Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཡིག

Posted on 2012-08-052012-08-05 By ཁ་བརྡ་ 23 Comments on བོད་ཡིག

པར།

Post navigation

Previous Post: དངོས་བྱུང་གི་སྒྲུང་གཏམ་ཞིག
Next Post: དམར་ཁ་ཚ།

Comments (23) on “བོད་ཡིག”

  1. ngaris ses1 says:
    2012-08-05 at 4:51 am

    ཧ་ལ།
    སྔ་འགྱུར་རྙིང་མ་མ་གཏོགས་གཞན་བསྟན་པ་ཐམས་ཅད་རྣམ་པར་མ་དག་པ་ཡིན།
    གྷུ་རུ་རིན་པོ་ཆེ་ལ་སྐྱབས་སུ་མི་འགྲོ་མཁན་ཐམས་ཅད་ཀླ་ཀློ་ཡིན།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-05 at 5:34 am

    ཇི་སྐད་བཤད་པ་བདེན་ན།
    བསྩལ་བའི་དག་བཅོས་་སྩལ་པའི།
    གུ་རུར་སྐྱབས་འགྲོ་དགོས་ན།
    གྷུ་རུ་ཞེས་པ་འདོར་དགོས།།

  3. བདེ་བ་ says:
    2012-08-05 at 7:30 am

    ngaris sesལགས།
    གྷུ་རུ་རིན་པོ་ཆེ་ཡང་སྙིང་ག་བ་ལ་སྐྱེས་རེད། ག་བ་ལ་ཤི་རེད་དེ་གསལ་པོ་ཞིག་ཤོད་དང་གཞི་ནས་ང་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཛིན་ཚང་མས་སྐྱབས་སུ་འགྲོ་དགོས་མིན་ལྟ་རྒྱུ་རེད་ལོ།

  4. རྣ་བ་བརྒྱདཔ་ says:
    2012-08-05 at 7:45 am

    བོད་གང་ཅན་པ་རྣམས་གྱི་ཆོས་རྒྱུད་ཚང་མ་དཔལ་ན་ལེན་ཊ་ནས་བསྒྱུད་ནས་འོང་བ་མ་ཡིན་ནམ། བར་སྐབས་ནས་ཡིན་ན་རྙིང་མ་ལ་ཡང་མཚུངས་ལ། དང་པོ་ནས་ཡིན་ན་ན་ལེན་ཊ་ལ་ཡང་གཉིས་ག་ཡོད་པར་ཐལ་ལོ། དེས་ན་རང་རྒྱུད་ལ་མངོན་རྟོགས་གང་ཡང་རུང་བ་ཞིག་ཡོད་དམ་མེད་ཀྱང་རུང། རང་དབང་ལུང་བ་ནས་རང་དབང་གི་གོ་རྟོགས་ཡོད་པའི་སྒོ་ནས་རང་དབང་ལོང་སྤྱོད་གལ་ཆེ་བར་སེམས། ཆོས་སྤང་ལས་ངན་བསག་པ་དང། དོན་མེད་སྡིག་ཆེན་བསག་པ་མཐོ་ལོ་བཤགས།

  5. དྲ་འབུ། says:
    2012-08-05 at 7:45 am

    གུ་རུ་Afgahnཡུལ་དུ་སྐྱེས། སྐྱིད་པོ་བོད་ཀྱི་ཡུལ་དུ་བཏང་། སྙིང་སྡུག་རྒྱ་གར་ཡུལ་ནས་བཙལ། Afghanལམ་ལུགས་བོད་དུ་སྤེལ།

  6. མེ་ཏོག་དཀར་པོ། says:
    2012-08-05 at 8:14 am

    རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །
    པདྨ་འབྱུང་གནས་སྐུ་ལ་འདས་གྲོངས་མེད། །
    ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །

  7. དྲ་འབུ། says:
    2012-08-05 at 8:24 am

    གནའ་བོའི་རིག་བྱེད་གཏམ་རྒྱུད་བོད་དུ་དར། པན་འབྱུང་ལྔ་ལམ་སོང་ནས་རུལ་ཐལ་གྱུར། ད་དུང་སྐུ་ལ་འདས་འཁྲུངས་མེད་རབས་བཤད། ཇི་འདྲའི་རིག་བྱེད་གཏམ་དེ་བདེན་པ་ལ།

  8. སྤྲུལ་སྐུ་དབང་ཆེན says:
    2012-08-05 at 10:01 am

    བོད་སྐྱོབ་ལྷག་བསམ་ཅན་ལ་མངོན་པར་བསྟོད།
    བསྩལ་དེ་འདས་འོངས་གང་རུང་སྤྱོད་ན་ཆོག
    སྩལ་ལ་ཨུ་ཚུགས་སེན་ཐོག་གཙིར་དགོས་མེད།
    དུས་གསུམ་དུས་བཅད་ཀུན་ལ་འཚམ་པར་སྣང་།།

  9. དམག་ལོག་ says:
    2012-08-05 at 10:16 am

    ཨོ་རྒྱན་ཡུལ་ནས་གནས་མེད་རྒྱང་ཕུད་བཏང་།།
    རྒྱ་གར་ཡུལ་ནས་གཡོ་སྒྱུ་ཁྲམ་གསུམ་སྦྱངས།།
    བོད་ཡུལ་དབུས་སུ་ཡེ་ཤེས་མཚོ་རྒྱལ་འཕྲོག།
    བོད་བློན་ཁྲོས་ནས་གུང་ཐང་ལ་རྩེར་སྒྲལ།།

  10. ཇ་མ་ says:
    2012-08-05 at 10:19 am

    ཡ་ཁོ་རེ། དམག་ལོག། གུང་ཐང་ལ་རྩེ་ནས་ལྷོ་ནུབ་སྲིད་པོའི་ཡུལ་དུ་ཕཊ་ཕཊ་ཅེས་གཤེགས་པ་མ་ཡིན་ནམ།

  11. མ་ནཱ་ལི་ཀུན་དགའ་ says:
    2012-08-05 at 11:25 am

    ཨྱོན་ལགས་ཀྱིས་བོད་ཡིག་གལ་ཆེ་ཚུལ་གྱི་རྩོམ་བྲིས་ཡོང་དུས་སྐྱག་འབུ་ཚོས་གུ་རུ་རིན་པོ་ཆེ་དོན་མེད་དྲུད་ཡོང་གིས། དཱ་གང་ཤེས།

    ་

  12. སྤྲུལ་སྐུ་དབང་ཆེན says:
    2012-08-05 at 11:34 am

    གུ་རུའི་ཐུགས་རྗེས་འགྲོ་དོན་མཛད་ཙ་ན།
    མ་དག་འཁྲུལ་ངོར་སྤྱོད་ལམ་སྣ་ཚོགས་ཡང་།
    དོན་དམ་གང་འཚམ་གདུལ་བྱའི་ཁམས་དབང་དང་།
    མོས་པ་ཡིན་ཕྱིར་དག་སྣང་ངང་ནས་རྒྱལ།།

  13. བཀྲ་ཡེ་ཚང་། says:
    2012-08-05 at 11:56 am

    མགོ་རྔ་མེད་པའི་ཚིག་ཉོག།
    གོ་རྒྱུ་མེད་པའི་ཚིག་ཉོག།
    དག་ཆ་མེད་པའི་ཚིག་ཉོག།
    ཨོ་རྒྱན་ཉི་མ་ལོས་ཡིན།།

  14. བདེ་བ་ says:
    2012-08-05 at 12:17 pm

    ཨུ་རྒྱན་པད་མ་མོ་ཤམ་མ་ཡི་བུས།།
    ཐུབ་པའི་ཆོས་བོན་དང་ཧ་ཤང་བསྲེས།།
    རྙིང་མ་ཞེས་ཟེར་བན་བོན་མིན་དེས།།
    རྒྱལ་ཐུབ་པའི་བཀའ་ཀུན་སླད་པར་བྱས།།
    མཚོ་པད་མ་ཨོ་རྒྱན་འཁྲུངས་ཡུལ་ཧ་ཧ་ཧཧ་་ཧཧཧཧཧཧཧཧཧཧཧཧཧཧཧཧཧ

  15. ngaris ses1 says:
    2012-08-05 at 12:37 pm

    ད་ཁྱེད་ཚོས་ཅི་ལབ་འདི་ལབ་མི་འདུག
    གུ་རུ་རིན་པོ་ཆེ་ལ་གནོད་པ་ཅི་གང་ཚུགས་ཐུབ་ཀྱི་མ་རེད་དཱ།
    ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་སྐུ་གསལ་་ལྷམ་མེར་བཞུགས་ཡོད་འདུག བོད་སྐྱག་འདི་ཚོས་སྔར་ཡང་དེ་འདྲ་རྐྱང་བཤད་ནས་གུ་རིན་པོ་ཆེ་རྒྱང་འབུད་དུ་བཏང་འདུག ཞེ་ས་མ་ཞུས་ན་དེ་འདྲ་རེད། ཞེ་ས་ཞུས་ན་འགྲོ་དོན་དུ་ཕེབས་པ་རེད། གུ་རུ་རིན་པོ་ཆེ་ལ་མི་དགའ་མཁན་ཤུགས་ལྡན་པ་མ་གཏོགས་མེད་རེད་ད། གུ་རུའི་འབུམ་ཚོགས་ཀྱི་བྱིན་རླབས་ཁ་ལ་མ་རེག་པ་མེད་རེད་དོ།

  16. རྣ་བ་བརྒྱདཔ་ says:
    2012-08-05 at 12:49 pm

    པད་མ་བཀའ་ཐང་ལས། མཁན་ཆེན་ཞི་བ་མཚོའི་ཆོས་རྒྱལ་ལ་ལུང་བརྟན་དུ། ཆེ་དག་རྟ་རྫི་བུ་ཡི་སྨོན་ལམ་ནི། མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུའི། ས་བདག་འགོ་ནག་རྒྱལ་པོ་སྐྱེ་བར་ཤོག། དེ་ལྟར་བཏབ་པའི་རྗེ་རྒྱལ་ཁྱོད་ཉིད་ཡིན། དེ་འོག་ཁྱི་རྗི་བུ་ཡི་སྨོན་ལམ་ནི། མཆོད་རྟེན་འདི་ལ་བུམ་པ་བཏག་པའི་མཐུས། བསྟན་པའི་གཞི་མ་དགེ་འདུན་མཆོག་དུ་ཤོགས། དགེ་སློང་འབོ་དྷི་ས་དོ་ང་ཉིད་ཡིན། དེ་འོག་ཕག་རྫི་བུ་ཡི་སྨོན་ལམ་ནི། མཆོད་རྟེན་འདི་ལ་བུམ་པ་བཏག་པའི་མཐུས། རྫས་སྐྱེས་ལྷ་འདྲེ་མི་གསུམ་འདུལ་བར་ཤོགས། སྨོན་ལམ་མཐུ་བཙན་པདྨ་འབྱུང་གནས་ཡིན། ཞེས་སོགས་དང། བཀའ་བསྡུས་ལས། ཨོ་རྒྱུན་ང་ཡི་སྤྲུལ་བ་བློ་བཟང་གྲགས། སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆར། ་ཞེས་སོགས་ལུང་རིགས་མཐའ་ཡས་པའི་འགྲུབ་མོད། ་༧གོང་ས་མཆོག་ལ་སོགས་པའི་སྐྱེས་བུ་དམ་པ་དུ་མའི་ཚད་མའི་སྐྱེས་བུར་གསུངས་ན་ཏ་དུང་མངོན་སུམ་ལ་སྙོན་བཏིང་བ་ལ་དགོས་པ་མ་མཐོང་ངོ། གཞན་ཡང་ཏེ་ལྟར་སྐུར་་འདེབས་སྣ་ཚོགས་བྱས་ནས་ལས་ངན་བསགས་ན་རྣམས་སྨིན་ལ་མི་འཇིག་གམ། སྔར་ཡང་དེ་སྟར་བྱས་ནས་རང་བཙན་ཤོར་བ་མ་ཡིན་ནམ། ཏ་ལྟ་རྡ་སའི་གཙུགས་ལགས་ཁང་དུ་གུ་རུ་སྣང་སྲིད་ཟུལ་གནོན་གྱི་སྐུ་གཅིག་བཞེང་དགོས་པའི་རྒྱུ་མཚན་སྐྱབས་མགོན་རིན་པོ་ཆེས་ནམ་རྒྱུན་གསུངས་བ་མ་ཤེས་སམ། ཏ་ལྟ་གང་རིའི་ལྗོངས་ཀྱི་ཆོས་རྒྱུད་གཞན་གྱི་འགྲམ་ཆུ་སྡང་བ་ཡོད་པའི་བཀའ་དྲིན་ལ་བསམ་ནས་རང་ཉིད་ཀྱི་སྔར་འགྱོད་ཕྱིས་སྡོམ་དང། འདས་པའི་རླབས་ཆེན་བའི་མཛད་པ་ལ་རྗེས་དྲན་དང་མ་འོང་ལེགས་པའི་ཕྱོགས་ལ་མདུན་བསྐྱོད་བྱེད་རོག།

  17. དབང་ཆེན་ says:
    2012-08-05 at 1:19 pm

    ས་སྟེང་རྒྱལ་སྟན་ཡོངས་རྫོགས་ཀྱི་མངའ་བདག༸རྒྱལ་དབང་བཅུ་བཞི་བས།
    རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར།། པུར་རྒྱལ་བོད་ཀྱི་འགྲོ་བའི་དཔལ་ཤར་བ།།
    གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་དྲིན་པོ་ཆེ།། དེང་འདིར་གདུང་བས་སྐུལ་ལོ་ཐུགས་རྗེས་གཟིགས།།

    སྔོན་གྱི་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་དང་།། ད་ལྟ་རྒྱལ་བའི་དབང་བོས་སྙེན་པའི་ལྷ།།
    ཨོ་རྒྱན་རྗེ་ལ་དམོད་པའི་སྨོན་ལོག་ནི།། བོན་རྒན་དོལ་རྒན་གཉིས་ལས་ཕུང་གསུམ་མེད།།

    གངས་དཀར་ཧི་མ་ལ་ཡི་མུ་འཁྱུད་ནས།། ཡང་གསང་སྔགས་ཀྱི་འོད་སྟོང་འབུམ་ཕྲག་བརྒྱ།།
    གླིང་ལྔ་མཚོ་བཞི་ཁྱབ་པའི་དེ་རང་ཡང་།། འབྱུང་བྱ་འུག་པའི་ངུ་སྐད་ཐ་ཐོར་ཐོས།།

    འདི་འང་རྟེན་འབྱུང་རྔ་དང་དབྱུ་གུ་ཞིན།། ཚེ་སྔོན་ལས་དང་སྨོན་པས་རླུང་ཤུགས་ཀྱིས།།
    རྒྱབ་ནས་དེད་ལ་གྲོགས་ཀྱི་འདུ་ཤེས་ཀྱིས།། ད་ནི་ལས་རྒྱུན་སྤོངས་ལ་རེམ་ཅེས་བསྐུལ།།

  18. རིགས་ཞེན་དཀར་པོ། says:
    2012-08-05 at 1:24 pm

    ལོག་ལྟ་མ་བྱེད། སྡུག་བསྔལ་མ་ཉོ། མནར་མེད་སྐྱེས་ན། དུཿཁ་བཟོད་དཀའ།

  19. ཤེས་དགའ་ says:
    2012-08-05 at 1:35 pm

    ངོ་ཤོག་གང་དང་གང་དུས་བལྟས་ཀྱང་རུང་།།
    དྲྭ་འབུ་འདི་ཚོས་དྲྭ་སྐྱག་བཏང་བ་མཐོང་།།

    རང་གཞན་སུ་ཡིས་བལྟས་ཀྱང་སྐྱུག་དྲོ་བོ།།
    ཁྱོད་ཚོར་ཆོས་ལ་གླེང་བའི་ཐོབ་ཐང་མེད།།

    ཆོས་པ་ཆོས་དང་མར་གོག་མར་གྱི་དཔེ།།
    འབའ་གོག་ཁྱོད་ཚོ་མཐོང་དུས་ཅིས་མི་བདེན།།

    ཁྲལ་དང་ངོ་ཚ་བྲལ་ན་བྱེད་ཐབས་ཟད།།
    དེ་མིན་མང་རང་དྲག་པ་གོ་བར་གྱིས།།

    ཞབས་འདྲེན་པ་ཚོར།།

  20. ཐུབ་པ། says:
    2012-08-05 at 3:37 pm

    མགོ་རྔ་མེད་པའི་ཚིག་ཉོག།
    གོ་རྒྱུ་མེད་པའི་ཚིག་ཉོག།
    དག་ཆ་མེད་པའི་ཚིག་ཉོག།
    འོ་རྒྱན་ཉི་མ་ལོས་ཡིན།།
    ཨོ་རྒྱན་ཟེར་བ་འདིས་རང་ཉིད་ཅིག་ཡིན་མདོག་མདོག་བྱེད་ཀྱིན་འདུག

    དཀོར་ཟས་དཀོར་ཆུའི་པེ་ཤག་གང་འཚམས་བསགས་རྗེས་མཁས་གྲགས་སྐམ་པོའི་མིང་གཉེར་འདོད་ནའང་རང་ཉིད་ལ་སྦྱོང་བ་ཞབས་འདྲེན་རང་ཞུས་འདུག་གོ།། ངོ་ཚ་བ་ལ།

  21. ཀརྨ་ཡེ་ཤེས says:
    2012-08-05 at 4:35 pm

    དཔལ་ལྡན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །མཁྱེན་བརྩེ་འོད་དཀར་ངེས་གསང་གྲུ་ཆར་འབེབས། །གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག །མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མ་འདུད་ཅེས་མངའ་རིས་པན་ཆེན་གྱིས་གསུངས་འདུག སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཡང་མཁས་པ་ཆེན་པོ་རེད། བོད་ཡིག་རྒྱལ་ལོ།

  22. དྲ་འབུ། says:
    2012-08-05 at 4:35 pm

    གུ་རུའི་སྤྱོད་ངན་ས་སྟེང་བཀང་ཆོག་ན། དེ་ལྟའི་བསམ་ཚུལ་སྤེལ་བར་ཅིའི་ཕྱིར་གནོངས།

  23. འདྲེ་ནག་མགོ་དགུ་ says:
    2012-08-05 at 6:57 pm

    གུ་རུ་རིན་པོ་ཆེ་འདི་ལ་སྐུར་འདེབས་ཞུ་མི་ཉན། རྗེའི་ལམ་རིམ་ཆེན་མོར་མཁན་ཆེན་ཞི་བ་འཚོ་དང་པདྨ་སམ་
    བྷ་ཝ་གཉིས་ཀ་བོད་དུ་བསྟན་པའི་སྲོལ་ཐོག་མར་བཏོད་མཁན་ཡིན་པར་གསུངས་འདུག དེས་ན་ད་ལྟ་ང་ཚོས་
    ས་དགེ་བཀའ་རྙིང་ཞེས་ང་དང་ཁྱོད་ཟེར་ནས་རྩོད་བཞིན་པའི་ཆོས་ལུགས་འདི་དག་ ཁོང་རྣམ་པ་གཉིས་མེད་ན་མེད་པས་ཁྱབ་ཡོད། དེ་ལས་གུ་རུ་རིན་པོ་ཆེ་བོད་ལ་ཇི་ཙམ་བཞུགས་པའི་སྐོར་ལ་མི་མཐུན་པ་མང་། རོང་ཟོམ་པཎ་ཆེན་ནི་རྙིང་མའི་མཁས་གྲུབ་བྱོན་སྔ་ཤོས་ཤིག་ཡིན་ཞིང་། ཁོང་གིས་མན་ངག་ལྟ་ཕྲེང་གི་འགྲེལ་བའི་
    མཇུག་ཏུ། མན་ངག་ལྟ་ཕྲེང་ནི་གུ་རུ་རིན་པོ་ཆེ་སྲིན་པོའི་ཡུལ་དུ་ཕེབས་ཁ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཞལ་
    ཆེམས་ཀྱི་ཚུལ་དུ་ལྟ་ཕྲེང་མཛད་པར་གསུངས་པ་ལ་བལྟས་ན། གུ་རུ་རིན་པོ་ཆེ་ཁྲི་སྲོང་ལྡེའུ་བཙན་མ་གྲོངསཔའི་
    སྔོན་ལ་སྲིན་པོའི་ཡུལ་དུ་ཕེབས་པ་ཡིན་ནམ་སྙམ་པས་དཔྱད་པར་ཞུ།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme