Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུང་ཐང་བསླབ་བྱ་ལས་འཕྲོས་པའི་ཟུར་གཅིག

Posted on 2012-08-062012-08-06 By ཁ་བརྡ་ 8 Comments on གུང་ཐང་བསླབ་བྱ་ལས་འཕྲོས་པའི་ཟུར་གཅིག

མགརའཇམ་དབྱངས།
-ནད་རྙིང་ཞིག་བསྐྱར་འཕར་གྱི་རྐྱེན་པས། དགོས་མེད་ཀྱི་ཚིག་ཉོག་མང་བོ་ངོ་དེབ་སོགས་སུ་སྤུང་བཞིན་པའི་རྗེས་སུ།

རང་ཉིད་ཆགས་སྡང་སྒྲོག་ལས་མ་གྲོལ་བར།།
རེ་དོགས་ཆོད་པའི་གཏམ་གྱིས་འདི་འོ་ཞེས།།
འུར་གྱིས་སྒྲོག་འདི་གཏད་སོ་ཡེ་མེད་པས།།
རྒྱུ་འབྲས་བློ་མིག་ཡངས་པོས་དཔྱོད་ཅིག་ཨང་།།
ཁམས་ཀྱི་གསེར་རྟ་ཨ་མདོའི་གསེར་རྟ་གཉིས།།
གང་ལྟར་གདོང་དམར་བོད་ཀྱི་རྒྱུད་ཡིན་པས།།
ཆོལ་གསུམ་གང་དུ་གཏོགས་ལ་རྩོད་དགོས་མེད།།
དེ་བས་ནང་ཁུལ་མཐུན་ལམ་གྱིས་ཤིག་ཨང་།།
ཆོས་པའི་གཟུགས་ཀྱིས་འདུལ་བ་དོར་དང་གཅིག །
ལས་བྱེད་ཁྱོ་བོ་ཁྲིམས་ལས་བརྒལ་བ་གཉིས།།
དོན་ལ་སྒྲིག་དང་འགལ་བ་ཁྱད་མེད་པས།།
ཉེས་ཅན་གཏེ་བོའི་གྲས་སུ་རྩིས་ཤིག་ཨང་།།
དུག་ཆེན་རྫས་ཀྱི་མཚོན་ཆ་མེད་ན་ཡང་།།
ལྷིང་འཇགས་དཀྲོགས་པའི་ཚིག་གི་མཚོན་ཆ་ཡིས།།
མགོ་ལུས་དུམ་བུར་གཅོད་ལ་ཉེན་ཆེ་བས།།
དེ་བས་རྡོག་རྩ་གཅིག་ཏུ་སྒྲིལ་ཅིག་ཨང་།།
ཁམས་དང་ཨ་མདོ་གང་དུ་ཡིན་ཀྱང་ཆོག །
སྐྱ་བོ་སེར་གཟུགས་གང་ཞིག་ཡིན་ཀྱང་ཆོག།
ནང་ཁུལ་དཀྲུག་ཤིང་བྱེད་པའི་ནག་ཚོགས་ཀྱི། །
གདོང་རིས་དམར་རྗེན་ཁྲོམ་དུ་སྒྲོགས་ཤིག་ཨང་།།
ཕྱོགས་རིས་རིགས་པ་གཡག་ཞར་རྩྭ་ཟན་ལྟར།།
བྱུང་རྒྱལ་དེབ་ཏུ་བསྐྱུགས་པའི་ཚིག་ཉོག་གི །
ཟེར་སྒྲོས་ཙམ་ལ་ཞེན་ན་འཕུང་ཉེན་པས།།
མཛེ་བོའི་ནད་བཞིན་རྒྱང་དུ་སྤོངས་ཤིག་ཨང་།།
གླེང་མི་ཚར་བའི་གསེར་རྟའི་གཏམ་རྒྱུད་དང་།།
འཇགས་མི་ཐུབ་པའི་འཐེན་འཁྱེར་ན་ཟུག་གཉིས།།
ཡིན་མིན་དཔྱོད་པར་བློ་དང་སྟོབས་མེད་པའི།།
གླེང་རྒན་གོག་པོའི་རིགས་ཀྱིས་འཛེམས་ཤིག་ཨང་།།
ཕ་དང་མ་ལོ་དགྱེས་སུ་མི་སྟེར་ཞིང་།།
བུ་དང་ཚ་བོ་གཉིད་དུ་མི་འཇུག་པའི།།
དགྲ་དགའ་གཉེན་སྡུག་ལས་ཀྱི་སྐྱོ་གར་འདི།།
ད་ནས་བཟུང་སྟེ་གཙང་ཕྱགས་གྱིས་ཤིག་ཨང་།།
རང་ཉིད་བདེན་ལ་གཞན་ཉིད་རྫུན་ཡིན་པའི།།
སྒྲུབ་བྱེད་ཐབས་དང་ཤེད་ཀྱིས་བཙལ་ན་ཡང་།།
རང་གཞན་གཉི་ག་འཕུང་བའི་རྒྱུ་ཡིན་པས།།
དེ་བས་སྙིང་ནས་འགྱོད་བཤགས་གྱིས་ཤིག་ཨང་།།
འཇིག་རྟེན་ཧྲིལ་བོའི་ངོ་གདོང་ཡིད་ཙམ་གྱིས།།
སྟོན་པའི་དེང་གི་ཆ་འཕྲིན་གསར་བའི་ངོར།།
དགོས་མེད་རྩོད་པའི་ཉོག་གཏམ་སྤུངས་པ་ལས།།
ལྷད་མེད་མཛའ་བརྩེའི་ལག་རྡང་སྦྲེལ་ཅིག་ཨང་།།
ཕྱི་དགྲ་བཙན་པོར་བྲོས་ཏེ་བྱོལ་ན་ཡང་།།
ནང་དགྲ་གསར་བས་སྡོད་དུ་མ་བཅུག་པས།།
སུ་ལ་ཕོག་ན་དེ་རུ་གཟས་པའི་མདའ།།
འཛེམས་མེད་འཕངས་པའི་སྐལ་འདི་ལོངས་ཤིག་ཨང་།།
མདོར་ན་ཁ་སྣ་གཉིས་ཀྱི་གོང་འོག་དབར།།
སྔོན་མེད་བརྟན་ཅིང་བརླིངས་པའི་ལྕགས་རི་ཞིག །
སོ་སོའི་གོ་གནས་ཆེད་དུ་བཟོ་ཤེས་པའི།།
ཤིང་རྟའི་སྲོལ་འབྱེད་གང་དག་སྤྱུགས་ཤིག་ཨང་།།

རྩོམ་རིག

Post navigation

Previous Post: ཇོ་མོ་གླིང་མའི་རེ་སྒུག
Next Post: རྡོ་བཀའ་བློན་འབྲོང་ཆུང་དངོས་གྲུབ།

Comments (8) on “གུང་ཐང་བསླབ་བྱ་ལས་འཕྲོས་པའི་ཟུར་གཅིག”

  1. འདྲེ་ནག་མགོ་དགུ་ says:
    2012-08-06 at 11:49 am

    འོ་རེད་ཡ། སྲ་གི། ངོ་མ་མཐུན་ལམ་ནི་རྒྱལ་ཁའི་རྩ་བ་ཡིན་ལ། དབྱེན་དཀྲུག་ནི་ཕམ་ཁའི་སྣེ་འདྲེན་ཡིན། ཆོལ་
    ཁ་དང་ཆོས་ལུགས་བརྩད་ནས་ཅི་ཕན། དེ་བས་མཐུན་ལམ་གྱིས།

  2. རྣ་བ་བརྒྱདཔ་ says:
    2012-08-06 at 12:38 pm

    བདེ་སྐྱིད་ཀྱི་རྩ་བ་མཐུན་ལམ་ཡིན། མི་ཆོས་ཀྱི་རྩ་བ་ཡ་རབ་ཡིན། ལྷ་ཆོས་ཀྱི་རྩ་བ་སྙིང་རྗེ་ཡིན། མི་རིགས་ཀྱི་རྩ་བ་རིགས་གནས་ཡིན། བདེན་པ་རེད། རྒྱབ་བསྐྱོར་ཡོད།

  3. རང་དབང་ཨ་རྡུ་མན་ says:
    2012-08-07 at 2:28 am

    མགོ་དགུ་པ་དང་རྣ་བ་བརྒྱད་པ་གཉིས་ནས་་་་་་་་རྒྱབ་སྐྱོར་གནང་ཤག་་་་་་་ང་ལ་བརྒྱད་དང་དགུ་ཡི་གྲངས་ཀ་རྩིས་ཡག་མེད་ནའང་སེམས་གཏིང་ནས་རྒྱབ་སྐྱོར་ཡོད། ནང་ཁུལ་གྱི་མཐུན་ལམ་མེད་དུ་གྱུར་ན་བྱ་བ་ཆེ་ཆུང་ག་རེ་ཡིན་ནའང་སྒྲུབ་མི་ཐུབ་་་་་་གལ་རེ་སྒྲུབ་ཀྱང་རྣམ་པར་དག་པ་སྒྲུབ་མི་ཐུབ་པས། ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་འཛམ་གླིང་གང་དུ་བཞུགས་ཡོད་རུང་་་་
    ང་ཚོར་དགོས་པ་ནི་་་་་མཐུན་ལམ་དང་རྡོག་རྩ་གཅིག་སྒྲིལ་དེ་ཡིན། དེ་ཡོད་སོང་ན་ང་ཚོས་སྒྲུབ་མི་ཐུབ་པ་དང་མི་འཇོན་པའི་བྱ་བ་གང་ཡང་མེད།།

  4. རང་དབང་ཨ་རྡུ་མན་ says:
    2012-08-07 at 2:29 am

    གལ་ཏེ་་་་་་ཞེས་བཅོལ་རོགས།

  5. འཇམ་གཅེས་ says:
    2012-08-07 at 9:40 am

    ཧ་ཧ་ཧ་ཧ་་རང་དབང་ཨ་རྡུ་མན་་དེ་རིང་བོད་མིའི་གནད་ཡོད་མི་སྣ་དགལ་ངན་སྨས་བཟོ་ཡ་དེ་བརྗེད་པ་འདྲ། ད་དུང་མཐུན་ལམ་མེད་དུ་མི་རུང་ཡིན་ན་ཞིག་བྲིས་ཤག ཉི་མ་ནུབ་ཕྱོགས་ནས་ཤར་བ་མིན་ནམ།

  6. ལུང་རྟོགས། says:
    2012-08-07 at 11:09 am

    ཧཧཧཧཧཧཧཧཧཧཧཧཧཧ་་་འཇམ་གཅེས་ཀྱི་སྐད་ཆ་དེ་ཅི་མ་བདེན།

  7. དགེ་བསྙེན་རྡོ་རྗེ་ says:
    2012-08-07 at 6:02 pm

    གཏམ་དཔེ་གསར་པ།

    བཤད་ཚད་གཞན་དོན།
    བྱས་ཚད་རང་དོན།

  8. འདྲེ་ནག་མགོ་དགུ་ says:
    2012-08-08 at 11:36 am

    ང་ཚོར་དགོས་པ་ནི་མཐུན་ལམ་ཡིན་མོད། འོན་ཀྱང་དེ་ནི་རང་ལྟ་མཆོག་འཛིན་མ་དོར་བར་ཡོང་མི་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme