Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྐང་བ་རྡོ་ལ་ཐོགས་པ།

Posted on 2012-08-042012-08-04 By ཁ་བརྡ་ 1 Comment on རྐང་བ་རྡོ་ལ་ཐོགས་པ།

——དམངས་གཙོའི་ཐ་སྙད་ཀྱི་རྩེད་མོ་ཞིག་གི་མྱོང་བ།
ཤིས་ཚང་ལྗང་མྱུག

ཐོད་པའི་ཁ་ཡིག་འཁྱོག་འཁྱོག་འདྲ་བས།།
ལས་ཀྱི་ལམ་བུ་བཀུག་བཀུག་རེད་འདུག །
བསམ་པའི་མཁའ་མཐའ་སྨུག་པས་བཟུང་སོང་།།
རྐང་བའི་སྣེ་མོ་རྡོ་ལ་ཐོགས་སོང་།།

བློས་གཏོང་སྤོབས་པས་མཁར་ཞིག་བཞེངས་ཏེ།།
རྩིག་རྨང་གཏོར་བའི་ཤེད་ཅིག་སྦྱངས་ཏེ།།
མི་འདོད་ན་ཟུག་སེམས་ཀྱིས་མྱོང་བཞིན།།
ས་མཐའི་འཚོ་བར་ལུས་པོ་གླན་ཡོད།།

དམངས་གཙོའི་ཐ་སྙད་རྫོབ་པོ་ཞིག་གིས།།
ཟོལ་མའི་གར་གྱི་སྟངས་སྟབས་ངོམ་སྟེ།།
ང་དང་ང་འདྲའི་འཁོས་ཆུང་མི་ལ།།
ཐལ་རྡུལ་འཚུབ་པའི་ལམ་ཞིག་བསྟན་སོང་།།

དབང་ཡོད་མིན་པའི་བཙན་ཤེད་ཅིག་གིས།།
དཔྱ་ཁྲལ་མིན་པའི་ལས་ཤིག་བཀལ་སོང་།།
ཡི་ག་མེད་པའི་སྡིངས་ཆའི་སྟེགས་ལ།།
ཤེད་དང་ཤུགས་ཀྱིས་སྐྱེལ་དོན་ཅི་ཡིན།།

ཀ་ཡིས་ཟེར་ན་གནས་ལུགས་ཡོད་འདྲ།།
ཁ་ཡིས་བརྗོད་ན་བདེན་ཚུལ་མཆིས་འདྲ།།
ངོ་ཤ་འགུལ་བའི་ཚིག་གདངས་འཇམ་པོ།།
ང་རང་བསྒྱེལ་བའི་གཤེད་མ་ཡིན་འགྲོ།

འཇོན་དང་ནུས་པའི་རྒྱུ་མཚན་བསྙད་དེ།།
སྐད་ཆ་འཇམ་པོའི་དབྱངས་ལ་དྲངས་ཏེ།།
རྐང་སྣེ་ཟིན་པའི་གླགས་དང་བསྟུན་ནས།།
མཁའ་ལ་གཡུག་བཞིན་ས་ལ་བརྡབས་སོང་།།

ཤུགས་རིང་ནར་ནར་སེམས་པ་སྐྱོ་སྐྱོ།།
སྙིང་རླུང་ལྡང་ལྡང་ཨུ་ཤུ་འཚུབ་འཚུབ།།
གློག་འབྲུག་ཐོག་གསུམ་འཁྲིགས་པའི་མཚན་མོར།།
ང་ཡི་གཉིད་ལམ་སྙི་ལས་ཤོར་འདྲ།།

མེ་ཏོག་འཐུ་བའི་སྐྱེད་ཚལ་ངོགས་ན།།
སྙེ་མ་རྒུམ་པའི་ཞིང་ཚིགས་བར་ན།།
རྐང་བ་ཐོགས་སའི་རྡོ་ཞིག་ཡོད་པ།།
བསམ་པའི་ཡུལ་དང་མཁའ་ལ་མ་དྲན།།

མ་བསགས་ལས་ལ་འཕྲད་པའི་དཔེ་མེད།།
བྱས་པའི་ལས་ཤིག་གྲོན་པའི་གཏམ་མེད།།
གང་བྱས་ལས་ལ་བཅོལ་བའི་གཤིས་དེ།།
སེམས་པ་སངས་པའི་སྨན་དུ་བསྟེན་ཡོད།།
༢༠༡༢ ལོའི་ཟླ་ ༨ ཚེས་ ༤ དགོང་མོར་རང་ཤག་ཏུ་ཡིད་མུག་མུག་ངང་བྲིས།

རྩོམ་རིག

Post navigation

Previous Post: བཙན་ཤེད་ཀྱི་ཆིངས་ཡིག་དང་རྒྱུན་ཆད་མེད་པའི་རྫུན་གཏམ།
Next Post: གབ་ཚིག་མགོ་རྙོགས་བཅུ།

Comment (1) on “རྐང་བ་རྡོ་ལ་ཐོགས་པ།”

  1. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-08-06 at 3:59 am

    བླ་རྒན་བརླ་ཤ་བདག་པོ་ཡག་པོ་རྒྱག་རོགས་་་་་་་་་་་་་མ་ཤེས་ཤེས་མདོག་མ་བྱེད་ཨ་ཁུ་གློ་ངོ་་་་་་་་་་་་གྲོང་གསེབ་གླེན་ནག་ཅིག་གིས་ཤེས་ཚོད་མ་རེད་་་་་་་་་་རང་རྒྱུད་དུག་གསུམ་ཁེངས་བའི་གླད་ལོགམགོ་མེད་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme