Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདེན་པ་དང་བསམ་ཚུལ་བར་གྱི་ཁྱད་པར།

Posted on 2008-07-282008-07-28 By དགེ་རབ་ 5 Comments on བདེན་པ་དང་བསམ་ཚུལ་བར་གྱི་ཁྱད་པར།

“བོད་རིགས་ཚོས་བསམ་ཚུལ་ཤོད་ཀྱི་འདུག བསམ་ཚུལ་བཤད་པ་མ་གཏོགས་དངོས་ཡོད་ཤོད་ཀྱི་མི་འདུག”ཅེས་པ་འདི་ནི་ངས་ལན་མང་གོ་མྱོང་བ་ཞིག་ཡིན། ངས་རང་གི་ཉེ་འཁོར་གྱི་མི་རྣམས་ལ་བརྟག་དཔྱད་ཅིག་བྱས་པ་ཡིན། དཔེར་ན། མི་གཉིས་ཀྱིས་སྐད་ཆ་བཤད་སྐབས།
“ཚེ་རིང་ག་པ་ལ་ཕྱིན་སོང་།”
“ཚོང་ཁང་ལ་ཕྱིན་པ་འདྲ། ནང་ལ་བསྡད་མི་འདུག”
“དངོས་གནས།”
“གང་ཤེས། གཞན་ག་བ་ལ་འགྲོ་དགོས་རེད། ཁོ་ལ་འགྲོ་ས་གཞན་པ་མེད་པཱ།”
འདི་ལྟ་བུ་རེད། ང་ཚོ་ལ་གནས་ཚུལ་གང་ཡིན་ཡང་ཚགས་པར་བཀླགས་ནས་གནས་ཚུལ་ཤོད་རེས་བྱེད་པ་ཞིག་མེད་པ་འདྲ། ཡིག་ཆའི་ཐོག་གི་གནས་ཚུལ་གང་ཡིན་ཡང་། ཡིག་ཆའི་ཐོག་གི་གནས་ཚུལ་དེ་ཚོ་ང་ཚོས་ཤེས་ཀྱི་ཡོད་མེད་གང་ལྟར་ཡང་། ང་ཚོས་བསམ་ཚུལ་རེ་བཤད་ཀྱི་རེད། འདི་བོད་མིའི་གཤིས་ཀ་ཞིག་ཡིན་པ་འདྲ།
ངའི་བུ་མོ་ལོ་བརྒྱད་ལ་སླེབས་དུས་འཛིན་གྲྭ་ནས་ནང་ལས་ཞིག་འཁྱེར་ཡོང་སོང་། ནང་ལས་དེ་ནི་བསམ་ཚུལ་དང་བདེན་པ་གཉིས་ཀྱི་ཁྱད་པར་སྐོར་རེད། གལ་སྲིད། “ཁྱི་ནག་པོ་གཅིག་འདུག” བརྗོད་དུས་འདི་བདེན་པ་རེད་ཟེར། “ཁྱི་ནག་པོ་སྙིང་རྗེ་པོ་ཞིག་འདུག”ཅེས་བརྗོད་དུས་འདི་བསམ་ཚུལ་རེད་ཟེར། ང་ཚོ་ལ་འདི་འདྲའི་སློབ་སྦྱོང་ཞིག་ཡོད་དམ།

རྩོམ་རིག

Post navigation

Previous Post: ཀློག་མི་ཤེས་པའི་ཡི་གེ
Next Post: བོད་ནས་འབྱོར་བའི་དྲི་བ་ཆུང་ཆུང་ཁ་ཤས།

Comments (5) on “བདེན་པ་དང་བསམ་ཚུལ་བར་གྱི་ཁྱད་པར།”

  1. karchen says:
    2008-07-29 at 5:01 am

    དེ་རིང་སང་ཉིད་ཁ་བརྡ་འདི་གང་བསམ་པ་དེ་བླུགས་སའི་ཡིག་སྣོད་ལྟ་བུ་ཞིག་ཆགས་འདུག འོན་ཀྱང༌། བོད་རིགས་ཚོར་གང་བསམ་པ་དེ་བླུགས་སའི་ཡིག་སྣོད་ཞིག་ཡོད་པ་འདི་ཡང་ཧ་ཅང་ཡག་པོ་རེད། གང་ལྟར། གོང་གི་བྲིས་རྩོམ་དེ་ལ་མཆན་བུ་ཞིག་འདེབས་འདོད་སྐྱེས།
    ་ བོད་རིགས་ཚོས་བསམ་ཚུལ་ཤོད་མི་ཐུབ་པ་མ་ཟད་དངོས་ཡོད་ནི་དེ་བས་ཀྱང་བཤད་ཐུབ་ཀྱི་མི་འདུག ལྷག་པར་དུ་རྣམ་དཔྱོད་དང་ལྡན་པའི་བསམ་ཚུལ་ཤོད་མཁན་དང་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་ནས་དངོས་ཡོད་ཤོད་མཁན་ནི་དེ་བས་ཀྱང་དཀོན་སེ་འདུག
    ་ བོད་རིགས་ཚོས་དངོས་ཡོད་ཀྱི་ལམ་ནས་བསམ་ཚུལ་བཤད་ཐུབ་ཀྱི་ཡོད་མེད་དང་བསམ་ཚུལ་དེ་ཡང་དངོས་ཡོད་ལ་སྦྱར་ཐུབ་ཀྱི་ཡོད་མེད་ལ་ཕྱོགས་ངོས་མང་པོ་ནས་ཞིབ་འཇུག་བྱེད་དགོས་བ་ཞིག་རེད། དེ་མིན། མི་རེ་གཉིས་ཀྱི་སྐད་ཆའི་ལམ་ནས་གསལ་སྟོན་ཐུབ་པ་ཞིག་མ་རེད། མདོ་དོན། གོང་གི་བྲིས་རྩོམ་དེ་ནུབ་ཕྱོགས་པའི་བསམ་བློ་གཏོང་སྟངས་ཤིག་ལ་ལད་མོ་བྱེད་ཀྱི་ཡོད་ན་ནི་ངས་མི་ཤེས།

  2. གངས་ཕྲུག says:
    2008-07-29 at 10:30 am

    ཁྱེད་ཚོས་ཟེར་བའི་བོད་པའི་བསམ་ཚུལ་དང་དངོས་ཡོད་དེ་ཅུང་ངོ་མ་རེད། འོན་ཀྱང་། རང་ཉིད་མི་རིགས་གཞན་མང་པོ་མཉམ་དུ་འཚོ་བ་རོལ་མྱོང་ལ། ཁོང་ཚོ་དང་བསྡུར་ན་བོད་པའི་བསམ་ཚུལ་ནི་དངོས་ཡོད་དང་ཐག་ཉེ་བ་འདུག བོད་པ་འདི་མི་རིགས་གཞན་དང་བསྡུར་ཡོང་དུས། ཅུང་དྲང་བ་དང་། སེམས་བཟང་བ། ཁ་རི་ཁ་ཐུག་རེད། 

    ཁྱེད་རྒྱ་གར་བའི་མི་རིགས་ཀྱི་གཤིས་ཀར་སོམས་དང་། ཁྱེད་རྒྱ་རིགས་ཀྱི་གཤིར་ཀར་སོམས་དང་། ཁྱེད་དབྱིན་ཇིའི་མི་རིགས་ཀྱི་གཤིར་ཀར་སོམས་དང་། ཁྱེད་ཇིའུ་མི་རིགས་ཀྱི་གཤིས་ཀར་སོམས་དང་། ཁྱེད་ཁ་ཆེ་ཚོའི་གཤིས་ཀར་སོམས་དང་། 

    ཁྱེད་ད་དུང་ཨ་རིའི་གསར་ཤོག་ཆུང་ཆུང་དེ་ཚོ་ཀློག་དང་། ཁྱེད་ད་དུང་རྒྱ་ནག་གི་དམར་ཤོག་གི་ཚགས་པར་དེ་ཚོ་ཀློག་དང་། ཁྱེད་ད་དུང་མི་རིགས་ནག་པོའི་ཆོས་བཤད་མཁན་དེ་དག་སོམས་དང། དེ་ཚོ་དང་བསྡུར་ན་བོད་པ་འདི་དྲང་མོ་རེད། དཔེར་ན་ང་ཚོའི་འབྲོག་པ་ཚོར་སོམས་དང་། ཁ་ཐུག་རེད་མ་གཏོགས་དབྱིན་ཇི་དང་ཨ་རི་ཚོ་འདྲ་པོའི་ཡིན་མིན་གྱི་དཀྱིལ་ནས་གནས་ཚུལ་གསལ་པོ་མ་ཤོད་མཁན་ཤ་སྟག་རེད། ངས་ཁྱོད་ལ་སྒྲུང་ཞིག་བཤད་ཆོག

    ཁ་སྔོན་ཨ་རིའི་ཚགས་པར་ནང་མི་ཞིག་གིས་མདུན་གྱི་མོ་ཊ་ཞིག་ལ་ཁོ་པའི་མོ་ཊས་བརྡུང་ནས་ཁྲིམས་ཁང་ལ་གཏུགས་འདུག བརྡུང་མཁན་ཁོས་བཤད་རྒྱུར་མདུན་གྱི་མོ་ཊ་དེ་གློ་བུར་དུ་བཀག་སྟབས་རྒྱབ་ཀྱི་མོ་ཊ་དེ་ཁ་ཤོར་ནས་བརྡུང་བ་རེད། གྱོང་ཕོག་མཁན་ཁོས་བཤད་རྒྱུར་རྒྱབ་ཀྱི་མོ་ཊ་དེས་ཚད་ལས་བརྒལ་བའི་མགྱོགས་ཚད་ཐོག་ཕྱིན་སྟབས་མདུན་ལ་བརྡུང་པ་རེད་ཟེར།

    ད་ཁྱྱོད་ཤོད་དང་སུས་བདེན་པ་ཤོད་ཀྱི་འདུག ཁྱོད་ཀྱི་ཤོད་པ་ནང་བཞིན་ནུབ་ཕྱོགས་པ་ཚོ་དྲང་པོ་འདུག་གས། 

    བོད་པ་གཅིག་ཡིན་ན་ནོར་ན་དགོངས་དག་ཞུ་གི་རེད། བྱས་ཙང་ཁྱེད་ཚོ་ཕྱི་རྒྱལ་ལ་བསྡྡད། རང་གི་ཕྲུ་གུ་ཕྱི་རྒྱལ་གྱི་སློབ་གྲྭར་བཏང་ཐུབ་པ་ཙམ་གྱིས་རང་གི་མི་རིགས་འདིར་མཐོང་ཆུང་འདྲ་པོས་བསམ་ཚུལ་མ་གཏོགས་དྲང་པོ་བཤད་ཀྱི་མིན་འདུག་ཟེར་བའི་རང་གི་མི་རིགས་ལ་སྨ་འབེབས་པའི་མཐོང་ཆུང་འདི་འདྲ་བྱས་ན། ངས་ཉམས་ཐག དྲང་སྤྱོད་ལ་དགའ་བའི་བོད་ཀྱི་ཞིང་འབྲོག་མི་དམངས་རྣམས་ཀྱི་ཚབ་བྱས་ནས་ཁྱོད་ལ་སྐྱག་པ་བཟོ་ཀྱེ། ང་ཚོའི་མི་རིགས་འདི་དྲང་མོ་ཡིན། གཞན་གྱིས་འོག་ལ་སྡུག་གཅོད་མྱང་ནས་བསྡད་ཡོད། བདེན་པོ་ང་ཚོར་ཡོད་དེ་གཞན་གྱིས་དབང་ཤུགས་ཀྱིས་ཤོར་བ་རེད། ཁྱོད་ཁ་བདེ་པོ་ཡོད་ན་རྒྱ་མི་ཚོར་འདི་ལྟར་ཤོད། 

  3. མགོན་པོ་ཕྱག་གཉིས་པ། says:
    2008-07-29 at 12:13 pm

    བདེན་པ་དང་བསམ་ཚུལ་བར་གྱི་ཁྱད་པར་ཞེས་པའི་རྩོམ་འདིའི་ནང་གི་དཔེ་དེ་ཚོས། བདེན་པ་དང་བསམ་ཚུལ་ཐག་ཉེ་བོ་ཡིན་པ་སྟོན་པ་ལས་ཁྱད་པར་ཡོད་པ་ཅང་སྟོན་གྱི་མི་འདུག
    “ཚོང་ཁང་ལ་ཕྱིན་པ་འདྲ། ནང་ལ་བསྡད་མི་འདུག” ཅེས་འདིར་ནང་ལ་བསྡད་མེད་པའི་བདེན་པའི་གནས་ཚུལ་དེ་གསལ་བོར་བརྗོད་པ་མ་ཟད། གང་ལ་ཕྱིན་པའི་བདེན་པ་དེ་འཚོལ་ཕྱིར་དྭོགས་སློང་ཞིག་གི་མགོ་བཙུགས
    དེ་ནས་གཞན་པ་དེས་ “དངོས་གནས།” ཟེར་ནས་བདེན་པ་ར་སྤྲོད་པར་སྐུལ་མ་བྱས།
    “གང་ཤེས། གཞན་ག་བ་ལ་འགྲོ་དགོས་རེད། ཁོ་ལ་འགྲོ་ས་གཞན་པ་མེད་པཱ།” ཞེས། གང་ཤེས་ཟེར་ནས་བདེན་པ་བདེན་ཐུབ་ཏུ་བརྗོད་པ་མ་ཟད། ཕྱིར་མི་གཞན་པ་དེར་ ་་གཞན་ག་བ་ལ་འགྲོ་དགོས་རེད། ་་ ཅེས་བདེན་པ་འཚོལ་བའི་དྲི་བ་ཞིག་བཀོད་ཏེ། ཁོ་ལ་འགྲོ་ས་གཞན་པ་མེད་པྰ་ཟེར་ནས་རང་ཉིད་ཀྱི་བདེན་པའི་རྒྱུ་མཚན་བཤད།
    སྤྱིར་བཏང་གི་ཁ་བརྡ་འདི་འདྲ་ཡང་གཏན་ཚིགས་ཀྱིས་ཁེངས་མི་འདུག་གམ། གྲྭ་བ་ཚོས། ཅིའི་ཕྱིར། རྟགས་མ་གྲུབ། ཡིན་པའི་ཕྱིར་ཟེར་བའི་རིགས་པའི་འགྲོས་དང་འདྲ་སེ་མཐོང་།

  4. དགེ་ཆོས། says:
    2008-07-29 at 10:20 pm

    ཅི་ཞིག་རྩོད་བཞིན་ཡོད། རྟོགས་ཐུབ་མ་སོང་། དགོངས་པ་མ་ཚོམས།

  5. karchen says:
    2008-07-30 at 2:19 am

    བཀུར་འོས་མགོན་པོ་ཕྱག་གཉིས་པ་ལགས
    སྤྱིར་བཏང་གི་ཁ་བརྡ་འདི་ཡང་གཏན་ཚིགས་ཀྱིས་ཁེངས་མི་འདུག་གམ་ཞེས་བའི་ཉིད་ཀྱི་དོགས་འདྲི་དེ་ཡང་བདེན་སེ་འདུག གཅིག་བྱས་ན་རྩོམ་འབྲི་བ་དེ་ཡང་གྲྭ་ས་འགྲིམས་མྱོང་མཁན་ཞིག་ཡིན་རྒྱུ་རེད། གང་ལྟར། བདེན་པ་དང་བསམ་ཚུལ་གྱི་སྐོར་དེ་གོང་བཀོད་རྩོམ་ཡིག་དེས་གསལ་བཤད་བྱེད་ཐུབ་ཀྱི་མི་འདུག་པར་མ་ཟད་ཉིད་ཀྱི་མཆན་བུ་དེས་ཀྱང་གསལ་སྟོན་བྱེད་ཐུབ་ཀྱི་མི་འདུག
    བདེན་པ་དང་བསམ་ཚུལ་ཞེས་བ་དེ་བོད་པའི་བསམ་བློའི་བག་ཆགས་ཀྱི་ངོས་ནས་གླེང་གི་ཡོད་ན་ནི། ཞིབ་དུ་དཔྱད་རྒྱུ་ལྷག་ནས་འདུག་ལ༌། ནུབ་ཕྱོགས་པའི་རིག་པའི་གཞུང་ལུགས་ཀྱི་ངོས་ནས་གླེང་གི་ཡོད་ན་ནི། ཕྱོགས་ངོས་མང་པོ་ལ་བསམ་ཞིབ་བཤད་རྒྱུ་འདུག་སྙམ། ཆུ་ཚོད་ཡོད་ན། འདི་ཚོའི་རིགས་ལ་ཞིབ་འཇུག་གཏིང་ཟབ་ཞིག་བྱེད་ཐུབ་ན་དགའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme