕྲུག་གཉིས་ལ་ཉིན་གཅིག་ངེས་བར་དུ་སྤྲོད་ཐུབ་པ་ཀྱིས།
འདིར་བུ་ཕྲུག་གཉིས་ལ་ཡང་ཁ་ཆེམས་ལྟ་བུ་ཞིག་ནི།
ངའི་སྙིང་གི་གཅེས་ཕྲུག་གཉིས།དེ་རིང་ནས་ཨ་མ་ང་རང་ཁྱེད་ཅག་དང་གཏན་བྲལ་སོང་རྗེས། ཨ་ཕའི་ཁ་ལེན་ཚིག་བརྩི་བྱེད་རྒྱུ་གལ་ཆེ་ལ། ད་ནས་བཟུང་ཨ་ཕ་དང་ཨ་མ་རྒན་མོས་ཁྱེད་གཉིས་ལ་བདག་སྐྱོང་བྱེད་དགོས་བས་ཁོང་ཚོའི་མིག་མདུན་ནས་མིག་ཆུ་ནམ་ཡང་མ་གཏོང་། ཁྱེད་གཉིས་ཀྱིས་ཨ་མ་ང་རང་ཀླན་མ་ཞིག་རེད་མ་བསམ། དེ་རིང་ཁྱེད་གཉིས་ཀྱིས་ཤེས་དཀའ་ན་ཡང་། ཉིན་གཅིག་ཁྱེད་གཉིས་ཀྱང་ཨ་མའི་སྙིང་སྟོབས་དང་སེམས་པ་རྟོགས་ཐུབ།
གང་ལྟར་སློབ་སྦྱོང་བཟང་བོ་ཞིག་བྱས་ཏེ་རང་གི་མི་རིགས་འདི་ལ་ཞབས་ཞུ་ཅུང་ཟད་རེ་སྒྲུབ་ཐུབ་ན་ཨ་མ་ངའི་འདོད་པ་ཆ་ཚང་འགྲུབ་ཡོད་ལ། དེ་རིང་བར་དུ་གཉོར་སྐྱོང་བྱས་བའི་དྲིན་ལན་ཡང་འདི་ལས་ལྷག་པ་ཞིག་མེད། ཁྱེད་རང་གཉིས་ཆེན་པོ་ཆགས་པའི་སྐབས་ཨ་མ་རྒན་མོ་དང་ཨ་ཕ་གཉིས་ལ་ངའི་ཚབ་བྱས་ཏེ་ཞབས་ཞུ་གང་ནུས་བྱེད་དགོས། ང་རང་ཁྱེད་གཉིས་ལ་བརྩེ་བ་མེད་པའི་སྨྱོན་མ་ཞིག་མིན་ལ། ཁྱེད་གཉིས་ཀྱི་ཨ་ཕ་དང་མཉམ་དུ་འཁོན་འཛིངས་ཀྱི་སྡུག་བསྔལ་ཅན་ཞིག་དེ་བས་ཀྱང་མིན། ངའི་བུ་ཕྲུག་འདི་གཉིས་ཀྱིས་བོད་མི་ཡོངས་ལ་ཞབས་ཞུ་ཞིག་སྒྲུབ་པའི་སྨོན་ལམ་དང་བཅས།
མདོ་སྨད་གཙོད་གྲོང་ཁྱེར་གྱི་དགོན་འདབ་ནས། བུ་ཕྲུག་གཉིས་ཀྱི་ཨ་མ་སྒྲོན་དཀར་འཚོས།ཟླ་ཚེས་བཟང་པོ་ལ།
དཔའ་མོ་སྒྲོལ་དཀར་འཚོའི་ཚབ་ཏུ་ནམ་མཁས་ཡོ་རུབ་ནས་བྲིས།༡༠/༨/༢༠༡༢ལ
འདིར་ཟུར་བརྗོད་ཀྱི་རེ་འབོད་ཞིག་ནི་བོད་ཕྱི་ལོགས་ཀྱི་བུད་མེད་རྩོམ་པ་པོ་ཚོས་བུད་མེད་མེ་བསྲེགས་ཀྱི་ལས་འགུལ་འདིའི་སྐོར་གྱི་དེབ་ཞིག་པར་སྐྲུན་བྱེད་ཐུབ་པའི་རེ་བ་ཤིན་ཏུ་ཆེ།

འཕྲིན་ཡིག

Post navigation

Previous Post: གུ་དོག་པོའི་བསམ་བློ་ནི་བོད་ཡིག་འཆི་ལམ་དུ་གཏོང་བྱེད་ཅིག་ཡིན།
Next Post: ན་གཞོན་གསར་བའི་སྐད་སྒྲ

Comments (9) on “དཔའ་མོ་ཞིག་གི་འཕྲིན་ཡིག”

  1. lhamotsering says:
    2012-08-11 at 3:21 pm

    རེད་རེད།ས་མཐའི་མི་ཚོས་སེམས་ནས་ཨ་མ་ཤིན་ཏུ་དྲན་པ་ཞིག་བྲིས་འདུག འོག་གི་རེ་འབོད་དེ་འཐད་པ་ཡོད།
    སྙན་ངག་ཀ་རྩོམ་འདྲ་བྲིས་ནས་འདུག་པ་ལས་རླབས་ཆེ་བའི་ལོ་རྒྱུས་ཞིག་བྲིས་ན་ལེགས།

  2. རིགས་ཞེན་དཀར་པོ། says:
    2012-08-11 at 4:32 pm

    ནམ་མཁའ་ལགས་ཀྱིས་དངོས་གནས་སྙན་མོ་བྲིས་འདུག་ལགས།

  3. རང་དབང་ཨ་རྡུ་མན་ says:
    2012-08-11 at 11:42 pm

    སྙན་རྩོམ་དེ་ཡག་པོ་རྩ་བ་ནས་མི་འདུག་་་་་་ཡ་མིན་ཆ་མིན་རང་དུ་གསལ། རྗེས་མ་ནས་འདི་འདྲ་མ་བྲིས་ན་ཡག་ག་་་་

  4. ཨ་འདུས་མིག་ཆུ།། says:
    2012-08-12 at 1:35 am

    ཁྱོད་ཀྱིས་བྲིས་པ་འདི་དཔའ་མོ་གང་ཉིད་ཀྱིས་དོན་དངོས་བྲིས་པ་ཞིག་རེད་དམ། ཡང་ན་ཉིད་ཀྱི་རྟོགས་བཟོ་བྱས་པ་ཞིག་ཡིན། འདི་དག་ཁ་གསལ་གཏིང་གསལ་ཞིག་བཟོས་ན་འགྲིག་གི་རེད་དམ། དཔའ་མོ་གང་ཉིད་ཀྱི་སེམས་ཀྱི་ན་ཟུག་དང་སྤོབས་སེམས། རེ་བ་བཅས་དོན་དངོས་རེད་དམ། གང་ལྟར་ཉིད་ཀྱིས་བྲིས་པ་འདིས་སེམས་ཡིད་དབང་མེད་དུ་འཕྲོགས་ལགས་སོང་། བཀའ་དྲིན་ཆེ།

  5. ནམ་མཁའ says:
    2012-08-12 at 3:31 am

    ཨ་འདུས་མིག་ཆུ་ལགས།འཕྲིན་ཡིག་འདི་ནི་ང་རང་ཉིད་ཀྱིས་རྟོག་བཟོ་ཁོ་ན་བྱས་བ་ཞིག་ཡིན་ལགས།
    གལ་སྲིད་དཔའ་མོ་དེར་གཅུང་པོ་ཞིག་ས་མཐར་ཡོད་ཚེ།ལས་འགུལ་འདི་འདྲའི་ཡིད་ལ་དྲན་ནས་ཡི་གེ་ཞིག་བྲིས་ན་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་ཏེ་རྟོག་བཟོ་ཁོ་ནས་བྲིས་པ་ཡིན།
    སྐུ་ཉིད་ཕེབས་པར་དགའ་བསུ་ཡོད་ལ་ཐུགས་རྗེ་ཆེ་ཞུ།

  6. ཨ་འདུས་མིག་ཆུ།། says:
    2012-08-12 at 4:20 am

    གང་ལྟར་དཔའ་མོ་གང་ཉིད་ཀྱིས་སྐད་ཆ་འདི་འདྲ་ཞིག་བཞག་མེད་ཀྱང་། སྐུ་ཉིད་ཀྱིས་བྲིས་པ་ནི། དོན་དངོས་རེད། འུ་ཚོས་ཨ་མ་དག་གིས་ཁྱོད་ཀྱིས་བཤད་པའི་སྐད་ཆ་ཇི་བཞིན་ཉི་མཚན་ལྟོས་མེད་ཀྱིས་བསྒུགས་ཡོད་པ་རེད། ལྷག་པར་ལོ་སར་སྐབས་སུ་ཨ་མ་དག་གིས་ལོ་སྐལ་ཡིན་ཞེས་ཕོར་བ་རེའི་ནང་ཟས་རེ་བཞག་ནས་ཡོད་པའང་བདེན་པ་རེད། རྟོག་བཟོ་ནི་དོན་དངོས་ལ་ཕྱོགས་འདུག། གསལ་བཤད་གནང་བར་ཤིན་ཏུ་དགའ།

  7. ལུང་རྟོགས། says:
    2012-08-12 at 4:45 am

    དང་པོ་དཔའ་མོ་ཁོང་གིས་དངོས་སུ་བྲིས་པ་ཞིན་ཡིན་པར་བསམ་སྟེ་མིག་ཆུ་ཤོར་སོང་། འོན་ཀྱང་ཁྱོད་ཀྱི་རྟོག་བཟོ་ཡིན་པ་ཤེས་རྗེས་ཚོར་བ་དེ་མཇའ་ལྟར་ཡལ་སོང་།

  8. བླ་སྨྱོན་ says:
    2012-08-12 at 5:34 am

    ནམ་མཁའི་ཡིད་ལ་ཤར་བའི་སྒྲུང་ཐུང་འདི་མོ་རང་གི་དོན་དངོས་དང་ཕྱོགས་ཙམ་མཐུན་སྲིད། འོན་ཀྱང་མོའི་ཁྱོ་ག་དང་བརྩེ་གདུང་གི་སྡུག་བསྔལ་འོག་ནས་བྲལ་ཐབས་ཀྱི་བྱས་པ་ཡིན་ནམ་སྙམ་པའི་དོགས་པ་ཞིག་དབང་མེད་དུ་སྐྱེས་སོང་།།

  9. མཐར་ཕྱིན་ says:
    2012-08-12 at 2:03 pm

    གང་ལྟར་ང་ཚོས་དྲང་བདེན་གྱི་གནས་ལུགས་འཚོལ་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme